ལྕགས་རིགས་ལྗིད་གྲས་ཀྱི་འབག་བཙོག་དང་དེའི་གནོད་པ།

  ཆུ་འབག་བཙོག་གི་འབྱུང་ཁུངས་གཙོ་བོ་གང་དག་ཡིན།

  གཅིག གཙང་སྙིགས་མ་འབྱེད་པའི་བཟོ་ལས་ཀྱི་ཆུ་སྙིགས་དང་། འཚོ་བའི་ཆུ་སྙིགས་ལས་འབྱུང་བ། ལུད་རྫས་དང་ཞིང་སྨན། ལྡུམ་བུའི་སྨན་ལ་སོགས་པས་བཟོས་པའི་རྨོ་ཞིང་ལས་འབྱུང་བ།

  ཆུ་འབབ་སའི་ཉེ་འཁོར་དུ་སྤུངས་པའི་སྙིགས་རོ་དང་འཚོ་བའི་གད་སྙིགས། ཁྱིམ་ཕྱུག་གི་ལྕི་བ་དང་བྱ་རྟུག་བཅས་ལས་འབྱུང་བ། ནགས་ཤིང་བཅད་དེ་ས་ཆུ་ཤོར་བ་ལ་བརྟེན་ནས་འབྱུང་བ།

  གཏེར་ཁ་ཚད་ལས་བརྒལ་ནས་སྔོག་འདོན་བྱས་པ་ལས་འབྱུང་བ་བཅས་ཡིན་ནོ། །

  ལྕགས་རིགས་ལྗིད་གྲས་ཀྱི་འབག་བཙོག་གི་གནོད་པ་གང་དག་ཡིན།

  ལྕགས་རིགས་ལྗིད་གྲས་ཀྱི་འབག་བཙོག་ཞེས་པ་ནི་དངུལ་ཆུ་དང་། སེན། ཞ། ཁུར། ཁད་ལྟ་བུའི་འདྲེས་འགྱུར་རྫས་ལས་བཟོས་པའི་ཁོར་ཡུག་གི་འབག་བཙོག་ལ་གོ ། ལྕིགས་རིགས་ལྗིད་གྲས་ཀྱི་འབག་བཙོག་དང་སྐྱེས་ལྡན་འདྲེས་འགྱུར་རྫས་གཞན་དག་གི་འབག་བཙོག་གཉིས་ལ་ཁྱད་པར་ཡོད། སྐྱེས་ལྡན་འདྲེས་འགྱུར་རྫས་མི་ཉུང་བ་ཞིག་རང་བྱུང་ཁམས་རང་སྟེང་གི་དངོས་ལུགས་ཆགས་གྲུབ་ལ་བརྟེན་ནས་འབག་བཙོག་སེལ་ཐུབ་པས་རང་སྟེང་དུ་ཡོད་པའི་དུག་གི་ངོ་བོ་དེ་རང་བཞིན་གྱིས་ཉམས་འགྲོ་བ་རེད། དེ་ལས་ལྡོག་སྟེ་ལྕགས་རིགས་ལྗིད་གྲས་ལྟ་བུ་ནི་ཐུན་མོང་གི་ཆགས་གྲུབ་རང་བཞིན་ཅུང་སྲ་བས་ཁོར་ཡུག་གི་ཁྲོད་ནས་རང་བཞིན་གྱིས་ཉམས་རྒྱུ་ཧ་ཅང་དཀའ་བ་མ་ཟད། གནོད་པ་དེ་ཟས་རིགས་གཅིག་ནས་གཅིག་ལ་བརྒྱུད་ཐུབ་ཅིང་གསོག་ཉར་གྱི་ངོ་བོ་ལྡན། གལ་སྲིད་ཟས་རིགས་ཀྱི་སྐྱེས་འཕེལ་ནང་སུམ་ཚེ་ཧ་ཅང་ལེན་དཀའ་ཞིང་། ཟས་རིགས་གཅིག་གནས་གཅིག་ལ་འཐིམས་ཚེ་དུག་རྒྱུ་ཇེ་ཆེར་འགྲོ་ངེས་པས། མི་དང་སྲོག་ཆགས་ཟས་རྗེས་དུག་རྒྱུ་རིམ་བཞིན་ལུས་སྟེང་དུ་ཁྱབ་ནས་ཚད་ངེས་ཅན་ཞིག་ཐོན་དུས་བདེ་ཐང་ལ་གནོད་པའི་ནད་འདྲ་མིན་འབྱུང་སྲིད་པ་རེད།

  ལོ་ཙཱ་བ། ཁོན་ཐར་འཚོ།