མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་བརྩེ་བའི་མཇལ་འཕྲད་གནང་བ།

ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་བརྩེ་བའི་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་དུ་པར་བླངས།

ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཀྲང་ཀའོ་ལིས། ལིས་ཀྲན་ཧྲུའུ། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཏེན་ཞེའོ་ཞང་། མཱ་ཁའེ། ཝང་ཁྲིན། ལིག་ཧི། ལིག་ཡན་ཏུང་། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཅན་གོ། ལིས་ཧུང་ཀྲུང་། ལིས་ཡོན་ཁྲའོ། དབྱང་ཅེ་ཁྲི། དབྱང་ཞོ་ཏུའུ། ཀྲང་ཡིའུ་ཞ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧྥན་ཁྲང་ལུང་། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུང་མེན། ཚའེ་ཆི། ཅང་ཙེ་མེན། ཧུའུ་ཅིན་ཐོ། ལིས་ཕུན། ཀྲུའུ་རོང་ཅི། ལིས་རོས་ཧོན། ཝུའུ་པང་གོ ཝུན་ཅན་པའོ། ཅ་ཆིན་ལིན། སུང་ཕིང་། ལིས་ལན་ཆིན། ཙིན་ཆིན་ཧུང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲུན། ཧི་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཡིའུ་ཆོན། དབྱང་ཅིན། ཏུའུ་ཆིན་ལིན། ལིའུ་ཆི་པའོ། ཀྲང་ཁྲུན་ཞན། མིན་ཅན་ཀྲུའུ། གོ་ཅིན་ལུང་། ཀྲའོ་ཧུང་ཀྲུའུ་བཅས་མཇལ་འཕྲད་ལ་ཞུགས།

མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཚོམས་ཆེན་ནང་གློག་འོད་རྣམ་པར་བཀྲ་ཞིང་དགའ་སྤྲོ་རབ་ཏུ་འཁོལ་བའི་སྣང་ཚུལ་གྱིས་ཁེངས་འདུག འཐུས་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི། ཟུར་ཞུགས་མི་སྣ་བཅས་ཉིས་སྟོང་དང་བདུན་བརྒྱ་ལྷག་ལྷན་དུ་འཛོམས་ནས། མགོ་ཁྲིད་བློ་མཐུན་རྣམས་ཕེབས་པར་སྒུག

ཕྱི་དྲོའི་དུས་ཚོད་བཞི་ཡས་མས་སུ། ཞི་ཅིན་ཕིང་སོགས་གསོལ་སྟོན་ཁང་དུ་ཕེབས་པ་དང་། ཚོགས་ར་ཡོངས་སུ་ཡུན་རིང་དུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་ཚང་མར་ལག་བརྡ་བསྟན་ནས་གུས་འདུད་ཞུས་པར་མ་ཟད། འཐུས་མིའི་མདུན་གྲལ་དུ་ཕེབས་ཏེ་བརྩེ་བའི་ཕྱག་འཇུ་གནང་བ་དང་འཚམས་འདྲི་ཞུས། འཐུས་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་སྒོས་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་ལ་གུས་འདུད་ཞུས་པ་དང་སྤྲོ་སེམས་འཁོལ་བའི་འཚམས་འདྲི་ཞུས། ཚོམས་ཆེན་ནང་དུ་ཐལ་མོའི་རྡེབ་སྒྲ་དང་སྤྲོ་དགའི་དཔལ་གྱིས་ཁེངས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་། མགོ་ཁྲིད་ཀྱི་གོ་གནས་སྟེང་ལས་བུད་པའི་བློ་མཐུན་རྒན་པ་བཅས་མཇལ་འཕྲད་ལ་ཞུགས་ཡོད།