མཚོ་བོད་ལྕགས་ལམ་ཀུང་སིས་ལས་མི་བསྡུ་བའི་བརྡ་སྦྱོར།

  སྐྱེལ་འདྲེན་ཐོན་སྐྱེད་ཀྱི་དགོས་མཁོ་ལྟར་དུ་མཚོ་བོད་ལྕགས་ལམ་ཀུང་སིས༢༠༡༧ལོའི་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་བསྡུ་རྒྱུ་ཡིན་ཞིང་། བསྡུ་དུས་སྒྲིག་ཁྲིམས་བརྩི་སྲུང་དང་གཤིས་སྤྱོད་དྲང་བ། ལྕགས་ལམ་ལས་དོན་ལ་དགའ་ཞེན་ཆེ་བ། ལུས་ཁམས་བདེ་ཞིང་མིག་གསལ་ལ་རྣོ་བ། རྒྱལ་ཁབ་ཀྱི་སློབ་བསྡུའི་འཆར་གཞི་དང་ཉིན་ཧྲིལ་བོའི་སློབ་གཉེར་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཆེད་ཚན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་པའི་༢༠༡༧ལོའི་མཐར་ཕྱིན་སློབ་མ། བསྡུ་བྱའི་ལས་རྐང་གི་རེ་བ་དང་མཐུན་པའི་ཆེད་ཚན་སློབ་ཆེན་པ། ལས་ཁུངས་ཀྱིས་ལས་ཡུལ་གྱི་ལས་ཀའི་སྙོམས་སྒྲིག་དང་ལས་རྐང་བརྗེ་རེས་ཀྱི་དབང་གིས་ལས་རྐང་བཀོད་སྒྲིག་བྱས་པར་དང་ལེན་ཐུབ་པ་དང་། མཐོ་སྒང་གི་གནམ་གཤིས་དང་མཐའ་འཁོབ་ས་ཁུལ་གྱི་ལས་ཀའི་ཁོར་ཡུག་ལ་གོམས་ཐུབ་པ། རི་ཀླུང་ཐང་སྟོང་གི་ལམ་རྒྱུད་དུ་ལས་ཀ་སྒྲུབ་པ་དང་ལས་རེས་ལ་དང་ལེན་ཐུབ་པ་བཅས་ཀྱི་ཆ་རྐྱེན་ཡོད་མིན་ལ་བལྟ་རྒྱུ།

  མིང་ཐོ་འགོད་སྟངས་ནི། ཀྲུང་གོའི་ལྕགས་ལམ་འཇོན་མི་བསྡུ་ལེན་དྲ་བའི་ཐོག་མིང་དངོས་ཐོ་འགོད་བྱས་ནས་མིང་ཐོ་འགོད་དགོས་ཤིང་། མི་རེ་ནས་ལས་རྐང་གཅིག་རེར་མ་གཏོགས་མིང་ཐོ་འགོད་མི་རུང་། མིང་ཐོ་འགོད་པའི་དུས་ཚོད་༢༠༡༧ལོའི་ཟླ༣པའི་ཚེས༡ཉིན་ནས་ཟླ༤བའི་ཚེས༣༠ཉིན་བར་ཡིན།

  ༢༠༡༧ལོའི་ཟླ༣པའི་ཚེས༥ཉིན་ནས་ཟླ༥བའི་ཚེས༢༠ཉིན་བར་དུ་ངེད་ཀུང་སིས་ལས་རྐང་གི་དགོས་མཁོ་དང་སློབ་མའི་སློབ་ཁུངས། སློབ་ཁྲིད་ཀྱི་སྤུས་ཚད་བཅས་ལ་གཞིགས་ནས་དུས་བཅད་ལྟར་སྐོར་ཁག་བགོས་ནས་དཔྱད་ཞིབ་འདེམ་གསེས་བྱ་རྒྱུ་ཡིན་ཞིང་། སློབ་མའི་བཟང་ངན་དེ་མཐར་ཕྱིན་སློབ་མར་ཡུལ་དངོས་སུ་ཐོབ་ཐང་ཞིབ་བཤེར་དང་ཁ་རྒྱུགས་ལེན་སྐབས་གཏན་འཁེལ་བྱེད་རྒྱུ་ཡིན། དུས་ཚོད་དང་ས་གནས་ཀྱི་བརྡ་སྦྱོར་ཀྲུང་གོའི་ལྕགས་ལམ་འཇོན་མི་བསྡུ་ལེན་དྲ་ཚིགས་སུ་བསྒྲག་རྒྱུ་ཡིན་པས།

  ལས་ཀ་འདིར་དགའ་ཞེན་དང་དུང་བ་ཡོད་མཁན་གྱི་ད་ལོའི་མཐར་ཕྱིན་སློབ་མ་ཚོས་དུས་ལྟར་དྲ་ཚིགས་སུ་ཐོ་འགོད་བྱས་ནས་ངེད་ཀྱི་ལས་བསྡུ་གནས་ཚུལ་ལ་ལྟ་རྒྱུ་མ་བརྗེད་རོགས།

  ཡུལ་དངོས་ངོས་འཛིན་དང་ཁ་རྒྱུགས་ཀྱི་རིམ་པའི་ནང་གཤམ་གྱི་རྒྱུ་ཆ་འདི་དག་འཁྱེར་ཡོང་རྒྱུ་མ་བརྗེད།

  ༡ ཀྲུང་གོའི་ལྕགས་ལམ་འཇོན་མི་བསྡུ་ལེན་དྲ་ཚིགས་ཐོག་ནས་མཐར་ཕྱིན་སློབ་མའི་གདན་ཞུ་ཐོ་འགོད་རེའུ་མིག་དཔར་མ་དགོས་ལ། རེའུ་མིག་རང་གིས་བསྐོང་དགོས།

