བོད་ལྗོངས་བྱང་ཐང་ནི་གཅན་གཟན་རི་དྭགས་དང་བྱ་རིགས་ཀྱི་ཞིང་ཁམས་ཡིན།

 

མི་དམངས་དྲ་བའི་འཕྲིན། བོད་ལྗོངས་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཙོད་དང་། འབྲོང་། རྐྱང་། ཁྲུང་ཁྲུང་སྐེ་ནག་སོགས་པའི་སྲོག་ཆགས་འཚོ་བཞིན་ཡོད་ལ། དེ་ཚོ་ནི་ས་ཆ་དེ་གར་སྐྱེས་ལ་དེ་གར་འཚོ་བཞིན་ཡོད་པ་རེད། ལོ་མང་གི་རིང་ལ། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་བྱས་ཏེ་གངས་ལྗོངས་མཐོ་སྒང་དུ་སྐྱེ་དངོས་སྣ་མང་རང་བཞིན་གྱི་རང་བྱུང་ཞིང་ཁམས་ཤིག་བསྐྲུན་ཡོད་པ་རེད།