རྩིས་འཁོར་ནང་བོད་གླུ་དང་གླུ་ཚིག་མཉམ་བགྲོད་ཡོང་ཐབས་སྐོར།

   རྒྱུན་གཏན་འཚོ་བའི་ཁྲོད་དུ་རྩིས་འཁོར་རིམ་བཞིན་ཡོངས་ཁྱབ་ཏུ་འགྲོ་བཞིན་ཡོད་པས། ང་ཚོས་ཐད་ཀར་རྩིས་འཁོར་བརྒྱུད་དེ་བོད་གླུ་སྣ་ཚོགས་ཉན་ཐུབ་ཀྱི་ཡོད། འོན་ཀྱང་། བོད་ཁམས་ཁྱོན་ལ་ཡུལ་སྐད་ཆེན་པོ་གསུམ་དང་བྱེ་བྲག་ལུང་སྐད་མང་པོ་ཡོད་སྟབས། གལ་སྲིད་གླུ་གཞས་ཉན་སྐབས་གླུ་ཚིག་དང་མཉམ་དུ་མ་བལྟས་ཚེ། དབུས་གཙང་བས་བླངས་པའི་གླུ་མདོ་སྨད་པས་མི་གོ་དང་། མདོ་སྨད་པས་བླངས་པའི་གླུ་དབུས་གཙང་བས་མི་གོ་བ་སོགས་ཤིན་ཏུ་ཐབས་རྡུགས་ཀྱི་གནས་སུ་ལྷུང་ཡོད། འོ་ན། ང་ཚོས་དཀའ་ངལ་འདི་རིགས་ཇི་ལྟར་བསལ་དགོས་སམ་ཞེ་ན། གཤམ་དུ་གླུ་གཞས་གཏོང་ཆས་ཆན་ཆན་ཅིང་ཐིང(千千静听)ཞེས་པའི་ནང་དུ་བོད་གླུ་དང་གླུ་ཚིག་གཉིས་ཇི་ལྟར་མཉམ་བགྲོད་ཡོང་ཐུབ་མིན་སྐོར་རགས་ཙམ་འཆད་པར་བྱའོ། །གོམ་པ་དང་པོ། གླུ་ཚིག་འཆར་སའི་ངོས歌词ཞེས་པར་གཡས་རྡེབ་བྱ་དགོས་པ་དང་། དེ་རྗེས་གདམ་ཐོ་འཇུག་ཤོས选项(P)དེ་གནོན་དགོས། ཞིབ་ཕྲ་གཤམ་གསལ་པར་རིས་༡ལྟར་ཡིན།

  གོམ་པ་གཉིས་པ། དེ་རྗེས་A选择ཞེས་པ་དེ་གནོན་དགོས། དེ་ནས་གཤམ་གསལ་པར་རིས་༢འདི་འཆར་ངེས། དེ་མུར་ཡིག་གཟུགས་གདམ་ཐོ་ལས་ཧི་གཟུགས་ཏེ་Microsoft Himalayaགདམ་དགོས། གལ་སྲིད་ཁྱེད་ཀྱི་རྩིས་འཁོར་ནང་ཧི་མ་ལ་ཡའི་གཏག་ཆས་མེད་ན་སྔོན་ལ་སྒྲིག་འཇུག་བྱ་དགོས། ཡིག་གཟུགས་ཆེ་ཆུང་二号འཚམ་པོ་འདུག དེ་རྗེས་གཏན་འཁེལ(确定)ཞེས་པ་དེ་གནོན་དགོས།

  གོམ་པ་གསུམ་པ། གཞས་ཚིག་འཆར་སའི་ངོས་歌词秀ཞེས་པ་དེར་གཡས་རྡེབ་བྱ་དགོས། དེ་རྗེས编辑歌词ཞེས་པ་དེ་གནོན་དགོས། དེར་མནན་རྗེས་གཤམ་གསལ་པར་རིས༣འདི་འཆར་ངེས།

  

