མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་ཞིང་གི་འཐུས་མི་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་སེང་ལ་མུ་མཐུད་དུ་བགྲོ་གླེང་བྱས་པ།


   ཟླ10པའི་ཚེས20ཉིན། རང་ཞིང་གི་འཐུས་མི་ཚོགས་པས་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་སེང་ལ་མུ་མཐུད་དུ་བགྲོ་གླེང་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་སེང་གི་དགོངས་དོན་གྱི་ངོ་བོ་དང་ཚན་རིག་གི་ནང་དོན་ལ་གཏིང་ཟབ་ཏུ་ངོས་འཛིན་བྱེད་དགོས་ན། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡིས་སྣེ་ཁྲིད་བྱས་ཏེ་དོན་དངོས་དང་སྦྲེལ་བ་དང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ། བསམ་འཆར་ཞིབ་འཇུག་དང་ལག་བསྟར་བྱེད་པ།  གོ་བ་ལོན་ཐག་ཆོད་པ་དང་མཐོང་རྒྱ་ཡངས་པ།  རིག་ལམ་གསལ་བ། བྱེད་ཐབས་གནད་དུ་འཁེལ་བ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དོན་དངོས་ཀྱི་བྱ་བ་སྒྲུབ་པའི་ཁྲོད་ནས་ལག་བསྟར་བྱེད་དགོས།  མཚོ་སྔོན་གྱི་གནས་ཚུལ་དང་འགན་འཁྲི་དམིགས་བསལ་ཅན་ཡིན་པས་ལས་བྱེད་པའི་ནུས་པ་ལའང་དམིགས་བསལ་གྱི་བླང་བྱ་ཡོད།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ཚད་མཐོན་པོ་ནས་ལས་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བའི་གནད་དོན་ལ་ངོས་འཛིན་བྱས་ཏེ།  རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་བློ་ཐག་རྦད་ཆོད་ཀྱིས་ཏང་གི་རྗེས་འབྲང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ལགས་ཀྱི་རྗེས་འབྲང་ནས་བསྐྱོད་པ་དེ་ནུས་པ་ཞིབ་བཤེར་བྱེད་པའི་ཚད་ཐིག་ཏུ་བརྩི་དགོས།  རྒྱལ་ཁབ་ཀྱི་སྲིད་ཇུས་ཧུར་བརྩོན་གྱིས་བརྩོན་ལེན་བྱེད་པ་དང་ཁ་གཏད་རོགས་སྐྱོར་སྲིད་ཇུས་བེད་སྤྱོད་གང་ཐུབ་བྱེད་པ།  རང་ཞིང་གི་འཇོན་མི་སྲིད་ཇུས་ཇེ་ལེགས་སུ་གཏོང་བ།  ནང་དུ་འདྲེན་པ་དང་ཕྱིར་བསྐྱེལ་ནས་མཁོ་བའི་འཇོན་མི་ནང་འདྲེན་བྱེད་པ་དང་སྐབས་ཡོད་ཀྱི་འཇོན་མི་བེད་སྤྱོད་བྱས་ཏེ།  མཚོ་སྔོན་གྱི་འཕེལ་རྒྱལ་ལ་སྔར་བས་མཛངས་པའི་ཀ་བ་ལྟ་བུའི་མའཇོན་མི་འདོན་སྤྲོད་བྱེད་དགོས། 

   འཐུས་མི་ཡན་ཅིན་ཧའེ་ཡིས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལས་དོན་སོ་སོ་སྔར་བྱུང་མ་མྱོང་བའི་སྣང་ཚུལ་གསར་བ་གསར་སྐྲུན་བྱས་པས་ང་ཚོར་ཡིད་ཆེས་ཚད་མེད་སྐྱེས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་རླབས་པོ་ཆེའི་སྲོག་ཤིང་གི་མགོ་ཁྲིད་བརྟན་པོ་ལས་མི་དམངས་ཀྱི་གཙོ་འཛིན་གྱི་ཉམས་འགྱུར་གསར་བ་མངོན་པས་ང་ཚོར་བརྩི་བཀུར་ཚད་མེད་ཐོབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་དུས་རབས་དང་ལྷན་སྐྱོད་ཀྱི་ནང་དོན་གསར་འགྲེལ་བཤད་བྱས་པས་ང་ཚོར་ངོས་འཛིན་གང་ལེགས་བྱས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གསར་བའི་སྟེང་དུ་བསྐྱར་དར་དང་འདུན་མ་མངོན་བསྒྱུར་གྱི་འཆར་གཞི་གསར་བ་བཀོད་པས་ང་ཚོ་ཚད་མེད་ཀྱི་ངར་བསླངས། མ་འོངས་པའི་ལོ་ངོ་ལྔ་ནི་མཚོ་སྔོན་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་སྐབས་ཡིན་ལ། “གོམ་པ་མཉམ་བགྲོད་གཅིག་དང་སྔར་བས་ལྷག་པ་བཞི

