2017ལོའི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་བསྡུ་བའི་བརྡ་སྦྱོར།

  ༢༠༡༧ལོའི་སྤྱི་བདེ་ལས་ཁུངས་(ནགས་ཚལ་སྤྱི་བདེ)ཀྱིས་ཞིང་ཆེན་ཡོངས་ནས་མི་དམངས་ཉེན་རྟོག་པ༡༡༦བསྡུ་རྒྱུ་ཡིན་ཞིང་། ༢༠༡༧ལོའི་ཟླ༣པའི་ཚེས༢༥ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་ནས་ཟླ་༣པའི་ཚེས༣༡ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༡༨བར་ཐོ་འགོད་བྱེད་དགོས་པ་དང་། ཟླ༣པའི་ཚེས་༢༥ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་ནས་ཟླ༤བའི་ཚེས༤ཉིན་གྱི་དགོང་མོའི་ཆུ་ཚོད༢༤བར་དུ་ཐོ་འགོད་རིན་པ་སྤྲོད་དགོས། ཆེས་མཐའ་འཇུག་གི་སྙོམ་སྒྲིག་ཐོ་འགོད་དུས་ཚོད་ནི་ཟླ་བཞི་བའི་ཚེས་ལྔ་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ནས་ཕྱི་དྲོའི་ཆུ་ཚོད་༡༦བར་རེད། རྒྱུགས་ཞུགས་ཐོ་འགོད་པས་ཐོག་མར་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བhttp://qh.huatu.com/ཐོག་ཐོ་འགོད་བྱེད་དགོས་ཤིང་། ཐོ་འགོད་བྱེད་དུས་དྲ་ཐོག་ཏུ་གསལ་བྱེད་བྱས་པའི་ཐོ་འགོད་བྱེད་སྟངས་ལྟར་གོ་རིམ་མ་འཆོར་བ་བྱེད་དགོས།

  ཡིག་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས།

  ༢༠༡༧ལོའི་ཟླ༤པའི་ཚེས༢༢ཉིན་གྱི་སྔ་དྲོའི་ཆུ་ཚོད༩ནས་ཆུ་ཚོད༡༡བར། སྲིད་འཛིན་ལས་རིགས་འཇོན་ཐང་གི་ཚོད་རྒྱུགས་ལེན་རྒྱུ་དང་། ཕྱི་དྲོའི་ཆུ་ཚོད་༡༤ནས་༡༦དང་ཕྱེད་ཀའི་བར་དཔྱད་སྒྲུབ་(申论)ཀྱི་རྒྱུགས་གཞི་ལེན་རྒྱུ།

  ཟླ༤བའི་ཚེས༢༣ཉིན། སྤྱི་བདེ་ཆེད་ལས་ཤེས་བྱ། སྔ་དྲོའི་ཆུ་ཚོད་༩ནས་༡༡བར་ལེན་རྒྱུ་རེད། བྱེ་བྲག་གི་ས་གནས་རྒྱུགས་སྤྲོད་ཁྲོལ་ཡིག་ཚད་གཞིར་ཚད་དགོས། ཞིབ་རྒྱས་འདི་ནས་ http://www.qhpta.com/html/4/Content3262.html གཟིགས་རོགས།

  ལོ་ཙཱ་བ། ཁོན་ཐར་འཚོ།