ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་འགོག་བཅོས་བཅའ་ཁྲིམས།

  ༄༅། །ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་འགོག་བཅོས་བཅའ་ཁྲིམས།

  ལེའུ་དང་པོ། སྤྱིའི་རྩ་འཛིན།

  དོན་ཚན་དང་པོ། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལས་དོན་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་། ཚོད་འཛིན། མེད་པ་བཅས་བྱས་ནས་གསོ་ཚགས་ལས་རིགས་བརྟན་པོའི་ངང་ནས་གོང་འཕེལ་གཏོང་རྒྱུ་དང། མིའི་ལུས་ཁམས་ཀྱི་བདེ་ཐང་ལང་སྲུང་སྐྱོབ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་ཕྱིར་བཅའ་ཁྲིམས་འདི་གཏན་འཁེལ་བྱས་པ་ཡིན།

  དོན་ཚན་གཉིས་པ། བཅའ་ཁྲིམས་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་དེ་བཞིན་ལྟ་སྐུལ་དོ་དམ་བྱེད་སྒོའི་ནང་སྤྱད་ན་འཚམ།

  རྒྱལ་མཚམས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་ཀྱི་རིམས་ནད་སྔོན་འགོག་བྱེད་པརォཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྐྱེ་དངོས་དང་སྲོག་ཆགས་རིམས་ནད་བརྟག་ཞིབ་བཅའ་ཁྲིམསサསྤྱད་ན་འཚམ།

  དོན་ཚན་གསུམ་པ། བཅའ་ཁྲིམས་འདིའི་ནང་བརྗོད་པའི་སྲོག་ཆགས་ནི་སྒོ་ཕྱུགས་ཁྱིམ་བྱ་དང་། མིས་གསོ་ཚགས་བྱས་པ། ཁྲིམས་མཐུན་ངང་ནས་འཛིན་བཟུང་བྱས་པའི་སྲོག་ཆགས་གཞན་བཅས་ལ་ཟེར།

  བཅའ་ཁྲིམས་འདིའི་ནང་བརྗོད་པའི་སྲོག་ཆགས་ཀྱི་ཐོན་རྫས་ནི་སྲོག་ཆགས་ཀྱི་ཤ་དང་། པགས་རིགས། སྤུ། ནང་ཁྲོལ། ཚིལ། ཁྲག ཁམས་དཀར། སྒོ་ང་། སྦྲུམ་རྟེན། རུས་པ། སུག་ཏི། མགོ རྭ་ཅོ། རྒྱུས་པ་བཅས་དང་དེ་བཞིན་སྲོག་ཆགས་ཀྱི་རིམས་ནད་མཆེད་སྲིད་པའི་འོ་མ་དང་སྒོ་ང་སོགས་ལ་ཟེར།

  བཅའ་ཁྲིམས་འདིའི་ནང་བརྗོད་པའི་སྲོག་ཆགས་ཀྱི་རིམས་ནད་ནི་སྲོག་ཆགས་ཀྱི་འགོ་ནད་དང་གཞན་རྟེན་སྲིན་འབུའི་ནད་ལ་ཟེར།

  བཅའ་ཁྲིམས་འདིའི་ནང་བརྗོད་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ནི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་། ཚོད་འཛིན། མེད་པར་བྱེད་པ་བཅས་དང་སྲོག་ཆགས་དང་སྲོག་ཆགས་ཐོན་རྫས་ཀྱི་རིམས་ནད་བརྟག་ཞིབ་ལ་ཟེར།

  དོན་ཚན་བཞི་བ། སྲོག་ཆགས་ཀྱི་རིམས་ནད་ཀྱིས་གསོ་ཚགས་ལས་རིགས་ཀྱི་ཐོན་སྐྱེད་དང་མི་ལུས་བདེ་ཐང་ལ་གནོད་འཚེ་སྐྱེལ་བའི་ཚད་གཞིར་གཞིགས་ཏེ་བཅའ་ཁྲིམས་འདིའི་ནང་དོ་དམ་བྱེད་པའི་སྲོག་ཆགས་ཀྱི་རིམས་ནད་གཤམ་གསལ་རིགས་གསུམ་ལ་དབྱེ་བ་སྟེ།

