བོད་ལྗོངས་ནང་བསྟན་སློབ་གླིང་གི་ཨར་ལས་ལས་ཡུན་གསུམ་པ་ལེགས་འགྲུབ་བྱས་པ།

   

མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ནང་བསྟན་སློབ་གླིང་གིས་འཚོགས་པའི་ཨར་ལས་ལས་ཡུན་གསུམ་པ་ལེགས་འགྲུབ་བྱས་པར་ཞིབ་བཤེར་རྩིས་ལེན་བྱེད་པའི་མཛད་སྒོ་དེས་བོད་ལྗོངས་ནང་བསྟན་སློབ་གླིང་ལ་གྲྭ་བཙུན་སློབ་མ་1000ལྷག་བསྡུས་ནས་དུས་གཅིག་ཏུ་སློབ་གླིང་ལ་སློབ་སྦྱོང་བྱ་རྒྱུའི་ཆ་རྐྱེན་འཛོམས་པ་མཚོན་པ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཨར་ལས་ལས་ཡུན་གསུམ་པའི་ཨར་ལས་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ་43550.53ཡིན་པ་དང་། ཨར་ལས་རྣམ་གྲངས་སུ་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དང་། ཚོགས་ཁང་ཆེན་པོ། དཔེ་དེབ་དང་ཚད་ལྡན་ཡིག་ཆ་ལྟེ་གནས། ཆོས་ར་སོགས་འདུས་པ་དང་། སློབ་གླིང་གིས་ད་དུང་སྤྲུལ་སྐུ་དང་། དབུ་མཛད། སློབ་མ། དགེ་རྒན་དང་ལས་བཟོ་སོགས་ལ་ཉལ་ཁང་གསར་པ་བརྒྱབ་པ་དང་།2008ལོའི་ཟླ་10ཚེས་18ཉིན་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་ཁོངས་ཀྱི་ར་སྟོད་དགོན་གྱི་ཞོལ་དུ་བོད་ལྗོངས་ནང་བསྟན་སློབ་གླིང་འཛུགས་སྐྲུན་ཨར་ལས་དངོས་སུ་བྱེད་འགོ་བརྩམས་པ་དང་། 2011ལོའི་ཟླ་10ཚེས་20ཉིན་ནང་བསྟན་སློབ་གླིང་གིས་དངོས་སུ་སློབ་འགོ་ཚུགས་ཏེ་སློབ་དུས་ཐོག་མར་དགེ་འདུན་150བསྡུས་ཡོད་པ་རེད།