སྤྱི་ཚེས༢༠ཉིན་བར་དུ་ཟི་ལིང་ནས་སྟོང་སྐོར་དང་རིག་སྨོན་བར་གྱི་གཞུང་ལམ་ཁག་གི་ལམ་ཕྱེད་བཀག་སྡོམ་བྱ་རྒྱུ་རེད།

   མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་གྱི་སྟོད་པ་གྲོང་རྡལ་གྲ་མ་ལུང་གྲོང་ཚོ་ནས་རྨ་ལྷོ་ཁུལ་རིག་སྨོན་གྲོང་རྡལ་བར་གྱི་གཞུང་ལམ་ཨར་ལས་ཀྱི་ལས་འགན་དུས་ལྟར་འགྲུབ་ཆེད་དང་། ལེ་དབར་1891 +སྨི300མཚམས་སུ་ཟམ་པ་འཕེན་པའི་ཨར་ལས་ཀྱིས་ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱི་བདེ་འཇགས་ལ་གནོད་པ་མི་ཡོང་ཆེད་དུ། སྤྱི་ཟླ༩བའི་ཚེས༡༣ཉིན་ནས་ཚེས༢༠ཉིན་བར་དུ་(མཚན་མོར་བཀག་སྡོམ་མི་བྱེད)ཅིང་བོད་གཞུང་ལམ་གྱི་ཟི་ལིང་ནས་སྟོང་སྐོར་དང་། རིག་སྨོན་བར་གྱི་རིམ་པ་དང་པོའི་གཞུང་ལམ་ལས་ལེ་དབར1891+སྨི100མཚམས་ནས་ལེ་དབར1891+སྨི500མཚམས་(མོ་རྡོ་རྗེ)ཀྱི་ལམ་ཕྱེད་བཀག་སྡོམ་བྱས་ནས་ཨར་ལས་བྱེད་དགོས་བྱུང་བས། རླངས་འཁོར་གྱི་མྱུད་ཚད་དེ་ཆུ་ཚོད་རེར་ལེ་དབར30ཙམ་དུ་ཚད་བཀག་བཟོས་ཡོད་ལ། རླངས་འཁོར་རྣམས་ལམ་ཕྱེད་བཀག་སྡོམ་གྱི་སར་སླེབས་མཚམས་སུ་དལ་བགྲོད་ཀྱིས་འགྲིམ་འགྲུལ་ཉེན་རྟོག་པ་དང་། ལམ་སྲིད་པ། འགྲིམ་འགྲུལ་བདེ་སྲུང་བའི་བཀོད་འདོམས་ལ་བརྩི་སྲུང་བྱེད་རོགས། གཞན་ལམ་ཕྱེད་བཀག་སྡོམ་གྱི་དབང་གིས་བསྐོར་ལམ་གཞན་དེད་ནས་བགྲོད་མཁན་རླངས་འཁོར་རྣམས་ལ་སྔ་མོ་ནས་གྲ་སྒྲིག་ཡོད་པར་གྱིས།

  ལོ་ཙཱ་བ། ཁོན་ཐར་འཚོ།