ཁྱིམ་ཚང་གི་བཅའ་ཁྲིམས།

  ༡ གནས་ལ་སོང་བའི་བུ་མོར་ཤུལ་འཛིན་གྱི་དབང་ཆ་ཡོད་དམ།

  གནས་ལ་སོང་བའི་བུ་མོར་ཤུལ་འཛིན་གྱི་དབང་ཆ་ཡོད། རང་རྒྱལ་གྱི་ཤུལ་འཛིན་བཅའ་ཁྲིམས་དོན་ཚན་དགུ་བ་གཞིར་བཟུང་ན་ཤུལ་འཛིན་དབང་ཆ་དང་ཕོ་མོ་འདྲ་མཉམ་ཞེས་གཏན་འབེབས་བྱས་ཡོད། དུས་མཉམ་དུ་རང་རྒྱལ་གྱི་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས་དོན་ཚན་སོ་གཅིག་པའི་ནང་དུ་ཡང་ཡིག་ཐོག་གཏན་འབེབས་གསལ་བོ་བྱས་ཡོད། བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱིས་རྒྱུ་རྫས་ཤུལ་འཛིན་གྱི་དབང་ཆ་ཡོད་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཡོད། དེ་དང་མཚུངས་བར་ཤུལ་འཛིན་གྱི་གོ་རིམ་ཁྲིམས་གཏན་ཁྲོད་བུད་མེད་ལ་སྣང་ཆུང་བྱེད་མི་ཉན་པ་གཏན་འབེབས་བྱས་ཡོད།

  ༢ ཕ་ཡི་བུ་ལོན་ངེས་པར་དུ་བུ་ཡིས་འཇལ་དགོས་སམ།

  སུས་རྒྱུ་རྫས་ཤུལ་འཛིན་བྱས་ཚེ་དེ་ཡིས་འདས་པོའི་ཚེ་ཐོག་གི་བུ་ལོན་དང་དཔྱ་ཁྲལ་འཇལ་བའི་འགན་ཁུར་དགོས། གལ་ཏེ་བུ་ལོན་ནི་ཤུལ་འཛིན་རྒྱུ་ནོར་གྱི་ཁ་གྲངས་ལས་མཐོ་ན་ལྷག་མའི་བུ་ལོན་དག་འཇལ་མི་དགོས། རང་རྒྱལ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན་ཤུལ་འཛིན་མི་སྣས་འདས་པོའི་ཚེ་ཐོག་གི་བུ་ལོན་དེ་ཤུལ་བཞག་རྒྱུ་ནོར་དང་དོན་དངོས་རིན་ཐང་ལ་མཉམ་དགོས། དེ་བས་ཕ་ཡི་བུ་ལོན་བུ་ཡིས་འཇལ་བ་ནི་བུ་ཡིས་ཕ་ཡི་རྒྱུ་ནོར་ཤུལ་འཛིན་བྱས་པས་གནས་ཚུལ་འོག་དེ་ནི་གནས་ལུགས་དང་མཐུན་ལ། དེའི་མི་ཚད་འདི་ནི་ཕ་ཡི་ཤུལ་བཞག་རྒྱུ་རྫས་ཀྱི་རིན་ཐང་ཚད་གཞིར་འཛིན་དགོས།

  ༣ ཤུལ་བཞག་རྒྱུ་རྫས་གང་དག་ཤུལ་འཛིན་བྱས་ཆོག

  ༼ ༡ ༽སྤྱི་དམངས་ཀྱི་ཡོང་སྒོ།

  ༼ ༢ ༽སྤྱི་དམངས་ཀྱི་ཁང་བ་དང་གསོག་དངུལ། འཚོ་བའི་ཡོ་བྱད།

  ༼ ༣ ༽སྤྱི་དམངས་ཀྱི་ཤིང་སྡོང་དང་སྒོ་ཕྱུགས། ཁྱིམ་བྱ་བཅས།

  ༼ ༤ ༽ སྤྱི་དམངས་ཀྱི་རིག་དངོས་དང་དཔེ་དེབ། དཔྱད་གཞིའི་ཡིག་ཚགས།

  ༼ ༥ ༽བཅའ་ཁྲིམས་ཀྱི་ཆོག་མཆན་ཐོབ་པའི་སྤྱི་དམངས་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆ།

  ༼ ༦ ༽སྤྱི་དམངས་ཀྱི་བརྩམས་ཆོས་བདག་དབང་དང་ཆེད་ཁེ་བདག་དབང་ཁྲོད་ཀྱི་རྒྱུ་ནོར་ཁེ་དབང་།

  ༼ ༧ ༽སྤྱི་དམངས་ཀྱི་ཁྲིམས་མཐུན་རྒྱུ་རྫས་གཞན་དག

  ༤ གཉེན་འཐོར་བྱུང་རྗེས་ཕ་མ་དང་བུ་ཕྲུག་དབར་གྱི་འབྲེལ་བ་ཇི་ལྟར་གཏན་འབེབས་བྱས་ཡོད།

  ཕ་མ་དང་བུ་ཕྲུག་དབར་གྱི་འབྲེལ་བ་ནི་ཕ་མ་གཉེན་འཐོར་བྱས་པ་ལས་མེད་པར་གཏོང་མི་རུང་། གཉེན་འཐོར་བྱུང་རྗེས་བུ་ཕྲུག་ཕ་མ་ཕ་མ་གཉིས་ཀས་ཐད་ཀར་དུ་གཉོར་སྐྱོང་བྱེད་དགོས་པ་མ་ཟད། བུ་ཕྲུག་ནི་ཕྱོགས་གཉིས་ཀའི་ཡིན་པས། གཉེན་འཐོར་བྱུང་རྗེས་ཕ་མ་ལ་བུ་ཕྲུག་གཉོར་སྐྱོང་དང་སློབ་གསོ་མྱོང་དུ་འཇུག་པའི་དབང་ཆ་དང་འོས་འགན་ཡོད།

