2017ལོའི་རང་ཞིང་གིས་སློབ་ཆེན་དུ་སློབ་མ་སྡུད་པའི་ཆེས་དམའ་བའི་སྐར་གྲངས་ཀྱི་ཚད་གཞི།

  ཟླ6པའི་ཚེས25ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་ཆེན་མོའི་སློབ་སྡུད་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར་སྤྱིར་བཏང་མཐོ་རིམ་སློབ་གྲྭ་ཆེན་མོས་མཚོ་སྔོན་དུ་སློབ་མ་བསྡུ་ལེན་བྱེད་པའི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་སྡུད་སྐར་གྲངས་ཀྱི་ཚད་གཞི་གཏན་ཁེལ་བྱས་ཤིང་། སྐར་གྲངས་ཀྱི་ཚད་གཞི་དེའི་ཁོངས་སུ་དམིགས་གསལ་ཆ་རྐྱེན་ལྡན་པའི་སྐར་མ་བསྣན་པ་ཡང་འདུས་ཡོད།

  རིག་ཚན་གྱི་སྐོར་ལ།

  རིམ་པ་དང་པོའི་དངོས་གཞི། སྤྱིར་བཏང་གི་འཛིན་གྲྭ་ལ་སྐར་གྲངས463 དབུལ་ཕུངས་ས་ཁུལ་དུ་སློབ་སྡུད་བྱེད་པའི་ཆེད་དོན་འཆར་གཞི་ནི་སྐར་གྲངས443ཡིན། ཞིང་ཆེན་གཞན་པའི་སློབ་གྲྭ་ཁག་གི་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭའི་སློབ་སྡུད་སྐར་གྲངས453ཡིན།

  རིམ་པ་གཉིས་པའི་དངོས་གཞི། སྤྱིར་བཏང་གི་འཛིན་གྲྭ་ལ་སྐར་གྲངས421 དབུལ་ཕུངས་ས་ཁུལ་དུ་སློབ་སྡུད་བྱེད་པའི་ཆེད་དོན་འཆར་གཞི་ནི་སྐར་གྲངས411ཡིན། ཞིང་ཆེན་གཞན་པའི་སློབ་གྲྭ་ཁག་གི་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭའི་སློབ་སྡུད་སྐར་གྲངས411ཡིན། ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་སོ་སོའི་དངོས་གཞིའི་གྲ་སྒྲིག་སྐར་གྲངས་ནི406ཡིན།

  རིམ་པ་གསུམ་པའི་དངོས་གཞི། སྤྱིར་བཏང་གི་འཛིན་གྲྭ་ལ་སྐར་གྲངས382 ཞིང་ཆེན་གཞན་པའི་སློབ་གྲྭ་ཁག་གི་མི་རིགས་གྲ་སྒྲིག་འཛིན་གྲྭའི་སློབ་སྡུད་སྐར་གྲངས382ཡིན།

  ཆེད་སྦྱོང་། དེའི་ཁོངས་སུ་ཆེད་སྦྱོང་རིམ་པའི་མི་རིགས་འཛིན་གྲྭ་ཡང་འདུས་ཡོད། སྐར་གྲངས200ཡིན།

  རྩིས་ཚན་གྱི་སྐོར་ལ།

  རིམ་པ་དང་པོའི་དངོས་གཞི། སྤྱིར་བཏང་གི་འཛིན་གྲྭ་ལ་སྐར་གྲངས391 དབུལ་ཕུངས་ས་ཁུལ་དུ་སློབ་སྡུད་བྱེད་པའི་ཆེད་དོན་འཆར་གཞི་ནི་སྐར་གྲངས371ཡིན། ཞིང་ཆེན་གཞན་པའི་སློབ་གྲྭ་ཁག་གི་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭའི་སློབ་སྡུད་སྐར་གྲངས381ཡིན།

  རིམ་པ་གཉིས་པའི་དངོས་གཞི། སྤྱིར་བཏང་གི་འཛིན་གྲྭ་ལ་སྐར་གྲངས356 དབུལ་ཕུངས་ས་ཁུལ་དུ་སློབ་སྡུད་བྱེད་པའི་ཆེད་དོན་འཆར་གཞི་ནི་སྐར་གྲངས346ཡིན། ཞིང་ཆེན་གཞན་པའི་སློབ་གྲྭ་ཁག་གི་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭའི་སློབ་སྡུད་སྐར་གྲངས346ཡིན།

  ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་ཁག་གི་མི་རིགས་གྲ་སྒྲིག་འཛིན་གྲྭའི་སློབ་སྡུད་སྐར་གྲངས341ཡིན།

  རིམ་པ་གསུམ་པའི་དངོས་གཞི། སྤྱིར་བཏང་གི་འཛིན་གྲྭ་ལ་སྐར་གྲངས328 ཞིང་ཆེན་གཞན་པའི་མི་རིགས་གྲ་སྒྲིག་འཛིན་གྲྭའི་སློབ་སྡུད་སྐར་གྲངས328ཡིན།

  ཆེད་སྦྱོང་། དེའི་ཁོངས་སུ་ཆེད་སྦྱོང་རིམ་པའི་མི་རིགས་འཛིན་གྲྭ་ཡང་འདུས་ཡོད། སྐར་གྲངས200ཡིན།

  རྒྱ་བོད་སྐད་གཉིས་ཀྱི་སྐོར་ལ།

  རྒྱ་བོད་སྐད་གཉིས་ཀྱི་རིག་ཚན་ལ། དངོས་གཞིའི་སྐར་གྲངས460དང་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་དག་གི་གྲ་སྒྲིག་འཛིན་གྲྭའི་སྐར་གྲངས448དང་ཆེད་སྦྱོང་གི་སྐར་གྲངས443ཡིན།

  རྒྱ་བོད་སྐད་གཉིས་ཀྱི་རྩིས་ཚན་ལ། དངོས་གཞིའི་སྐར་གྲངས380དང་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་དག་གི་གྲ་སྒྲིག་འཛིན་གྲྭའི་སྐར་གྲངས353དང་ཆེད་སྦྱོང་གི་སྐར་གྲངས348ཡིན།

  མཆན། རྒྱ་བོད་སྐད་གཉིས་ཀྱི་སློབ་མ་དག་གིས་སློབ་སྡུད་རེ་འདུན་རེའུ་མིག་སྐོང་སྐབས། ཡིག་ཚགས་དང་སྦྱངས་འབྲས་རྩིས་རྒྱག་པའི་བྱེད་ཐབས་ནི། མི་རིགས་ཀྱི་རྒྱ་ཡིག་སྐར་གྲངས+བོད་སྐད་ཡིག་གི་སྐར་གྲངས+རྩིས་རིག+ཕྱོགས་བསྡུས+དམིགས་གསལ་ཆེད་སྣོན་སྐར་གྲངས། དབྱིན་ཡིག་གི་སྐར་གྲངས་ཟུར་ལྟ་བྱས་ཆོག རྒྱ་བོད་སྐད་གཉིས་ཀྱི་སློབ་མ་དག་གིས་སྐར་གྲངས་བརྗེ་བསྒྱུར་གྱིས་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཀྱི་ཚད་གཞིར་ལོངས་བ་ན་སྤྱིར་བཏང་སློབ་གྲྭའི་རེ་འདུན་བསྐངས་ཡང་ཆོག རྒྱ་བོད་སྐད་གཉིས་སློབ་མས་སྤྱིར་བཏང་གི་སློབ་གྲྭ་འདེམས་པའི་སྐར་གྲངས་ཀྱི་རྩིས་རྒྱག་སྟངས་ནི། (མི་རིགས་ཀྱི་རྒྱ་ཡིག་སྐར་གྲངས+བོད་ཡིག་གི་སྐར་གྲངས)÷2+རྩིས་རིག+ཕྱི་སྐད+ཕྱོགས་བསྡུས+དམིགས་གསལ་ཆེད་སྣོན་སྐར་གྲངས།

