བདེ་འཇགས་ཞིབ་བཤེར་ཆས་ནང་གི་ཕྱི་གསལ་ནང་གསལ་གྱི་ང་ཚོ།

 

  

  འཇིགས་སྐུལ་སྟོབས་ཤུགས་ཀྱི་ངན་ཇུས་དང་ཐབས་བཀོད་སྣ་མང་དུ་འགྲོ་བར་བསྟུན་ནས་བདེ་འཇགས་ཞིབ་བཤེར་གྱི་བརྒྱུད་རིམ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ཁག་ཐེག་བྱེད་པའི་གནད་འགག་ཏུ་གྱུར་ཡོད་ཅིང་། བརྒྱུད་རིམ་དེར་མེད་དུ་རུང་བ་ནི་ཚན་རྩལ་མཐོ་ཤོས་ཀྱི་ཞིབ་བཤེར་ཆས་རེད།

  ནམ་རྒྱུན་ང་ཚོ་ཕྱི་ཡུལ་ལ་བསྐྱོད་དུས་ངེས་པར་དུ་རླངས་འཁོར་དང་། མེ་འཁོར། གནམ་གྲུ་སོགས་སུ་སྡོད་སྐབས་མི་དང་དངོས་ཟོག་དེ་ངེས་པར་དུ་བདེ་འཇགས་ཞིབ་བཤེར་བརྒྱུད་ནས་འགྲོ་དགོས་པ་རེད། འདི་ཚང་མར་མ་བཤད་ཀྱང་ཤེས་གསལ་ཡིན་ངེས། ཡིན་ཡང་བདེ་འཇགས་ཞིབ་བཤེར་བརྒྱུད་རྗེས་ཞིབ་བཤེར་གྱི་རྩིས་འཁོར་ནང་དུ་ཅི་ཞིག་འཆར་ཡོད་པ་མཐོང་མྱོང་མེད་སྙམ། གཤམ་གྱི་ཞིབ་བཤེར་ཆས་ཀྱིས་བླངས་པའི་པར་དེ་དག་གིས་ཁྱེད་ལ་ཧ་ལས་སུ་འཇུག་ངེས།