སྒང་བ་བོད་ཀྱི་ཆེས་ཐོག་མའི་དྲ་མཛོད་ཆེན་མོ་དངོས་སུ་ཤར་གཏོང་བྱས་པ།

 
      མིག་སྔར། ནོར་བཟང་ཚན་རྩལ་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱིས་ལོ་ངོ་གཅིག་ལྷག་གི་འབད་བརྩོན་བྱས་པ་བརྒྱུད། སྒང་བ་བོད་ཀྱི་ཆེས་ཐོག་མའི་དྲ་མཛོད་ཆེན་མོའམ་༼ ལམ་སྟོན་དྲ་བ་ ༽དངོས་སུ་གཟིགས་མཁན་ཀུན་གྱི་སྤྱན་ལམ་དུ་ཕུལ་ཡོད་འདུག དྲ་ངོས་འདིར་ད་ཡོད་བོད་ཀྱི་དྲ་ཚིགས་བདུན་ཅུ་ལྷག་འདུས་ཤིང་། དྲ་ངོས་རིགས་དབྱེ་ལ་རྩོམ་རིག་དང་འཕྲོད་བསྟེན། ཟིན་བྲིས། དཔེ་དེབ། གཞུང་དྲ། ནང་ཆོས། མི་སྒེར། ཆ་འཕྲིན། མཉེན་ཆས། ཁེ་ལས། གློག་བརྙན། རོལ་དབྱངས་སོགས་འདུས་པ་མ་ཟད། སློབ་གླིང་དང་ཚགས་པར། དུས་དེབ་ཀྱི་དྲ་ཚིགས་སོགས་ཀྱང་ཡོད་པས། རྒྱ་ཆེའི་གཟིགས་མཁན་རྣམས་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་རེད།