”མངོན་བསྒྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཀྱང་ཡིན།  ང་ཚོས་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་ལྟར། རང་འགུལ་གང་ལེགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བརྩིས་ཏེ། སྔར་བས་བློ་ཐག་རྦད་ཆོད་ཀྱིས“བསྒྱུར་བ་བཞི”ལ་སྐུལ་འདེད་གང་ལེགས་བྱེད་པ་དང“ཏན་ཏན་ཏིག་ཏིག”གི་བྱ་བའི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་དགོས་ཟེར།

  འཐུས་མི་ཡུས་ཚུང་ལེ་ཡིས།  བློ་མཐུན་ཞི་ཅིན་ཕིན་གྱིས་ཕུལ་བའི་སྙན་སེང་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཅོས་སྒྱུར་བྱས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཡོད། ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཅོས་སྒྱུར་བྱེད་པ་དེ་རྒྱལ་སྐྱོང་སྲིད་སྐྱོང་གི་རྩ་བའི་བྱེད་ཡིན་པར་མ་ཟད་ཁྱབ་ཁོངས་སོ་སོ་ནས་བྱེད་ཐབས་དེ་ལག་བསྟར་བྱེད་དགོས་ཟེར།  སྙན་སེང་ནང་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་བྱེད་པའི་འཆར་གཞི་ཆེན་པོ་བཀོད་ཡོད་ལ་བྱེ་བྲག་གི་དམིགས་འབེན་ཡང་བཏོན་ཡོད་པས།  ང་ཚོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཅོས་སྒྱུར་བྱེད་པའི་ནང་གི་ཆོས་ཉིད་དང་ལས་འགན་གཙོ་བོ་སྔར་བས་ཆ་ཚང་དུ་ཁོང་དུ་ཆུད་ནས། མཚོ་སྔོན་གྱི་བཅོས་སྒྱུར་བྱ་བར་སྔར་བས་སྐུལ་འདེད་བྱེད་པའི་ཁ་ཕྱོགས་བསྟན་ཞིང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པས་ཆབ་སྲིད་ཀྱི་དོན་སྙིང་དང་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་གལ་ཆེན་ལྡན།  ང་ཚོས་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་སེང་གི་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཅོས་སྒྱུར་བྱེད་པའི་སྐོར་གྱི་འཐབ་ཇུས་དང་བཀོད་སྒྲིག་ལྟར། གཞུང་ལུགས་དང་ལག་ལེན། གཙོ་གནད་དང་ཁྱོན་ཡོངས། ཐུན་མོང་རང་བཞིན་དང་མི་སྒེར་རང་བཞིན།  བཅོས་སྒྱུར་དང་བརྟན་བརླིང་བཅས་ཀྱི་འབྲེལ་བ་ཁོང་དུ་ཆུད་ནས། མཚོ་སྔོན་གྱི་བཅོས་སྒྱུར་སྣ་ཚོགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་སྒུལ་ཤུགས་དང་འཚོ་སྟོབས་བསྩལ་དགོས།  

འཐུས་མི་ཀྲང་ཝུན་ཁུའེ་དང་ཧན་དབྱི་སི་ཧྥུ།

ཀྲང་ཨའེ་ཧུང་། སུའུ་ཧྲེང་ཁྲེང་། ཁྲེན་ཡུང་ཅེ། ཧོ་ཧྲེན་ལན། ཐེང་ཞའོ་ཝེ།   

ལེན་ཡ་ལི་སོགས་ཀྱིས་ཀྱང་གཏམ་བཤད། 

ལོ་ཙཱ་བ། གཡང་སྐྱིད།