བོད་ལྗོངས་མངའ་རིས་ཀྱིས་སློབ་ཆེན་མཐར་ཕྱིན་སློབ་མ་བསྡུ་བ།

  2017ལོར། མངའ་རིས་ས་ཁུལ་གྱིས་མུ་མཐུད་དུ་རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་ཕུལ་བྱུང་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་བསྡུ་རྒྱུ་ཡིན་པ་དང་། འབྲེལ་ཡོད་ལས་དོན་སྤྱི་བསྒྲགས་གཤམ་གསལ་ལྟར།

  གཅིག དགོས་ངེས་ཀྱི་ཆ་རྐྱེན།

  1.དངོས་གཞི་ཚན་ཁག་དང་དེའི་ཡན་གྱི་ཡོན་ནས་ཡིན་དགོས།

  2.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཀྱི་མི་ཡིན་དགོས།

  3 དངོས་གཞི་སློབ་མ་ལོ་ན་30མན་དང་། འབུམ་རམས་པ་དང་རབ་འབྱམས་པ་35མན་ཡིན་དགོས།

  གཉིས། བསྡུ་བྱའི་ཆེད་ལས།

  དྲུང་ཡིག་དང་ཁྲིམས་རིག དཔལ་འབྱོར། དོ་དམ། བཅའ་ཁྲིམས། ནོར་རྩིས། དྲ་རྒྱའི་ལག་རྩལ། རིག་གནས་ལོ་རྒྱུས། སློབ་གསོ། ཞིབ་འཇུག གསར་འགྱུར། རྩོམ་རིག རིན་གོང་། ནུས་ཁུངས་གྲོན་ཆུང། ཁོར་ཡུག་སྲུང་སྐྱོང་། བཙོན་ཁང་རིག་པ། སེམས་ཁམས་རིག་པ། སྨན་པ། ཡུལ་སྐོར། ནད་ཐོག་གསོ་རིག གསོ་རིག་བརྟག་བཤེར། གསོ་རིག་ནད་སྐྱོང་། སྨན། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྲིག་སྦྱོར། དབྱིན་ཡིག་སོགས་ཀྱི་ཆེད་ལས་ཡིན་དགོས།

  གསུམ། ཟླ་ཕོགས།

  འཇོན་མི་བསྡུ་ལེན་བྱས་རྗེས། མངའ་རིས་ས་ཁུལ་གྱི་ཟླ་ཕོགས་རིགས་བཞིའི་རྨང་གཞིའི་ཐོག་དམིགས་བསལ་ཟླ་ཕོགས་ཀྱི་སྲིད་ཇུས་ལོངས་སྤྱོད་ཐུབ། ཟླ་རེར་གླ་ཕོགས་ནི་འབུམ་རམས་པར་སྒོར12000དང་། རབ་འབྱམས་པར་སྒོར་11000། ཡོན་གནས་གཉིས་ལྡན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་མ་དང་། ཡང་ན་ཞིབ་འཇུག་སློབ་མའི་ཡོན་གནས་མེད་པའི་མཐར་ཕྱིན་སློབ་མར་ཟླ་རེར་ཟླ་ཕོགས་སྒོར་9700དང་། དངོས་གཞི་མཐར་ཕྱིན་སློབ་མར་ཟླ་རེར་ཟླ་ཕོགས་སྒོར9600ཡོད།

  བཞི། བྱ་དགའ།

  འབུམ་རམས་པ་དང་རབ་འབྱམས་པ། དངོས་གཞི་སློབ་མ་སོ་སོར་སྒོར་ཁྲི་15དང་སྒོར་ཁྲི་10། སྒོར་ཁྲི་5བཅས་ཀྱི་འཇོན་མི་ནང་འདྲེན་གྱི་བྱ་དགའ་ཡོད་པ་དང་། ལོ་ལྔའི་ནང་ལོ་འཁོར་གྱི་བསྡུར་ཚད་ལྟར་ཡོངས་རྫོགས་སྤྲོད་རྒྱུ།

  ལྔ། ལས་སྒྲུབ་དུས་ཚད།

  མངའ་རིས་ས་ཁུལ་གྱི་ལས་ཞུགས་ཚོད་ལྟའི་དུས་ཡུན་ལོ་གཅིག་ཡིན་ལ། ཚོད་ལྟའི་དུས་ཡུན་ལོངས་རྗེས་ལས་གནས་གཏན་འབེབས་བྱ་རྒྱུ། དེ་ཡང་བོད་ལྗོངས་སུ་ཞབས་ཞུ་དུས་ཡུན་དེ་འབུམ་རམས་པ་དང་རབ་འབྱམས་པ། དངོས་གཞི་སློབ་མ་བཅས་ཀྱི་ཆེས་ཐུང་བའི་ལོ་ཚད་ནི་ལོ8ཡིན་ལ། དེའི་ནང་དུ་ཚོད་ལྟའི་ལོ་གཅིག་པུ་ཡང་འདུས།མངའ་རིས་སུ་ལས་ཀ་སྒྲུབ་པར་མོས་པ་ཡོད་མཁན་གྱི་མཐར་ཕྱིན་སློབ་མ་ཡོད་ན་ཁ་པར་ཨང་གྲངས 13908978676 0897-2828709སྟེ་སྒྲོན་དཀར་ལགས་དང་། ཁ་པར་ཨང་གྲངས13889073420 0897-2828709སྐལ་བཟང་རྒྱལ་མཚན་གཉིས་ལ་འབྲེལ་བ་ཞུས་ཆོག ཡིག་ཟམ་ rencaigzk@163.comཡིན། །

  ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།