མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

2018ལོ་ནས2021ལོའི་དབར་གྱི་དོན་ཆེན་འགའ།

ཁ་སང་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁུ་ཆིང་། ལེ་ཀྲན་ཧྲུའུ། ཝང་ཡང་། ཝང་ལོའུ་ཉེན། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་ཀྲུང་ཕྱིའི་གསར་འགོད་པར་མཇལ་འཕྲད་གནང་བ་དང་། ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་བསྟན་དོན། དུས་ཡུན་རིང་བོའི་ཧུར་བརྩོན་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་སྐབས་གསར་བར་ཞུགས་པ་དང་། དུས་སྐབས་གསར་བར་སྣང་ཚུལ་གསར་བ་དང་དེ་ལས་ཀྱང་བྱས་རྗེས་གསར་བ་འཇོག་དགོས་ཟེར།

2018ལོར་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པ།

ང་ཚོས་འདས་ཟིན་པའི་ཉམས་མྱོང་མཐའ་དག་ཕྱོགས་སྡོམ་དང་གོ་སྐབས་དམ་འཛིན་བྱས་ཏེ་མུ་མཐུད་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་སྐུལ་འདེད་དང་རྒྱལ་སྐྱོང་ནུས་པ་དེང་རབས་ཅན་དུ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་ཕྱོགས་གང་ཐད་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ཏེ་བཅོས་སྒྱུར་གྱི་ཁྱབ་ཁོངས་རྒྱ་བསྐྱེད་ཀྱིས་བཅོས་སྒྱུར་དང་སྒོ་འབྱེད་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་གཅིག་གིས་གཅིག་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་དུ་འཇུག་རྒྱུ་ཡིན་ཟེར།

2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ།

ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་སྒོས་ཀྲུང་གོའི་དཔལ་འབྱོར་མུར་འཕེལ་དང་བདེ་ཐང་གི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཞིང་། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་ཁེ་གཞན་སྤྲོད་བྱེད་པ། ང་ཚོས་མུ་མཐུད་དུ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཁྲོད་ཀྱི་གཏན་ཁེལ་བྱས་པའི་འགན་འཁྲི་སོ་སོ་དང་དེ་མིན་མ་འོངས་འཕེལ་རྒྱས་ཁྲོད་ཀྱི་འཆར་འགོད་གསར་བ། ཁྱོན་ཡོངས་ནས་འཕེལ་རྒྱས་ཁྲོད་ཀྱི་བྱ་གཞག་འདྲ་མིན་ལ་སྐུལ་འདེད་བྱས་ཏེ་ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་སྔར་ལས་སྟོབས་འབྱོར་ལྡན་ལ་སྔར་ལས་འབྱོར་ཕྱུག་ལྡན་པ་ཞིག་བྱ་དགོས་ཟེར།

2020ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ།

ང་ཚོས་ཏང་ཡོངས་དང་རྒྱལ་ཁབ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་སྒོས་དབུལ་སྐྱོར་མཁྲེགས་གཏོར་འགན་འཁྲི་ཡོངས་འགྲུབ་བྱས་ཏེ་རང་ཉིད་ཀྱིས་ཁས་བླངས་བའི་དམ་བཅའ་མངོན་འགྱུར་བྱེད་རྒྱུ། ང་ཚོས་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་ལྟོས་དེ་ཧུར་བརྩོན་བྱེད་པའི་དམིགས་འབེན་ཡིན་པ་ཡིད་ལ་བརྟན་པོར་བཟུང་ནས་མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་ཧུར་བརྩོན་སྒོས་དམངས་འཚོའི་བྱ་བ་སོ་སོར་འགན་སྲུང་དང་བཅོས་སྒྱུར་བྱེད་པ་དམ་འཛིན་གྱིས་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད། བདེ་འཇགས་སོགས་ལ་མུ་མཐུད་དུ་སྐུལ་འདེད་བྱས་ཏེ་མི་དམངས་ཚང་མ་ཕྱུག་འགྱུར་གྱི་ལམ་བུར་ཁྲིད་དགོས་ཟེར།

2021ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ།

ང་ཚོས་མུ་མཐུད་དུ་ཏང་ནང་ཁུལ་གྱི་བདེ་ཐང་མིན་པའི་རུལ་སུངས་ཀྱི་དུག་རྫས་ཚང་མར་གཙང་བཤེར་བྱས་ཏེ་ཤུགས་ཆེན་པོའི་སྒོ་ནས་སྲིད་གཙང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་གསར་སྐྲུན་གྱིས་ཏང་ཡོངས་ཀྱི་ཤུགས་དྲག་པོའི་སྟོབས་ཤུགས་བེད་སྤྱད་ནས་ཀྲུང་གོའི་འཕེལ་རྒྱས་དང་མདུན་སྐྱོད་ཀྱི་གཤོག་ཟུང་ལ་སྐུལ་འདེད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གི་གསུང་བཤད་ལས་བཏུས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།