མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲོལ་མ་ཐག་ཏུ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་དེར་མཐུད་ནས་མགྱོགས་མྱུར་ངང་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། སྲིད་གཞུང་མ་ལག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ལས་རིམ་ཁག་སོ་སོའི་དམིགས་འབེན་འོས་འགན་གཏན་འབེབས་བྱས་ཡོད་པས། གནད་འགག་ནི་དངོས་འབེབས་བྱ་བ་དམ་པོར་འཛིན་རྒྱུ་དེ་ཡིན། སྲིད་གཞུང་མ་ལག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའིབཀོད་སྒྲིག་དང་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་བཏོན་པའི་བླང་བྱ་ལྟར་དུ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་མཐིལ་ཕྱིན་པ་ལོན་ཐུབ་དགོས་པ་དང་། གནད་སའི་བྱ་བ་དམ་པོར་འཛིན་པ། འཆར་འགོད་ཡུན་རིང་འཐེན་པ་དང་དུས་ཡུན་ཐུང་ཐུང་ནང་བཀོད་སྒྲིག་བྱེད་པའི་ཐད་ཤུགས་བསྣན་ནས། བསམ་བློའི་སྙིང་སྟོབས་ཆེན་པོ་དང་དངོས་གཉེར་གྱི་བྱ་བའི་བྱེད་ཕྱོགས་བཟང་བོ་རང་རྒྱུད་ལ་བཅངས་ཏེ། གོམ་པ་གང་རེ་གང་རེ་བྱས་ཏེ་ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ཟེར། ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་དུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་ཁྱད་ཆོས་ལ་གོ་བ་མ་ནོར་བ་བླངས་པའི་དུས་མཚུངས་སུ། ད་ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བའི་དམིགས་འབེན་འགན་འཁྲི་དང་ཐབས་ཇུས་གཙོ་བོ་གསལ་བོར་བཟོ་རྒྱུ་བཅས་ནི། སྐས་རྐང་གསར་བའི་སྟེང་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས། ང་ཚོས་དཀའ་ངལ་ཁྱད་སེལ་གྱི་སྙིང་སྟོབས་བཅངས་ནས། ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། ཁྱོན་ཡོངས་ནས་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དངོས་འབེབས་བཟང་བོ་བྱེད་པའི་འགོ་རྩོམ་གྱི་ལོ་ཞིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པས། ལོ་ཧྲིལ་བོའི་བྱ་བ་བཟང་བོར་བསྒྲུབ་པར་བསམ་ཕྱོགས་དང་བྱེད་ཐབས་གང་ལེགས་འཐེན་དགོས་པར་མ་ཟད། གནད་སའི་ལས་དོན་འཛིན་པའི་སྟེང་སྟོབས་ཤུགས་གང་ཡོད་འབུལ་དགོས། གཅིག་ནས་བརྟན་འཇགས་ཀྱི་སྟེང་དུ་ཤུགས་སྣོན་དགོས་པ་དང་གཉིས་ནས་བཅོས་སྒྱུར་ལས་དོན་གནད་སར་འཛིན་དགོས། གསུམ་ནས་མཁྲེགས་གཏོར་བྱ་བར་ལྷོད་གཡེང་གཏན་ནས་བྱེད་མི་རུང་། བཞི་ནས་མི་དམངས་དུས་རྟག་པར་སེམས་ལ་འཛིན་དགོས་ཟེར།