Advanced ཚད་མཐོའི་སྒྲིག་སྦྱོར།

 གཤམ་གྱི་རེའུ་མིག་དེ་ནི། BIOS གྱི་དཀྱིལ་སྙིང་ལྟ་བུ་ཡིན་པས་ཆ་རྒྱུས་མེད་པའི་གྲོགས་པོ་ཚོས་ངེས་པར་དུ་གཟབ་ནན་གལ་ཆེན་བྱེད་དགོས་སྟེ། དེ་ནི་ཐད་ཀར་རྩིས་འཁོར་གྱི་བདེ་འཇགས་དང་བརྟན་གཤིས། སྲ་ཆས་ཀྱི་བདེ་འཇགས་བཅས་ལ་འབྲེལ་བ་ཡོད་པས་ཅི་འདོད་ལྟར་སྒྲིག་སྦྱོར་བྱེད་མི་རུང་། དེས་ན་རེའུ་མིག་དེའི་ཡིག་ཕྲེང་དང་པོ་ནི JumPerFreeCONfiguratiON ཞེས་པ་དེ་ཡིན་ལ། དེ་ནི CPU གྱི་གནད་དོན་སྒྲིག་སྦྱོར་བྱེད་གནས་གཙོ་བོ་ཡིན། འདིརགསལ་བཤད་བྱེད་རྒྱུ་ཞིག་ལ་བཟོ་གྲྭ་མི་འདྲ་བའི་དབང་གིས་རྩིས་འཁོར་སོ་སོའི་གཙོ་སྒམ་ཡང་མི་འདྲ་ལ། རྩིས་འཁོར་ལ་ལར་ཡིག་ཕྲེང་དེ་མེད་ཀྱང་སྲིད།