སྤོས་བྱུར་ལས་ལོ་ངོ་ཁྲི9900འདས་པའི་གནའ་བོའི་མ་དཔེ་རྙེད་པ།

  ཟླ༦པའི་ཚེས༨ཉིན། ཀྲུང་གོ་དང་ཁ་ན་ཏ། ཨ་རི་སོགས་རྒྱལ་ཁབ་ཁག་གི་གནའ་རྫས་རྟོག་ཞིབ་མཁས་པས་པེ་ཅིང་དུ་ཁུང་འབྲུག་དུས་སྐབས་ཀྱི་འདབ་ཆགས་ཕྲུ་གུའི་མ་དཔེ་ལ་ཞིབ་འཇུག་བྱས་པའི་འབྲེལ་ཡོད་ཀྱི་དཔྱད་རྩོམ་རྒྱལ་སྤྱིའི་ས་ཁམས་རིག་པའི་དུས་དེབ་ཀོང་ཝ་ན་ཞིབ་འཇུག་ (Gondwana Research)ཅེས་པར་བཀོད་པ་ཁྱབ་བསྒྲགས་བྱས།

   ཞིབ་འཇུག་འདི་ནི་ཀྲུང་གོའི་ས་ཁམས་སློབ་ཆེན་(པེ་ཅིང་)གྱི་དགེ་རྒན་ཆེ་མོ་ཤིན་ལི་ཏཱ་དང་། ཀྲུང་གོའི་ཚན་རིག་གླིང་གི་གནའ་བོའི་སྒུལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཙོའུ་ཅིན་མའེ་(Jingmai O’Connorཨ་རིའི་སྤྱི་དམངས་ཡིན)། ཀྲུང་གོ་ཚན་རིག་གླིང་སྲོག་ཆགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་པའེ་མིང་། ཨ་རིའི་ལའོ་ཧྲན་ཅི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་སྟོན་ཁང་ཁུང་འབྲུག་ཞིབ་འཇུག་གླིང་གི་གླིང་གཙོ་དང་དགེ་རྒན་ཆེ་མོ་ལུ་ཡེ་སི་•ཁྲ་ཕུ། ཁ་ན་ཏའི་ས་སི་ཁེ་ཁྲེ་ཝན་མངའ་སྡེའི་གོང་མ་ཚང་གི་རྟེན་རྫས་བཤམས་མཛོད་ཁང་གི་དགེ་རྒན་ཆེ་མོ་རའེཨན་•མའེ་ཁེལ་ལར་སོགས་མཁས་པ་རྣམས་ཀྱིས་མཉམ་དུ་ཞིབ་འཇུག་བྱས་པ་ཞིག་རེད། ཁོང་ཚོས་འདི་ནི་ཁུང་འབྲུག་གི་དུས་སྐབས་དེ་དང་བར་ཐག་ཆེས་ཉེ་ལ་ཆ་ཡོངས་སུ་རྫོགས་པའི་བྱའི་མ་དཔེ་ཞིག་རེད་ཅེས་ཧ་ཅང་ཡ་མཚན་པའི་སྒོ་ནས་བརྗོད་བྱུང་།
 

  མ་དཔེ་འདི་ནི་འབར་མའི་བྱང་རྒྱུད་དུ་ཆགས་པའི་ཁེ་ཆིན་མངའ་སྡེའི་ཧུའུ་ཁང་གཙང་རོང་དུ་རྙེད་ཅིང་། གནས་དེ་ནི་སྤོས་བྱུར་ཐོན་ཁུལ་གྲགས་ཅན་གྲས་ཀྱི་གཅིག་རེད། ཡུལ་དེའི་ལས་ཐོན་པའི་སྤོས་བྱུར་ནི་ལོ་ངོ་ཁྲི༩༩༠༠སྔོན་གྱི་པའེ་འོད་དུས་སྐབས་བར་མའི་(白垩纪中期)ནའོ་མན་སེན་ཅེ་(诺曼森阶) དུས་སུ་གྲུབ་པར་བཤད། ཤིན་ལི་ཏཱ་(邢立达)ཡིས་བྱ་ཕྲུག་གི་མ་དཔེ་འདིའི་གཟུགས་གཞི་ཆུང་ལ་མཆུ་ནས་མཇུག་མའི་བར་གྱི་རིང་ཚད་ལ་ལི་སྨིད་དྲུག་ཡས་མས་ཙམ་འདུག དེ་དུས་ཤིག་ན་བྱ་རིགས་དེ་བརླན་གཤེར་ཆེ་བའི་འབར་མའི་བྱང་རྒྱུད་ཀྱི་ཚ་ཁུལ་དུ་འཚོ་སྐབས་སྟབས་མ་ལེགས་པར་སྤུས་དཀར་གྱི་སྡོང་བོ་དང་ལྷོ་མཚོའི་ཐང་ཤིང་རིགས་ཀྱི་ལོ་མ་ཕྲ་མོ་ལས་གྲུབ་པའི་ཤིང་ཚི་ལ་འཇར་བའམ་གསེང་དུ་འཐིམས། དེ་ནས་ལོ་མང་པོ་མང་པོ་ཞིག་གི་ས་གཤིས་ཀྱི་རྫས་འགྱུར་སྣ་ཚོགས་ཁྲོད་རིམ་བཞིན་སྤུས་བྱུར་དུ་གྱུར་ནས་ད་བར་དུ་ལུས་པ་ཞིག་རེད་ཟེར།
 



 




 
ཁུང་འབྲུག་གཞན་པའི་མ་དཔེ།
 

ལོ་ཙཱ་བ། ཁོན་ཐར་འཚོ།