  (དང་པོ)རིམས་ནད་རིགས་དང་པོ། དེ་ནི་མི་དང་སྲོག་ཆགས་ལ་གནོད་འཚེ་ཚབས་ཆེན་བསྐྱལ་སྲིད་པས་བཙན་ཤེད་ངང་ནས་སྔོན་འགོག་དང་། ཚོད་འཛིན། མེད་པར་བྱེད་པ་བཅས་ཀྱི་བྱ་ཐབས་ཛ་དྲག་དང་ནན་པོ་སྤྱོད་དགོས་པར་ཟེར།

  (གཉིས་པ)རིམས་ནད་རིགས་གཉིས་པ། དེ་ནི་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་སྐྱེལ་སྲིད་པ་དང་ཚོད་འཛིན་དང་མེད་པར་བྱེད་པ་སོགས་ཀྱི་བྱ་ཐབས་ནན་པོ་བཟུང་ནས་མཆེད་རྒྱུ་སྔོན་འགོག་བྱེད་དགོས་པར་ཟེར།

  (གསུམ་པ)རིམས་ནད་རིགས་གསུམ་པ། དེ་ནི་རྒྱུན་དུ་ཐོན་མང་བ་དང་དཔལ་འབྱོར་གྱོང་གུན་ཆེན་པོ་སྐྱེལ་སྲིད་པ་དང་ཚོད་འཛིན་དང་གཙང་མར་བྱེད་དགོས་པའི་རིམས་ནད་ལ་ཟེར།

  གོང་གསལ་ནང་གསེས་ནང་གི་སྲོག་ཆགས་ཀྱི་རིམས་ནད་རིགས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ཞིབ་ཕྲའི་ནད་རིགས་ཀྱི་མིང་ཐོ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་བཅོས་སྨན་པའི་གཙོ་གཉེར་སྡེ་ཚན་གྱིས་གཏན་འཁེལ་བྱ་བར་མ་ཟད་ཁྱབ་བསྒྲགས་བྱ་རྒྱུ་རེད།

  དོན་ཚན་ལྔ་བ། རྒྱལ་ཁབ་ཀྱིས་སྲོག་ཆགས་ཀྱི་རིམས་ནད་ལ་སྔོན་འགོག་བྱེད་པ་གཙོ་གནད་དུ་འཛིན་པའི་བྱ་ཐབས་སྤྱོད་རྒྱུ་རེད།

  དོན་ཚན་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ངེས་པར་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལས་དོན་ལ་གཅིག་གྱུར་གྱིས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་དཔུང་ཁག་ལ་ཤུགས་སྣོན་རྒྱག་པ། སྲོག་ཆགས་ཀྱི་རིམས་ནད་ལ་སྔོན་འགོག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ཀྱི་འཆར་འགོད་གཏན་ཁེལ་བྱེད་པར་མ་ཟད་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་བཅས་བྱེད་དགོས།

  ཡུལ་ཚོ་རིམ་པའི་མི་དམངས་སྲིད་གཞུང་དང་གྲོང་ཁྱེར་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་མང་ཚོགས་སྒྲིག་འཛུགས་ཀྱིས་དོ་དམ་བྱ་ཁུལ་ས་ཁོངས་དེ་གའི་ནང་གི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བྱ་རྒྱུར་གཞོགས་འདེགས་བྱེད་དགོས།

  དོན་ཚན་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་སྲོག་ཆགས་རིམས་ནད་སྔོན་འགོག་ལས་དོན་ལ་གཙོ་བོ་དོ་དམ་བྱེད་དགོས།

  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྲོག་ཆགས་རིམས་ནད་སྔོན་འགོག་ལས་དོན་ལ་གཙོ་བོ་དོ་དམ་བྱེད་དགོས།

