ཁ་དབུགས་སྤུས་ཚད་ཀྱི་རིམ་པ་འབྱེད་པའི་མཚོན་བྱེད་ཁ་དོག་གང་དག་ཡིན།

  ཁ་དབུགས་སྤུས་ཚད་ཀྱི་རིམ་པ་འབྱེད་པའི་མཚོན་བྱེད་ཁ་དོག་གང་དག་ཡིན།

  རིམ་པ་དང་པོ་མཚོན་བྱེད་ཀྱི་ཁ་དོག་ནི་ལྗང་མདོག་ཡིན་ཞིང་། ཁ་དབུགས་ཀྱི་སྤུས་ཚད་རིམ་པ་དེ0-50བར་ཡིན་ལ། སྤུས་ཚད་ཆེས་ལེགས་ཤོས་ཡིན

  རིམ་པ་གཉིས་པ་མཚོན་བྱེད་ཀྱི་ཁ་དོག་ནི་སེར་པོ་ཡིན་ཞིང་། ཁ་དབུགས་ཀྱི་སྤུས་ཚད་རིམ་པ་དེ51-100བར་ཡིན་པ་དང་། ཁ་དབུགས་ཅུང་བཟང་བའི་རྟགས་ཡིན།

  རིམ་པ་གསུམ་པ་མཚོན་བྱེད་ཀྱི་ཁ་དོག་ནི་ངང་སེར་ཡིན། ཁ་དབུགས་སྤུས་ཚད་ཀྱི་རིམ་པ་དེ་101-150བར་ཡིན་པ་དང་། ཁ་དབུགས་ལ་འབག་བཙོག་ཅུང་ཟད་ཡོད་རྟགས་ཡིན།

  རིམ་པ་བཞི་བ་མཚོན་བྱེད་ཀྱི་ཁ་དོག་ནི་དམར་པོ་ཡིན། ཁ་དབུགས་སྤུས་ཚད་ཀྱི་རིམ་པ་དེ་151-200བར་ཡིན་པ་དང་། འབོག་བཙོག་འབྲིང་ཙམ་ཐེབས་པའི་རྟགས་ཡིན།

  རིམ་པ་ལྔ་བ་མཚོན་བྱེད་ཀྱི་ཁ་དོག་ནི་སྨུག་པོ་ཡིན། ཁ་དབུགས་སྤུས་ཚད་ཀྱི་རིམ་པ་དེ201-300བར་ཡིན་པ་དང་། འབག་བཙོག་ཆེན་པོ་ཡོད་པའི་རྟགས་ཡིན།

  རིམ་པ་དྲུག་པ་མཚོན་བྱེད་ཀྱི་ཁ་དོག་ནི་ཁམ་དམར་ཡིན། ཁ་དབུགས་སྤུས་ཚད་ཀྱི་རིམ་པ་དེ300ལས་ཆེ་ཞིང་། འབག་བཙོག་ཧ་ཅང་ཚབས་ཆེན་ཡིན་པའི་རྟགས་ཡིན།

  ཁོར་སྲུང་བཅའ་ཁྲིམས་གསར་བ་ལ་ལོ་རྒྱུས་ཐོག་གི་བཅའ་ཁྲིམས་ཆེས་བཙན་པོ་ཡིན་ཞེས་ཟེར་དོན་ཅི་ཡིན།

  ཁོར་སྲུང་བཅའ་ཁྲིམས་གསར་བ་འདི་ནི༢༠༡༥ལོའི་ཟླ༡པོའི་ཚེས༡ཉིན་ལ་ལག་བསྟར་བྱས་པ་ཡིན་ཞིང་། སྡོམ་པའི་དོན་ཚན༧༠ཡོད་པ་རེད། དོན་ཚན་བདུན་ཅུ་བོ་དེའི་ནང་དུ་སྲིད་གཞུང་གི་ལས་འགན་གསལ་འབེབས་བྱས་ཡོད་ཅིང་། སྣོད་བཅུད་སྲུང་སྐྱོང་གི་སྲུང་ཐིག་དང་། སྲིད་འཛིན་མངའ་ཁོངས་ལས་བརྒལ་བའི་མཉམ་འབྲེལ་འགོག་བཅོས་བྱེད་ཐབས་ཀྱི་ནང་རྐྱེན་ལམ་ལུགས་སོགས་གཏན་ལ་ཕབ་ནས་མང་ཚོགས་ནང་ཞུགས་ལ་དབང་ཆ་བསྐོས་ཡོད་པ་དང་། ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་དངོས་འབེབས་བྱས་ནས་སྔོན་ཆད་ཀྱི་སྲོལ་ཡིག་ལ་མ་ལག་རང་བཞིན་གྱིས་བཟོ་བཅོས་བརྒྱབ་ཡོད་པ་རེད།

  དེའི་ནང་སྔོན་ཆད་མེད་པའི་ནང་དོན་ཁག་ཅིག་སྟེ། བཙོག་འབུད་ལ་ཡོ་བསྲང་མི་བྱེད་པའི་ཁེ་ལས་དག་ལ་ཆད་པ་ཉིན་ལྟར་གཅོད་རྒྱུ་དང་། ཁྲིམས་འགལ་གྱི་ཉེས་པ་ཚབས་ཆེན་བཟོ་མཁན་ལ་སྲིད་འཛིན་ནས་བཀག་སྡོམ་བྱ་རྒྱུ། དེ་བཞིན་དུ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་གནས་ཚུལ་རིགས་བརྒྱད་ལ་བརྟེན་ནས་བྱས་འབྲས་ངན་པ་ཚབས་ཆེན་བསགས་པ་ཡིན་ན། འགན་གཙོ་བོ་འཁུར་མཁན་ལས་གནས་ནས་དབྱུང་རྒྱུ་སོགས་ནང་དོན་གསར་བ་ཁག་བསྣན་འདུག་པར་ཆེད་མཁས་པས་དེ་ནི་ལོ་རྒྱུས་ཐོག་གི་བཅའ་ཁྲིམས་ཆེས་བཙན་པོ་དེ་ཡིན་ཞེས་བརྗོད། དེ་མ་ཟད་བཅའ་ཁྲིམས་གསར་བ་འདིའི་ནང་དུ་ད་དུང་ཆ་འཕྲིན་ཡོངས་དང་མང་ཚོགས་ནང་ཞུགས་ཀྱི་ཆེད་སྤྱོད་ཐེམ་ག་བཟོས་ཏེ། སྤྱི་ཕན་གཏུག་བཤེར་བྱེད་མཁན་གྱི་ཁྱབ་རྒྱ་དེ་ཆ་རྐྱེན་དང་མཐུན་པའི་ཁོར་སྲུང་གི་སྤྱི་ཚོགས་ཚོགས་པའི་བར་དུ་བསྐྱེད་ཡོད་པས། ཚང་མས་དེ་ནི་སྔར་མེད་ཀྱི་སྲོལ་བཟང་ཞིག་བཏོད་སོང་བར་བསམས་ཡོད།


ལོ་ཙཱ་བ། ཁོན་ཐར་འཚོ།