  གོམ་པ་བཞི་པ། གོང་གི་གོམ་པ་གསུམ་པོ་འདི་དག་རྗེས་སུ་གླུ་ཚིག་དངོས་སུ་སྒྲིག་འགོ་རྩོམ་རྒྱུ་རེད། དེ་ཡང་ཞིབ་ཕྲ་གཤམ་འཁོད་པར་རིས་༤ལྟར་ཡིན་ཏེ། གླུ་ཚིག་འཆར་ངོས་སྟེང་གི་གདམ་ཐོ་ཁག་གི་སྟེང་དུ་ཙི་གུ་བཞག་ན་གདམ་ཐོ་དེའི་ནུས་པ་སྟོན་པའི་རྒྱ་ཡིག་འཆར་ངེས། དེ་ནས་གླུ་གཏོང་འགོ་བརྩམས་རྗེས་དུམ་བུ་གཅིག་ཚར་སྐབས་རྟགས་+དེ་གནོན་དགོས།(插入时间标签F9)དེ་དུས་གཡས་ངོས་སུ་དུས་ཚོད་བསྟན་པའི་ཨང་གྲངས་འཆར་ངེས། དེ་ནི་གླུ་ཚིག་དུམ་བུ་དེ་ལེན་པའི་ཐོག་མའི་དུས་ཚོད་ཡིན་ཞིང་། སྔོན་ནས་གྲ་སྒྲིག་བྱས་ཟིན་པའི་གཞས་ཚིག་དུམ་བུ་དེ་འདྲ་བཤུས་(复制)བྱས་ཏེ་དུས་ཚོད་བསྟན་པའི་ཨང་གྲངས་མཇུག་ཏུ་བཤུས་སྦྱོར་(粘贴)དགོས། དེ་རྗེས་མཐེབ་གཞོང་ཐོག་གི་Enterམནན་ནས་སྟར་པ་གཅིག་མར་ཕབ་དགོས། དེ་དག་གྲུབ་རྗེས་སླར་ཡང་གླུ་དུམ་བུ་ཞིག་གློད་དགོས་པ་དང་། དེ་ཚར་རྗེས་རྟགས་+དེ་གནོན་པ་དང་ཆབས་ཅིག་དུམ་བུ་དེའི་གཞས་ཚིག་ཀྱང་ཨང་ཀིའི་མཇུག་ཏུ་སྦྱར་དགོས། དེ་ལྟར་དུམ་བུ་རེ་རེ་བཞིན་གླུའི་མགོ་ནས་མཇུག་བར་ཉན་ཚར་བ་དང་། དེ་བསྟུན་གཞས་ཚིག་ཀྱང་ཆ་ཚང་བར་བསྒྲིགས་ཚར་རྗེས་སྟར་པ་དང་པོའི་གདམ་ཐོ་ཨང་གསུམ་པ་ཉར་གསོག་(保存)ཅེས་པ་དེ་གནོན་དགོས།

 

  གོམ་པ་ལྔ་པ། ཉར་གསོག་མནན་རྗེས་གོང་དུ་སྒྲིག་བཟོ་བྱས་པའི་གླུ་ཚིག་འདི་དག་ཉར་གསོག་བྱ་ཡུལ་འཆར་ངེས་ཏེ། གསལ་འདེབས་བྱ་རྒྱུར། གཞས་ཚིག་གི་ཡིག་ཆ་དེ་ངེས་པར་དུ་གླུ་གཏོང་ཆས་ཆན་ཆན་ཅིང་ཐིང་གི་ཡིག་ཆ་དག་ཉར་གསོག་བྱས་པའི་སྲ་སྡེར་༼ སྤྱིར་སྲ་སྡེར་ཀ་པའམ་Cཞེས་པ་དེ་ཡིན། ༽གྱི་ཡིག་ཁུག་ProgramFilesནང་གི་ཡིག་ཁུག་TTPlayerདང་། དེའི་ནང་གི་ཡིག་ཁུག་Lyricsཞེས་པའི་ནང་དུ་འཇོག་དགོས། སྤྱིར་དཀར་ཆག་གཤམ་གསལ་ལྟར་ཡིན་ཏེ། C:ProgramFilesTTPlayerLyrics གལ་སྲིད་ཡིག་ཁུག་TTPlayerནང་དུ་ཡིག་ཁུག Lyricsམེད་ཚེ། གཤམ་གསལ་དཀར་ཆག་གི་(C:ProgramFilesTTPlayer)འོག་ཏུ་ཡིག་ཁུག་གསར་པ་མིང་ལ་Lyricsཞེས་པ་ཞིག་བཟོ་དགོས། དེ་ལྟར་བྱུང་ན་སྒྲིག་བཟོ་བྱས་པའི་གཞས་ཚིག་དེ་དག་དཀར་ཆག་དེའི་འོག་གི་ཡིག་ཁུག་Lyricsཞེས་པའི་ནང་ཉར་གསོག་བྱ་ཆོག་པའི་དགེ་མཚན་ལྡན། དེ་དག་ལེགས་པར་གྲུབ་རྗེས་སྟར་པ་དང་པོའི་གདམ་ཐོ་ཨང་དང་པོ་返回歌词秀ཞེས་པ་དེ་གནོན་དགོས་པ་ཡིན། གོང་གི་གོམ་སྟབས་དག་བརྒྱུད་རྗེས་གླུ་ཚིག་གཅིག་ཡོངས་སུ་སྒྲིག་བཟོ་ཚར་བ་ཡིན། དེ་ནས་གླུ་བཏང་སྟེ་གླུ་དང་གླུ་ཚིག་གཉིས་པོ་གོམ་པ་མཉམ་བགྲོད་ཡིན་མིན་བལྟ་ཆོག གལ་སྲིད་མཉམ་བགྲོད་མིན་ཚེ་གོང་གི་གོམ་སྟབས་ལྟར་བསྐྱར་བཟོ་བྱས་ཆོག ཡག་ཤོས་བྱུང་ན་རང་ཉིད་ཀྱིས་ལག་ལེན་མང་ཙམ་བལྟར་དགོས། གཙོ་བོ་ནི་དུས་ཚོད་ལ་རག་ལས་ཡོད།(插入时间标签F9)གལ་སྲིད་གླུ་མགྱོགས་དྲགས་པ་དང་འགོར་དྲགས་པ་ཡོད་ཚེ། དེ་བསྟུན་དུས་ཚོད་ལ་འགྱུར་ལྡོག་བཏང་ན་གླུ་དང་གླུ་ཚིག་གཉིས་དུས་ཚོད་གཅིག་ཏུ་མཉམ་བགྲོད་བྱེད་ཐུབ་པ་བཟོ་ཐུབ། ༼རྨུ་ཐག་དེབ་བཞི་པ་ལས་བཏུས།༽