  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡེ་ཚན་གཞན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས།

  དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་སྲོག་ཆགས་ཀྱི་འཕྲོད་བསྟེན་ལྟ་སྐུལ་འགན་ནུས་སྡེ་ཚན་ཁག་སོ་སོས་དམག་དཔུང་དང་དྲག་ཆས་ཉེན་རྟོག་དམས་དཔུང་གིས་བཀོལ་སྤྱོད་བྱེད་པའི་སྲོག་ཆགས་དང་གསོ་ཚགས་བྱེད་པའི་རང་སྤྱོད་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལས་དོན་སྒྲུབ་རྒྱུའི་འགན་འཁུར་དགོས།

  དོན་ཚན་བརྒྱད་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བཙུགས་པའི་སྲོག་ཆགས་ཀྱི་འཕྲོག་བསྟེན་ལྟ་སྐུལ་སྒྲིག་གཞིས་བཅའ་ཁྲིམས་འདིའི་གཏན་འབེབས་གཞིར་བཞག་ཐོག་སྲོག་ཆགས་དང་སྲོག་ཆགས་ཐོན་རྫས་ཀྱི་རིམས་ནད་བརྟག་ཞིབ་ལས་དོན་དང་སྲོག་ཆགས་ཀྱི་རིམས་ནད་ལྟ་སྐུལ་དོ་དམ་དང་འབྲེལ་ཡོད་ཀྱི་ཁྲིམས་བསྟར་ལས་དོན་གཞན་བསྒྲུབ་རྒྱུའི་འགན་འཁུར་དགོས།

  དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་གཞིར་བཟུང་སྟེ་གཅིག་གྱུར་འཆར་འགོད་དང་བཀོད་པ་ལུགས་མཐུན། ཕྱོགས་བསྡུས་བཀོད་སྒྲིག་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་བཙུགས་ནས་སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་ཚད་ལེན། ནད་དཔྱད། ནད་ཡམས་རིག་པའི་རྟག་ཞིབ། རིམས་ནད་སྙན་ཞུ་དང་དེ་བཞིན་སྔོན་འགོག་དང་ཚོད་འཛིན་གཞན་སོགས་ཀྱི་ལག་རྩལ་ལས་དོན་སྤེལ་བའི་འགན་འཁུར་དགོས།

  དོན་ཚན་བཅུ་བ། རྒྱལ་ཁབ་སྲོགས་ཆགས་ཀྱི་རིམས་ནད་ལ་ཚན་རིག་ཞིབ་འཇུག་དང་དེ་བཞིན་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་བྱེད་པ་དང་སྔོན་ཐོན་དང་ཉེར་སྤྱོད་ཀྱི་ཚན་རིག་ཞིབ་འཇུག་གྲུབ་འབྲས་ཁྱབ་སྤེལ་གཏོང་བ། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་ལ་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ནས་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཚན་རིག་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

  དོན་ཚན་བཅུ་གཅིག་པ། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ལས་དོན་དང་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་ཚན་རིག་ཞིབ་འཇུག་བྱེད་པའི་ནང་གྲུབ་འབྲས་ཐོན་པ་དང་ལེགས་སྐྱེས་འབུལ་མཁན་ཚན་པ་དང་མི་སྒེར་ལ་རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

  ལེའུ་གཉིས་པ། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག

  དོན་ཚན་བཅུ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་བྱེད་པའི་གཙོ་གཉེང་སྡེ་ཚན་གྱིས་སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་གྱི་ཉེན་ཁར་དཔྱད་དཔོག་བྱེད་པ་དང་། དཔྱད་དཔོག་བྱེད་པའི་འབྲས་བུ་གཞིར་བཟུང་ནས་དེ་མཚུངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་གཏན་འཁེལ་བྱེད་དགོས།

