མཚོ་སྔོན་གྱིས་བཟོས་པའི་ཚོང་རྫས་སྐོར་ཞིག་ལ་ཀྲུང་གོའི་ཁྱད་ལྡན་ཡུལ་སྐོར་ཚོང་རྫས་འགྲན་སྡུར་ཐོག་གསེར་གྱི་བྱ་དགའ་ཐོབ་པ།

བརྡ་ཆད་གཙོ་བོ། མཚོ་སྔོན། ཚོང་རྫས། ཁྱད་ལྡན་ཡུལ་སྐོར། བྱ་དགའ།

 
  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཡུལ་སྐོར་ཁྱད་ལྡན་ཚོང་རྫས་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དང་པོ་ཚོགས་པའི་མཛད་སྒོ་དང་ཀྲུང་གོའི་ཡུལ་སྐོར་ཁྱད་ལྡན་ཚོང་རྫས་འགྲན་སྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་དེ་ནང་སོག་རང་སྐྱོང་ལྗོངས་ནས་སྤེལ་ཞིང་།རྒྱལ་ཡོངས་ཀྱི་ས་གནས་ཁག་གིས་འོས་སྦྱོར་བྱས་པའི་ཡུལ་སྐོར་ཚོང་རྫས་སྣ༡༥༠༠༠འགྲན་བསྡུར་ལ་ཞུགས་ཡོད་པའི་ནང་རང་ཞིང་གིས་འོས་སྦྱོར་བྱས་པའི་བོད་ཀྱི་གཙག་དྲུབ་ཇ་རྟའི་གནའ་ལམ་དང་། ཁྲི་ཀའི་སྨན་ཐང་གཉིས་ལ་༢༠༡༧ལོའི་ཀྲུང་གོའི་ཡུལ་སྐོར་ཁྱད་ལྡན་ཚོང་རྫས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།
 

  ཐེངས་འདིའི་བྱ་དགའ་ཨང་དང་པོ་ཐོབ་མཁན་ཁྲི་ཀའི་མིང་དུ་གྲགས་པའི་ལྷ་རིས་པ་བསོད་ནམས་དབང་འདུད།

  ཤེས་གསལ་ལྟར་ན། ཐེངས་འདིའི་འགྲན་སྡུར་དེ་བཟའ་ཆས་དང་། ཇ་རིགས།  སིལ་ཁུ། ཆང་རྫས། འཐག་སླས། གློག་རྡུལ་སྒྲིག་ཆས། གློག་ཆས། རྫ་ཆས། ཤེལ་རྫས། ལྕགས་རིགས། ཀོ་ཆས། ཡག་རྫས། ཞྭ་མོ་དང་ལྷམ། འདོགས་ཆ། རྩེད་ཆས། ལག་ཤེས་ཐོན་རྫས། ཡུལ་སྐོར་དྲན་རྟེན་ལ་སོགས་པའི་ཚོང་རྫས་རིགས༢༠དགར་ཡོད་ཅིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་༣༡ནས་ཡོང་བའི་ཁེ་ལས་༡༤༠༠ལྷག་གི་ཐོན་རྫས་ཆ་ཚང་༡༥༠༠དང་ཡུལ་སྐོར་ཚོང་རྫས་༡༥༠༠༠འགྲན་བསྡུར་ནང་ཞུགས་པ་དང་། ཆེད་ལས་དཔྱད་ཞིབ་པ༤༠ཡིས་འགྲན་ཞུགས་ཚོང་རྫས་ཀྱི་ས་ཁོངས་རང་བཞིན་དང་། ཁྲོམ་ར་རང་བཞིན། བཀོལ་སྤྱོད་རང་བཞིན། གསར་གཏོད་རང་བཞིན། བཟོ་རྩལ་རང་བཞིན། དཔེ་སྟོན་རང་བཞིན་ལ་སོགས་ཕྱོགས་གང་ཅིའི་དགེ་མཚན་ལ་གཞིགས་ནས་ཕན་ཚུར་གཤིབ་བསྡུར་བྱས་མཐར། མཚོ་སྔོན་གྱིས་འོས་སྦྱོར་བྱས་པའི་བོད་ཀྱི་གཙག་དྲུབ་ཇ་རྟའི་གནའ་ལམ་དང་། ཁྲི་ཀའི་སྨན་ཐང་གཉིས་ལ་གསེར་གྱི་བྱ་དགའ་ཐོབ་པ་དང་། གཞན་བོད་ལུགས་ཕུར་མ་དང་། མཚོ་བོད་མཐོ་སྒང་གི་འབྲི་ཞོ་དག་མའི་ཐོན་རྫས་སོགས་ཐོན་རྫས་སྐོར་ཞིག་ལ་དངུལ་གྱི་བྱ་དགའ་ཐོབ།

  ལོ་ཙཱ་བ། ཁོན་ཐར་འཚོ།