དམངས་གཉེར་ཚབ་ཁྲིད་དགེ་རྒན་ལ་ཟླ་རེར་འཚོ་བའི་ཁ་གསབ་སྒོར་སྟོང་ཡན་གནང་རྒྱུ།

  1.དགེ་རྒན་གྱི་ཕྱག་ལས་གཉེར་ནས་ལོ་15དང་ལོ་15ཡན་འགོར་ཞིང་ལས་གནས་ལས་བུད་པའི་དམངས་གཉེར་ཚབ་ཁྲིད་དགེ་རྒན་གྱིས་2010ལོའི་གཞུང་གཉེར་དགེ་རྒན་གྱི་ཟླ་རེའི་ཆ་སྙོམས་ཀྱི་ཟླ་ཕོགས་ལྟར་ལས་འཁྱུར་ངལ་གསོའི་འགྲོ་ལུགས་བསྒྲུབ་ཆོག་པ་དང་། ལས་འཁྱུར་གྱི་ལོ་ཚད་ལ་ལོན་པའི་དམངས་གཉེར་ཚབ་ཁྲིད་རྒན་གྱིས་གཞུང་གཉེར་དགེ་རྒན་གྱི་ལས་འཁྱུར་ངལ་གསོའི་ཟླ་ཕོགས་ཀྱི་85%བླངས་ཆོག དེ་ལས་(ལས་འཁྱུར་གྱི་ལོ་དུས་དང་འདའ་བ་ཡིན་ཚེ་ལས་འཁྱུར་གྲོན་དངུལ་ཆད་གསབ་རྒྱག་རྒྱུ)།

  2.དགེ་རྒན་བྱས་ཏེ་ལོ་10ནས་ལོ་14འགོར་བའི་ཚབ་ཁྲིད་དགེ་རྒན་གྱིས་ལོ་15ཡི་འགན་སྲུང་དངུལ་ཁ་གསབ་སྤྲད་ཡོད་ན། རྒྱལ་ཁབ་ཀྱི་2010ལོའི་གཞུང་གཉེར་དགེ་རྒན་གྱི་ཟླ་རེའི་ཆ་སྙོམས་ཀྱི་ཟླ་ཕོགས་ཀྱི་ཚད་གཞི་ལྟར་དུ་ལས་འཁྱུར་ངལ་གསོའི་འགྲོ་ལུགས་བསྒྲུབ་ཆོག་པ་དང་། འགྲོ་ལུགས་སྒྲུབ་པའི་ཟླ་དེའི་ཟླ་ཕྱི་མ་ནས་བཟུང་གཞུང་གཉེར་དགེ་རྒན་གྱི་ཟླ་རེའི་ཆ་སྙོམས་ཀྱི་ལས་འཁྱུར་ངལ་གསོའི་གླ་ཕོགས་ཀྱི་70%བླངས་ཆོག (འགན་སྲུང་དངུལ་ཁ་གསབ་བྱེད་ཐབས་ཤིག་ནི་2010ལོའི་གཞུང་གཉེར་དགེ་རྒན་གྱི་ཟླ་རེའི་ཆ་སྙོམས་ཟླ་ཕོགས་ཀྱི་40% སྤྲོད་དགོས་པ་དང་། 60%རྒྱལ་ཁབ་གྱིས་སྤྲོད་དགོས་པ་དེ་རེད།)

  3.དགེ་རྒན་བྱས་ཏེ་ལོ་10འགོར་མེད་ན་རང་ཉིད་ནས་ལོ་15ཡི་འགན་སྲུང་དངུལ་ཁ་གསབ་རྒྱག་དགོས། (འགན་སྲུང་དངུལ་ཁ་གསབ་བྱེད་ཐབས་ནི་ལོ་10ནས་ལོ་14འགོར་བའི་མ་དངུལ་སྤྲོད་སྟངས་དང་དང་གཅིག་མཚུངས་ཡིན། གལ་ཏེ་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་སླེབས་ཡོད་ཚེ་ཚབ་ཁྲིད་དགེ་རྒན་གྱིས་གཞུང་གཉེར་དགེ་རྒན་གྱི་ཟླ་རེའི་ཆ་སྙོམས་ཀྱི་ལས་འཁྱུར་ངལ་གསོའི་གླ་ཕོགས་ཀྱི་60%བླངས་ཆོག་པ་རེད།

  4.དགེ་རྒན་བྱས་ནས་ལོ་གཅིག་འགོར་རྗེས་སུ་ལས་གནས་བུད་པའི་ཟླ་དེ་ནས་བཟུང་ཚབ་ཁྲིད་དགེ་རྒན་ལ་ཟླ་རེར་སྒོར་1500ནས་སྒོར1800གི་འཚོ་བའི་རོགས་དངུལ་ཁ་གསབ་རྒྱག་རྒྱུ་ཡིན་པ་དང་། 2017ལོའི་ཟླ་7པའི་ཟླ་སྟོད་ལ་འཕྲོ་ལྷག་མེད་པར་ཚང་མའི་ལག་ཏུ་སྤྲོད་རྒྱུ་ཡིན་མ་ཟད། ལས་འཁྱུར་ངལ་གསོའི་གླ་ཕོགས་ལེན་པའི་བར་དུ་གནང་རྒྱུ་རེད།

  མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་།

  མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།

  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

  གལ་ཏེ་ཁྱོད་ཀྱི་གཉེན་ཉེ་དང་གྲོགས་པོའི་ནང་ན་ལོ་1ཡན་གྱི་དམངས་གཉེར་དགེ་རྒན་དང་ཚབ་ཁྲིད་དགེ་རྒན་བྱས་མྱོང་ཡོད་ན། གནས་ཚུལ་འདི་མ་གསང་བར་ཕན་ཚུན་ལ་བཤད་རོགས་ཀྱིས་དང་། སྔོན་ཆད་ཀྱི་དམངས་གཉེར་དགེ་རྒན་ནམ་ཚབ་ཁྲིད་དགེ་རྒན་གྱི་ཟླ་ཕོགས་དམའ་བས་སྲིད་ཇུས་ཡག་པོ་འདི་ཚང་མས་གཅིག་ལ་གཅིག་ཏུ་བརྒྱུད་ནས་ཁོ་ཚོར་ཤེས་སུ་འཇུག་རྒྱུ་ནི་ཧ་ཅང་གི་གལ་ཆེ།

  ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།