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་རྒྱལ་ཁབ་ཕྱི་ནང་གི་སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་དང་གསོ་ཚགས་ལས་རིགས་ཀྱི་ཐོན་སྐྱེད་དང་མི་ལུས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་དགོས་མཁོ་གཞིར་བཟུང་སྟེ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལག་རྩལ་གྱི་སྒྲིག་སྲོལ་དུའ་ཐོག་ཏུ་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་དགོས།

  དོན་ཚན་བཅུ་གསུམ་པ། གསོ་ཚགས་ལས་རིགས་ཀྱི་ཐོན་སྐྱེད་དང་མི་ལུས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་སྐྱེལ་སྲིད་པའི་སྲོག་ཆགས་ཀྱི་རིམས་ནད་ལ་རྒྱལ་ཁབ་ཀྱིས་བཙན་ཤེད་ཀྱི་སྒོ་ནས་འགོ་ནད་ཐར་བའི་སྨན་ཁབ་རྒྱག་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་བཙན་ཤེད་སྒོ་ནས་འགོས་ནད་ཐར་བའི་སྨན་ཁབ་རྒྱག་པའི་འཆར་གཞི་གཏན་འཁེལ་བྱེད་དགོས།

  ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཕྱིགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་ནད་ལ་བཙན་ཤེད་ཀྱི་སྒོ་ནས་འགོ་ནད་ཐར་བའི་སྨན་ཁབ་རྒྱག་པའི་འཆར་གཞི་ལྟར་སྲིད་འཛིན་ས་ཁོངས་དེ་གའི་ནང་བཙན་ཤེད་ངང་ནས་འགོ་ནད་ཐར་བའི་སྨན་ཁབ་རྒྱག་པའི་འཆར་གཞི་འགོད་དགོས་པར་མ་ཟད་སྲིད་འཛིན་ས་ཁོངས་དེ་གའི་ནང་སྲོག་ཆགས་ཀྱི་རིམས་ནད་མཆེད་ཚུལ་གཞིར་བཟུང་ནས་བཙན་ཤེད་ཀྱི་སྒོ་ནས་འགོ་ནད་ཐར་བའི་སྨན་ཁབ་རྒྱག་པའི་སྲོག་ཆགས་ཀྱི་རིམས་ནད་ཀྱི་ནད་རིགས་དང་ས་ཁོངས་ཁ་སྣོན་བྱེད་ཆོག་པར་མ་ཟད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་ལ་སྙན་ཞུ་ཕུལ་ནས་ཐོ་འགོད་དགོས།

  དོན་ཚན་བཅུ་བཞི་བ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཕྱུགས་ནད་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་སྲོག་ཆགས་ཀྱི་རིམས་ནད་ལ་བཙན་ཤེད་ངང་ནས་འགོ་ནད་ཐར་བའི་སྨན་ཁབ་རྒྱག་པའི་འཆར་གཞི་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས། ཡུལ་ཚོ་རིམ་པའི་མི་དམངས་སྲིད་གཞུང་དང་གྲོང་ཁྱེར་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་མངའ་འོག་ས་ཁོངས་ནང་གི་སྲོག་ཆགས་གསོ་ཚགས་བྱེད་མཁན་ཚན་པ་དང་མི་སྒེར་སྒྲིག་འཛུགས་བྱས་ཏེ་བཙན་ཤེད་ངང་ནས་འགོ་ནད་ཐར་བའི་སྨན་ཁབ་རྒྱག་པའི་ལས་དོན་ངེས་པར་ཡག་པོ་སྤེལ་དགོས།

  སྲོག་ཆགས་གསོ་ཚགས་བྱེད་མཁན་ཚན་པ་དང་མི་སྒེར་གྱིས་ཁྲིམས་ལྟར་སྲོག་ཆགས་རིམས་ནད་ལ་བཙན་ཤེད་ངང་ནས་འགོ་ནད་ཐར་བའི་སྨན་ཁབ་རྒྱག་པའི་འོས་འགན་ངེས་པར་སྒྲུབ་པ་དང་ཕྱུགས་ནད་ཕྱིགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱི་བླང་བྱ་གཞིར་བཟུང་ནས་བཙན་ཤེད་ངང་ནས་འགོ་ནད་ཐར་བའི་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོ་སྤེལ་དགོས།

