མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་བསྐྲུན་བྱེད་པ།

ཚོགས་ཆེན་གྱི་ཚོགས་ར། 

         ——བོད་ལྗོངས་འཐུས་མི་ཚོགས་པ་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་བརྙན་པར།
         2017ལོའི་ཟླ་10ཚེས་24ཉིན། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད། 
         སྐབས་འདིར། ཀྲུང་གོས་ལོ་རྒྱུས་ཀྱི་ཕྱོགས་གནས་གཏན་འཁེལ་བྱས་པ་དང་། འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་བཀོད་ཟིན་ལ། མདུན་དུ་བསྐྱོད་པའི་ཁ་ཕྱོགས་ཀྱང་ཁ་གསལ་བསྟན་པ་རེད། 
དུས་རབས་གསར་པར། དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བྱ་སྤྱོད་ཕྱོགས་སྟོན་དུ་གྱུར་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སྔར་ལས་ཡངས་ཤིང་རྒྱ་ཆེ་ལ་འོད་ཟེར་སྟོང་ལྡན་གྱི་མདུན་ལྗོངས་མངོན་པ་རེད།
         དུས་རབས་གསར་པར། རྒྱང་སྐྱོད་ཀྱི་ལམ་དུ་སྐྱོད་འགོ་ཚུགས་པ། "ལོ་བརྒྱ་གཉིས"ཀྱི་འབད་བརྩོན་དམིགས་ཡུལ་འདུས་པའི་མཚམས་འདིར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་བཅད་པ་དང་དུས་མཚུངས་སུ་ཀྲུང་གོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱའི་དམིགས་ཡུལ་གཉིས་པའི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་དུང་བརྡ་བཏང་བ་རེད། 
        དུས་རབས་གསར་པར། རླུང་བརྟེན་རླབས་གཤག་མདུན་སྐྱོད། དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་བསུ་གྲབས་ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ནམ་ཡིན་ཡང་ལྷོད་གཡེང་མི་བྱེད་པའི་བསམ་བློའི་འཁྱེར་ཕྱོགས་དང་འཇིགས་ཞུམ་མེད་པར་འབད་བརྩོན་བྱེད་པའི་ཉམས་འགྱུར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་པོ་ཆེ་བསྣམས་པའི་གྲུ་གཟིངས་ཆེན་པོའི་སྣེ་ཁྲིད་ནས་རྒྱལ་ཁ་ལེན་པའི་སྒོ་ནས་འོད་སྟོང་འབར་བའི་ཕལ་རོལ་ཏུ་སྐྱོད་ཐུབ་ངེས་རེད།