   སོག་ཡིག་གི་སྐོར་ལ།

  རིག་ཚན་དངོས་གཞིའི་སྐར་གྲངས300དང་རིག་ཚན་ཆེད་སྦྱོང་གི་སྐར་གྲངས286ཡིན།

  རྩིས་ཚན་དངོས་གཞིའི་སྐར་གྲངས273དང་རྩིས་ཚན་ཆེད་སྦྱོང་གི་སྐར་གྲངས261ཡིན།

  ལུས་རྩལ་གྱི་སྐོར་ལ།

  རིག་ཚན་གྱི་དངོས་གཞིའི་སྐར་གྲངས373དང་ཆེད་སྦྱོང་གི་སྐར་གྲངས340ཡིན།

  རྩིས་ཚན་གྱི་སྤྱིར་བཏང་འཛིན་གྲྭ་དང་མི་རིགས་འཛིན་གྲྭའི་དངོས་གཞིའི་སྐར་གྲངས309དང་ཆེད་སྦྱོང་གི་སྐར་གྲངས272ཡིན།

   སྒྱུ་རྩལ་གྱི་སྐོར་ལ།

  མཛེས་རྩལ།

  རིག་ཚན་དངོས་གཞི། དེའི་ཁོངས་སུ་སོག་ཡིག་ཡང་འདུས། སྐར་གྲངས456དང་ཆེད་སྦྱོང་གི་སྐར་གྲངས361ཡིན།

  རྩིས་ཚན་གྱི་དངོས་གཞིའི་སྐར་གྲངས460དང་ཆེད་སྦྱོང་གི་སྐར་གྲངས362ཡིན།

     མི་རིགས་བཟོ་ལས་མཛེས་རྩལ།

  རིག་ཚན་དངོས་གཞི། དེའི་ཁོངས་སུ་བོད་ཡིག་ཡང་འདུས། སྐར་གྲངས562དང་རྩིས་ཚན་བོད་ཡིག་གི་དངོས་གཞིའི་སྐར་གྲངས510ཡིན།

  རོལ་དབྱངས་རིག་པ། སྒྲ་དབྱངས།

  རིག་ཚན་དངོས་གཞི་དང་ཆེད་སྦྱོང་གི་སྐར་གྲངས362དང་རྩིས་ཚན་དངོས་གཞི་དང་ཆེད་སྦྱོང་གི་སྐར་གྲངས352ཡིན།

        རོལ་དབྱངས་རིག་པ། རོལ་ཆ།

  རིག་ཚན་དངོས་གཞིའི་སྐར་གྲངས409དང་རྩིས་ཚན་དངོས་གཞིའི་སྐར་གྲངས390ཡིན།

   ཞབས་བྲོ།

  རིག་ཚན་དངོས་གཞི་དང་ཆེད་སྦྱོང་གི་སྐར་གྲངས326དང་རྩིས་ཚན་དངོས་གཞིའི་སྐར་གྲངས443ཡིན།

        སྙན་སྒྲོན་དང་མདོ་འཛིན།

  རིག་ཚན་དངོས་གཞིའི་སྐར་གྲངས563དང་ཆེད་སྦྱོང་གི་སྐར་གྲངས523 རྩིས་ཚན་དངོས་གཞི་དང་ཆེད་སྦྱོང་གི་སྐར་གྲངས538ཡིན།

  རོལ་དབྱངས་འཁྲབ་སྟོན།

  རིག་ཚན་སྤྱིར་བཏང་དངོས་གཞིའི་སྐར་གྲངས470དང་། སོག་ཡིག་གི་དངོས་གཞིའི་སྐར་གྲངས445དང་ཆེད་སྦྱོང་གི་སྐར་གྲངས438ཡིན།

  རྩིས་ཚན་དངོས་གཞི་དང་ཆེད་སྦྱོང་གི་སྐར་གྲངས449ཡིན།

  རོལ་དབྱངས་འཁྲབ་སྟོན། རོལ་ཆས།

  རིག་ཚན་དངོས་གཞི་དང་ཆེད་སྦྱོང་གི་སྐར་གྲངས464དང་རྩིས་ཚན་དངོས་གཞི་དང་ཆེད་སྦྱོང་གི་སྐར་གྲངས425ཡིན།

  ལོ་ཙཱ་བ། ལྷ་དཔལ་སྐྱབས།