  བཙན་ཤེད་ངང་ནས་སྨན་ཁབ་རྒྱབ་པའི་སྲོག་ཆགས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱི་གཏན་འབེབས་གཞིར་བཟུང་སྟེ་ངེས་པར་འགོ་ནད་ཐར་བའི་སྨན་ཁབ་བརྒྱབ་པའི་ཡིག་ཚགས་བསྐྲུན་པ་དང་ཕྱུགས་དང་བྱའི་མཚོན་རྟགས་བཀོད་ནས་ཁུངས་འདེད་གཏོང་ཆོག་པའི་དོ་དམ་ལག་བསྟར་བྱེད་དགོས།

  དོན་ཚན་བཅོ་ལྔ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲོག་ཆགས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་འཆར་གཞི་འགོད་དགོས། ཞིང་ཆེན་དང་། རང་སྐྱོངས་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་སྲོག་ཆགས་རིམས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བྱེད་དགོས།

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཙན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་ཀྱི་ལྟ་ཞིབ་ཚད་ལེན་འཆར་གཞི་འགོད་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་ཀྱི་ལྟ་ཞིབ་ཚད་ལེན་འཆར་གཞི་ལྟར་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྲོག་ཆགས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་འཆར་གཞི་འགོད་དགོས།

  སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱིགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱི་གཏན་འབེབས་ལྟར་སྲོག་ཆགས་ཀྱི་རིམས་ནད་ཐོན་པ་དང་མཆེད་པ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། སྲོག་ཆགས་གསོ་ཚགས་དང་། བཤས་སྤྱོད། ཚོང་གཉེར། འགེར་སྡོམ། སྐྱེལ་འདྲེན་དང་དེ་བཞིན་སྲོག་ཆགས་ཀྱི་ཐོན་རྫས་ཐོན་སྐྱེད། ཚོང་གཉེར། ལས་སྣོན། ཉར་ཚགས་སོགས་ཀྱི་བྱེད་སྒོ་སྤེལ་མཁན་ཚན་པ་དང་མི་སྒེར་གྱིས་དེ་དང་ལེན་མི་བྱེད་པའམ་ཡང་ན་འགོག་རྐྱེན་བཟོ་མི་ཆོག

  དོན་ཚན་བཅུ་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་དང་ཞིང་ཆེན། རང་སྐྱོངས་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་སྲོག་ཆགས་ཀྱི་རིམས་ནད་ཐོན་པ་དང་མཆེད་ཚུལ་ལ་སྔོན་དཔག་བྱས་པ་གཞིར་བཟུང་ནས་ངེས་པར་དུ་སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་གྱི་སྔོན་ཚུད་ཉེན་བརྡ་དུས་ཐོག་ཏུ་གཏོང་དགོས། ས་གནས་རིམ་ཁག་སྲིད་གཞུང་གིས་སྲོག་ཆགས་རིམས་ནད་གནས་ཚུལ་གྱི་སྔོན་ཚུད་ཉེན་བརྡ་འབྱོར་རྗེས་དེ་མཚུངས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ངེས་པར་སྦྱོད་དགོས།

  དོན་ཚན་བཅུ་བདུན་པ། སྲོག་ཆགས་གསོ་ཚགས་དང་བཤས་སྤྱོད། ཚོང་གཉེར། འགེར་སྡོམ། སྐྱེལ་འདྲེན་དང་དེ་བཞིན་སྲོག་ཆགས་ཀྱི་ཐོན་རྫས་ཐོན་སྐྱེད་དང་། ཚོང་གཉེར། ལས་སྣོན། ཉར་ཚགས་སོགས་ཀྱི་བྱེད་སྒོ་སྤེལ་མཁན་ཚན་པ་དང་མི་སྒེར་གྱིས་བཅའ་ཁྲིམས་འདི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱི་གཏན་འབེབས་ལྟར་འགོ་ནད་ཐར་བའི་སྨན་ཁབ་རྒྱག་པ་དང་དུག་སེལ་སོགས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལས་ཀ་ཡག་པོར་བྱེད་དགོས།