  ༢ ཐོབ་ཐང་ལག་འཁྱེར་དང་དེའི་བསྐྱར་དཔར་རེ་དགོས།

  ༣ མཐར་ཕྱིན་སློབ་མའི་ལས་ཞུགས་འོས་སྦྱོར་རེའུ་མིག་དང་། ལས་ཞུགས་གྲོས་མཐུན་ཡི་གེའི་དངོས་དགོས།

  ༤ སློབ་གྲྭར་བསླབས་ཟིན་པའི་རིག་ཚན་ཡོངས་ཀྱི་སྦྱངས་འབྲས་རེའུ་མིག་ཐམ་ག་བརྒྱབ་ཡོད་པ་འཁྱེར་ཡོང་དགོས།

  ༥ ཉེ་བའི་ཟླ་གསུམ་རིང་གི་ལུས་བཤེར་སྙན་ཞུ་(རིམ་པ་གཉིས་པའི་ཚད་རིམ་དང་པོ་དང་དེའི་ཡན་གྱི་སྨན་ཁང་གི་ལུས་བཤེར་དཔྱད་འབྲས་དགོས་པ་སྟེ། ཁྲག་ཤེད་དང་མིག་གི་རྣོ་མིན། རྣ་བའི་ཐོས་ཚད། སྙིང་པར། བྲང་ཁོག་གི་པར། ཁྲག་དང་གཅིན་པ། མཆིན་པ། མཁལ་མ་ལ་སོགས་བརྟག་བཤེར་བྱེད་དགོས། )དགོས།

  ༦ རང་ཉིད་ལ་གཟེངས་རྟགས་གང་ཡོད་དང་ཐོབ་ཐང་དཔང་ཡིག ཡང་ན་ཡོན་ཚད་སྐོར་གྱི་རྒྱུ་ཆ་དངོས་དང་བསྐྱར་དཔར་རེ་དགོས།

  མཐར་ཁ་རྒྱུགས་ཀྱི་དཔྱད་ཞིབ་མཇུག་འབྲས་ལ་གཞིགས་ནས་ལས་ཀའི་རེ་བ་དང་བསམ་སྤྱོད་སོགས་བློར་འབབ་པའི་མཐར་ཕྱིན་སློབ་མ་བསྡུ་རྒྱུ་གཏན་འཁེལ་བྱས་ཐོག ཀྲུང་གོའི་ལྕགས་ལམ་འཇོན་མི་དྲ་ཚིགས་ཐོག་ཉིན་བདུན་ལ་ཡོངས་བསྒྲགས་བྱ་རྒྱུ་དང་། ཡོངས་བསྒྲགས་ཀྱི་རིང་ལ་བསམ་འཆར་གཞན་མེད་ཚེ་མཐར་ཕྱིན་སློབ་མའི་བར་ལས་ཞུགས་ཀྱི་གྲོས་མཐུན་དང་ཁ་གསབ་ཀྱི་གྲོས་མཐུན་ཡི་གེ་འཇོག་རྒྱུ།

  ཐེངས་འདིའི་ལས་བསྡུར་གདན་ཞུའི་མཐར་ཕྱིན་སློབ་མས་རང་ཉིད་ཀྱི་མིང་ཐོག་ནས་ཐོ་འགོད་བྱེད་དགོས་པ་ལས་ཡིག་ཟམ་དང་མི་གཞན་གྱིས་ཚབ་བྱེད་སོགས་བརྒྱུད་ནས་ཐོ་འགོད་གཏན་ནས་མི་རུང་བ་དང་། དུས་ལྟར་ཀྲུང་གོའི་ལྕགས་ལམ་འཇོན་མི་དྲ་ཚིགས་ཀྱི་ཆ་འཕྲིན་ལ་བལྟས་ཏེ་དུས་ཚོད་དང་ས་གནས་གཏན་འཁེལ་ལྟར་ལས་བསྡུར་ཞུགས་དགོས། གལ་སྲིད་དུས་ལྟར་ཞུགས་མ་ཐུབ་ན་དེ་ནང་ལྟར་དུ་གོ་སྐབས་གཡུག་རྒྱུ། མིང་ཐོ་འགོད་དུས་འབྲེལ་ཡོད་ཆ་འཕྲིན་དང་ཡར་སྤྲད་པའི་ལས་བསྡུའི་རྒྱུ་ཆ་ཡང་དག་ཡིན་དགོས། གལ་སྲིད་བཅོས་མ་ཡིན་པ་ཤེས་རྗེས་ལས་བསྡུའི་ཐོབ་ཐང་ཕྱིར་འཐེན་རྒྱུ། ཐེངས་འདིའི་མིང་ཐོ་འགོད་པར་རིན་པ་གང་ཡང་མི་ལེན་པས་གཞན་པའི་མགོ་སྐོར་ལ་གཟབ་རྒྱུ་ཧ་ཅང་གལ་ཆེ། གནས་ཚུལ་ཞིབ་རྒྱས་འདྲི་འདོད་ན་ཁ་པར་ཨང་གྲངས0971-7192757ལ་འབྲེལ་བ་བྱས་ཆོག འབྲེལ་བ་བྱེད་པའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་08:00-12:00 14:30-18:00བར་ཡིན།

  མཚོ་བོད་ལྕགས་ལམ་ཀུང་སིའི་མི་དོན་པུའུ། ༢༠༡༧ལོའི་ཟླ༣པའི་ཚེས༡ཉིན་ལ།