ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ཅེས་པ་སྤྱི་བསྒྲགས་བྱས་པ།

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ཅེས་པ་སྤྱི་བསྒྲགས་བྱས་པ་དང་། སྤྱི་ལོ་༢༠༡༧ལོའི་ཟླ་བ་༨པའི་ཚེས་༡ཉིན་ནས་ལག་ལེན་བསྟར་རྒྱུ། སྤྱི་ལོ་༡༩༨༧ལོར་སྤྱི་བསྒྲགས་ལག་ལེན་བསྟར་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས་ལག་བསྟར་ལམ་སྲོལ་ཕྲ་ཞིབ་དུས་མཚུངས་སུ་མེད་པར་བཟོ་རྒྱུ།

  སྲོལ་ཡིག་དེས་འབྱུང་རྩ་ནས་བསྡོམས་རྩིས་བརྟག་དཔྱད་བྱེད་སྒོ་ཚད་ལྡན་བཟོས་ཡོད་པ་དང་། དེའི་ནང་བསྡོམས་རྩིས་རྫུན་བཟོ་དང་མེད་པ་ཡོད་པར་བཟོ་བ་སྔོན་འགོག་དང་ཁྲིམས་གཅོད་ནན་པོ་བྱེད་པའི་འགན་དཀྲི་སྲ་བརྟན་དུ་གཏོང་རྒྱུ་དང་། ནུས་ཤུགས་ཡོད་རྒུས་བསྡོམས་རྩིས་བརྟག་དཔྱད་ཁ་གཏད་ཀྱི་འགན་འཁུར་ཡང་དུ་གཏོང་རྒྱུ་དང་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ཀྱི་གཏན་འབེབས་ལ་བླང་བྱ་ནན་པོ་བཏོན་ནས། བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པ་དང་གྲབས་ཐོ་འགོད་པའི་གོ་རིམ་དང་ཆ་རྐྱེན། དུས་བཀག་སོགས་གཏན་འབེབས་ཁ་གསལ་བྱེད་དགོས་པ་བཅས་ཚུད་ཡོད།