  དོན་ཚན་བཅོ་བརྒྱད་པ། སོན་བྱེད་དང་འོ་སྤྱོད་སྲོག་ཆགས་དང་གཅེས་ཉར་སྲོག་ཆགས་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་བདེ་ཐང་གི་ཚད་གཞི་དང་ངེས་པར་མཐུན་པར་བྱེད་དགོས།

  སོན་བྱེད་དང་འོ་སྤྱོད་སྲོག་ཆགས་ལ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་དུས་ཚོད་གཏན་འཁེལ་གྱི་བརྟག་ཞིབ་ཚད་ལེན་ངེས་པར་བྱེད་དགོས། བརྟག་ཞིབ་ཚད་ལེན་བྱས་ནས་ཚད་མ་ལོན་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱི་གཏན་འབེབས་གཞིར་བཟུང་སྟེ་ངེས་པར་ཐག་གཅོད་བྱེད་དགོས།

  དོན་ཚན་བཅུ་དགུ་བ། སྲོག་ཆགས་གསོ་ཚགས་ར་བ་(གསོ་ཚགས་ཁུལ་ཆུང)དང་།འགེར་སྡོམ་ལོགས་འཇོག་བྱ་ཡུལ། སྲོག་ཆགས་བཤས་ཏེ་ལས་སྣོན་བྱ་ཡུལ། དེ་བཞིན་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་ཅན་དུ་ཐག་གཅོད་བྱ་ཡུལ་བཅས་གཤམ་གསལ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཆ་རྐྱེན་དང་ངེས་པར་འཚམ་པ་བྱེད་དགོས་པ་སྟེ།

  (དང་པོ) ལས་ཡུལ་གནས་ས་དང་ཡུལ་མིའི་འཚོ་བའི་ཁུལ་དང་། འཚོ་བར་སྐྱོང་པའི་ཆུ་ཁུངས། སློབ་གྲྭ སྨན་ཁང་སོགས་སྤྱི་པའི་གནས་ཡུལ་བར་གྱི་རྒྱང་ཐག་ཆོད་ཚད་དེ་རྒྱལ་སྲིད་སྤྱི་ཁྱང་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་ཚད་གཞི་དང་མཐུན་པ།

  (གཉིས་པ)ཐོན་སྐྱེད་བྱ་ཁུལ་ལོགས་སུ་བཀོད་སྒྲིག་དང་། ལས་གྲྭའི་ཇུས་འགོད་དང་བཟོ་རྩལ་གྱི་བཟོ་རིམ་བཅས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་བླང་བྱ་དང་མཐུན་པ།

  (གསུམ་པ)དེ་ལ་དེ་མཚུངས་ཀྱི་འབག་ཆུ་དང་། འབག་དངོས། ན་ནས་ཤི་བ་དང་འགོ་ནད་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་བཅས་གནོད་མེད་བྱེད་པའི་སྒྲིག་ཆས་ཡོ་བྱད་དང་གཙང་འཁྲུད་དུག་སེལ་གྱི་སྒྲིག་ཆས་ཡོ་བྱད་ཡོད་པ།

  (བཞི་བ) དེར་ཞབས་འདེགས་ཞུ་བའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་མཁན་ལག་རྩལ་མི་སྣ་ཡོད་པ།

  (ལྔ་བ) འཐུས་སྒོ་ཚང་བའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལམ་ལུགས་ཡོད་པ།

  (དྲུག་པ) རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་ཆ་རྐྱེན་གཞན་ཚང་བ་བཅས་སོ།