  ༥ ཁྱོ་ག་འདས་རྗེས། སུ་ཞིག་ལ་ཁོའི་ཤུལ་བཞག་རྒྱུ་རྫས་ལ་ཤུལ་འཛིན་བྱེད་པའི་དབང་ཆ་ཡོད།

  ཁྱོ་ག་འདས་རྗེས་ཁྱིམ་དུ་མཐོ་བ་ཕ་མ་དང་དམའ་བ་བུ་ཕྲུག་ཡོད་པའི་གནས་ཚུལ་འོག་ཁྱོ་ཀའི་ཤུལ་བཞག་རྒྱུ་ནོར་ནི་ཆུང་མ་དང་བུ་ཕྲུག དེ་མིན་ཁྱོ་ཀའི་ཕ་མ་བཅས་ཀྱིས་ཆ་སྙོམས་སྒོས་ཤུལ་འཛིན་བྱེད་པའི་ཐོབ་ཐང་ཡོད། ཁོ་ཚོ་ནི་གོ་རིམ་གཅིག་པའི་ཤུལ་འཛིན་པ་ཡིན་པས། སྤྱིར་བཏང་གི་གནས་ཚུལ་འོག་ཤུལ་བཞག་རྒྱུ་རྫས་ཆ་སྙོམས་ཀྱིས་བགོ་དགོས།

  ༦ ཤུལ་བཞག་རྒྱུ་རྫས་ཤུལ་འཛིན་གྱི་གོ་རིམ་ནི་ཇི་འདྲ་ཞིག་ཡིན།

  གོ་རིམ་དང་པོ། སྐྱ་ཡ། བུ་ཕྲུག ཕ་མ།

  གོ་རིམ་གཉིས་པ། གཅེན་གཅུང་མིང་སྲིང་། ཨ་ཕྱི་ཨ་མྱེས། སྤོ་བོ་རྨོ་མོ།

  ཤུལ་འཛིན་ནི་ཐོག་མར་གོ་རིམ་དང་པོའི་ཤུལ་འཛིན་མི་ཡིས་ཤུལ་འཛིན་བྱེད་པ་ལས་གོ་རིམ་གཉིས་པའི་ཤུལ་འཛིན་མི་ཡིས་ཤུལ་འཛིན་བྱས་མི་ཆོག གོ་རིམ་དང་པོའི་ཤུལ་འཛིན་མི་མེད་ཚེ་ད་བཟོད་གོ་རིམ་གཉིས་པའི་ཤུལ་འཛིན་མི་ཡིས་ཤུལ་འཛིན་བྱེད་དགོས།

  ༧ སྒྱུག་པོ་དང་སྒྱུག་མོ་ཚེ་ལས་འདས་རྗེས། མནའ་མར་ཁོ་ཚོའི་ཤུལ་བཞག་རྒྱུ་རྫས་ལ་ཤུལ་འཛིན་བྱེད་པའི་དབང་ཆ་ཡོད་དམ།

  སྤྱིར་བཏང་དུ་མནའ་མ་ལ་སྒྱུག་པོ་དང་སྒྱུག་མོའི་ཤུལ་བཞག་རྒྱུ་ནོར་ཤུལ་འཛིན་བྱེད་པའི་དབང་ཆ་མེད། འོན་ཀྱང་ཁྱོ་ག་སྒྱུག་པོ་སྒྱུག་མོའི་སྔོན་དུ་ཚེ་ལས་འདས་པ་ན། མནའ་མར་སྒྱུག་པོ་སྒྱུག་མོ་གཉིས་ཀ་གསོ་སྐྱོང་བྱེད་པའི་འོས་འགན་གཙོ་བོ་ཡོད་པའི་གནས་ཚུལ་འོག་མནའ་མར་སྒྱུག་པོ་སྒྱུག་མོའི་བུ་ཕྲུག་དག་དང་འདྲ་བར་འོས་འཚམ་གྱི་ཤུལ་འཛིན་འདྲ་མཉམ་དབང་ཆ་ཡོད།

  ༨ བཟའ་ཟླ་ཚེ་ལས་འདས་པའི་བུད་མེད་ཀྱིས་ཁྱིམ་གྱི་རྒྱུ་ནོར་ཁྱེར་ནས་གནས་གཞན་ལ་སོང་ཆོག་གམ།

  བཟའ་ཟླ་འདས་པའི་བུད་མེད་གནས་གཞན་ལ་འགྲོ་སྐབས་རང་ཉིད་ཀྱི་རྒྱུ་ནོར་དང་རང་ཉིད་ལ་དབང་བའི་ཤུལ་འཛིན་རྒྱུ་ནོར་ཁྱེར་ཆོག་པས། དེར་མི་སུ་ལ་ཡང་ཐེ་གཏོགས་བྱེད་པའི་དབང་ཆ་མེད། གཉེན་བསྐྱར་སྒྲིག་བྱས་རྗེས་སྔོན་གྱི་ཁྱོ་ག་དང་མཉམ་དུ་ཉོས་པའི་ཁང་པའི་ནང་མུ་མཐུད་དུ་འདུག་པའི་དབང་ཆ་ཡོད།

  ལོ་ཙཱ་བ། ལྷ་དཔལ་སྐྱབས།