  དོན་ཚན་ཉི་ཤུ་བ། སྲོག་ཆགས་གསོ་ཚགས་ར་བ(གསོ་ཚགས་ཁུལ་ཆུང) དང་། འགེར་སྡོམ་ལོགས་འཇོག་བྱ་ཡུལ། སྲོག་ཆགས་བཤས་ཏེ་ལས་སྣོན་བྱ་ཡུལ། དེ་བཞིན་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་ཅན་དུ་ཐག་གཅོད་བྱ་ཡུལ་བཅས་གཉེར་བར་ངེས་པར་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་ལ་སྙན་ཞུ་འབུལ་དགོས་པར་མ་ཟད་འབྲེལ་ཡོད་ཡིག་ཆ་སྦྲེལ་དགོས། སྙན་ཞུ་བདག་སྤྲོད་བྱེད་མཁན་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་བཅའ་ཁྲིམས་འདི་དངォཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆོག་འཐུས་བཅའ་ཁྲིམསサཀྱི་གཏན་འབེབས་ལྟར་ཞིབ་དཔྱད་བྱེད་པ་དང་ཞིབ་དཔྱད་བྱས་ནས་ཚད་ལོན་པར་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་ཆ་རྐྱེན་ཚད་ལོན་ལག་ཁྱེར་སྤྲོད་པ་དང་། ཚད་མ་ལོན་པར་རེ་ཞུ་བྱེད་མཁན་ལ་ངེས་པར་བརྡ་ཐོ་གཏོང་བར་མ་ཟད་རྒྱུ་མཚན་འཆད་དགོས། བཟོ་ཚོང་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་དགོས་པར་རེ་ཞུ་བྱེད་མཁན་གྱིས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཆ་རྐྱེན་ཚང་བའི་ལག་ཁྱེར་ལ་བརྟེན་ནས་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ལ་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་རྒྱུའི་སྙན་ཞུ་འབུལ་དགོས།

  སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་ཆ་རྐྱེན་ཚང་བའི་ལག་ཁྱེར་ནང་ངེས་པར་སྙན་ཞུ་འབུལ་མཁན་གྱི་མིང་དང་ལས་ཡུལ(བཟོ་གྲྭ)སོགས་ཀྱི་ནང་དོན་གསལ་པོ་འགོད་དགོས།

  སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་ཚོང་འདུས་ཉོ་འཚོང་ཁྲོམ་རར་གཉེར་སྐྱོང་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཆ་རྐྱེན་ཚང་བར་མ་ཟད། སྲོག་ཆགས་ཀྱི་འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞིའི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་དགོས།

  དོན་ཚན་ཉེར་གཅིག་པ། སྲོག་ཆགས་དང་སྲོག་ཆགས་ཐོན་རྫས་སྐྱེལ་འདྲེན་ཡོ་བྱད་དང་། འདིང་སྟན་དང་ཕྱི་ཐུམ། སྣོད་ཆས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་བླང་བྱ་དང་ངེས་པར་འཚམ་པ་བྱེད་དགོས།

  རིམས་ནད་འགོས་པའི་སྲོག་ཆགས་དང་དེའི་དོར་དངོས་གཅིན་ལུད་སོགས་དང་། རིམས་ནད་འགོས་པའི་སྲོག་ཆགས་ཀྱི་ཐོན་རྫས། ན་ནས་ཤི་བ་དང་ཤི་རྐྱེན་མི་གསལ་བའི་སྲོག་ཆགས་ཀྱི་རོ། སྐྱེལ་འདྲེན་ཡོ་བྱད་ནང་གི་སྲོག་ཆགས་ཀྱི་གཅིན་ལུད་སོགས་དང་དེ་བཞིན་འདིང་སྟན་དང་། ཕྱི་ཐུམ། སྣོད་ཆས་སོགས་འབག་བཙོག་དངོས་པོ་དེ་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱེད་པ་ལས་རང་དགར་ཐག་གཅོད་བྱེད་མི་ཆོག

  དོན་ཚན་ཉེར་གཉིས་པ། སྲོག་ཆགས་ཀྱི་ནད་རྒྱུའམ་ཡང་ན་ནད་གཞིའི་སྐྱེ་དངོས་ཕྲ་རབ་འཚོལ་སྡུད་དང་། ཉར་ཚགས། སྐྱེལ་འདྲེན་བཅས་བྱེད་པ་དང་དེ་བཞིན་ནད་གཞིའི་སྐྱེས་དངོས་ཕྲ་རབ་ལ་ཞིབ་འཇུག་དང་། སློབ་ཁྲིད། བརྟག་དཔྱད་ཚད་ལེན། ནད་དཔྱད་སོགས་ཀྱི་བྱེད་སྒོ་སྤེལ་བར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ནད་གཞིའི་སྐྱེ་དངོས་ཕྲ་རབ་ཚོད་ལྟ་ཁང་གི་དོ་དམ་གྱི་གཏན་འབེབས་ལ་བརྩི་སྲུང་བྱེད་དགོས།

  དོན་ཚན་ཉེར་གསུམ་པ། མི་ཕྱུགས་གཉིས་ཀའི་རིམས་ནད་ཕོག་པའི་མིས་སྲོག་ཆགས་ལ་ནད་དཔྱད་སྨན་བཅོས་དང་རིམས་ནད་ཕོག་པའི་སྲག་ཆགས་གསོ་ཚགས་དང་། བཤས་སྤྱོད། ཚོང་གཉེར། སྐྱེལ་འདྲེན་སོགས་ཀྱི་བྱེད་སྒོ་ཐད་ཀར་གཉེར་མི་ཆོག

  མི་ཕྱུགས་གཉིས་ཀའི་འགོ་ནད་ཀྱི་མིང་ཐོ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཚན་གྱིས་མཉམ་དུ་གཏན་འབེབས་བྱེད་དགོས་པར་མ་ཟད་ཁྱབ་བསྒྲགས་བྱེད་དགོས།

  དོན་ཚན་ཉེར་བཞི་བ། རྒྱལ་ཁབ་ཀྱིས་སྲོག་ཆགས་ཀྱི་རིམས་ནད་ལ་ས་ཁོངས་ཅན་གྱི་དོ་དམ་ལག་བསྟར་བྱེད་པ་དང་རིམ་བཞིན་གཏན་འཁེལ་མེད་པའི་སྲོག་ཆགས་ཀྱི་རིམས་ནད་ཁུལ་འཛུགས་རྒྱུ་ཡིན། གཏན་འཁེལ་མེད་པའི་སྲོག་ཆགས་ཀྱི་རིམས་ནད་ཁུལ་དེ་ངེས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་ཚད་གཞི་དང་མཐུན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཚན་གྱིས་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལོན་རྗེས་ཁྱབ་བསྒྲགས་བྱེད་དགོས།

  བཅའ་ཁྲིམས་འདིའི་ནང་བརྗོད་པའི་གཏན་འཁེལ་མེད་པའི་སྲོག་ཆགས་ཀྱི་རིམས་ནད་ཁུལ་ནི་རང་བྱུང་གི་སྲུང་ཡོལ་ཡོད་པའམ་ཡང་ན་མིས་བྱ་ཐབས་སྤེལ་ནས་དུས་ཚོད་ངེས་ཅན་ཞིག་གི་ནང་གཏན་འཁེལ་བྱས་པའི་སྲོག་ཆགས་ཀྱི་རིམས་ནད་རིགས་གཅིག་གམ་ཡང་ན་རིགས་འགའ་ཤས་ཐོན་མེད་པར་མ་ཟད། རྩིས་ལེན་བྱས་ནས་ཚད་ལོན་པའི་ས་ཁོངས་ལ་ཟེར། །