ཟི་ལིང་གི་ལས་ཁུངས་གཉིས་ཀྱིས་ལས་བྱེད་38བསྡུ་བ།

  དང་པོ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་གཉིས་པས་ལས་བྱེད་བསྡུ་བ།

  ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ལྷན་གྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཀྱི་ཆེད་ལས་ལས་བྱེད་པ་༢༨བསྡུ་རྒྱུ་ཡིན་ཞིང་། རྒྱུགས་ཞུགས་ཐོ་འགོད་པ་རྣམས་ཀྱིས་ཟི་ལིང་གྲོང་ཁྱེར་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ (http://rsks.xnrsj.gov.cn/)བརྒྱུད་2017ལའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9—ཚེས29ཉིན་གྱི་ཆུ་ཚོད24བར་ལ་ཐོག་མར་མིང་ཐོ་འགོད་དགོས་པ་དང་། ཆ་འཕྲིན་བཟོ་བཅོས་རྒྱག་དགོས་ན། ཟླ3པའི་ཚེས30ཉིན་གྱི་ཆུ་ཚོད9ནས—ཟླ་4བའི་ཚེས1ཉིན་གྱི་ཆུ་ཚོད18བར་དྲ་ཐོག་ཏུ་བཅའ་དགོས། ཐོབ་ཐང་ཞིབ་བཤེར་གྱི་དུས་ཚོད་ནི་2017ལོའི་ཟླ3ཚེས27ཉིན་གྱི་ཆུ་ཚོད9—2017ལོའི་ཟླ4ཚེས1ཉིན་གྱི་ཆུ་ཚོད18བར་རེད། དེའི་བར་དུ་ཐོ་འགོད་བྱེད་མཁན་གྱིས་ཁ་པར་ལ་ཆད་སྐྱོན་འདྲ་མིན་མི་ཤོར་བ་གྱིས།

  ཐོ་འགོད་བྱེད་དུས་དྲ་ཐོག་གི་ལས་བྱེད་བསྡུ་བའི་བརྡ་སྦྱོར་ལ་ཞིབ་ཀློག་ནན་མོ་བྱས་ཏེ་དྲ་ཐོག་ཐོ་འགོད་ཀྱི་འབྲེལ་ཡོད་བླང་བྱ་དང་ཁ་དན་ལྟར་དུ་འབྲེལ་ཡོད་ཆ་འཕྲིན་ངོ་མ་བཀོད་ནས་ཐོ་འགོད་བྱེད་དགོས། ཟླ3པའི་ཚེས27ཉིན་ནས་ཟླ4བའི་ཚེས1ཉིན་གྱི་སྔ་རོལ་ཏུ་ཐོབ་ཐང་ལག་འཁྱེར་དང་། མཐར་ཕྱིན་འཛིན་ཡིག ཡོན་གནས་འཛིན་ཡིག སློབ་མའི་འཛིན་ཡིག སྨན་པའི་ཐོབ་ཐང་དཔང་ཡིག་ལ་སོགས་པའི་དངོས་དཔང་གི་བཤེར་འབེབས་པར་མ་དག་ཡིག་སྒམ་དུ་བཅུག་ཐོག ལས་བསྡུའི་ཆེད་ལས་དང་རང་མིང་བྲིས་ནས་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ཡིག་ཟམ xnsyyyhr@163.comདང་།ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་ཡིག་ཟམ564065528@qq.comནང་ལ་བསྐུར་དགོས།
 

འབྲེལ་གཏུག་བྱ་ཡུལ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་རྒན་སུང་(宋老师)ལགས། ཁ་པར་ཨང་གྲངས0971—7914163།

             ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་(邓老师)རྒན་ཏེན་ལགས། ཁ་པར་ཨང་གྲངས།0971—5130017བརྒྱུད2061ལ་གཏོང་དགོས།
ལྟ་སྐུལ་ཁ་པར་གྱི་ཨང་གྲངས། 0971—6163863

  གཉིས་པ། ཟི་ལིང་གྲོང་ཁྱེར་འོན་ལྐུགས་སློབ་གྲྭ་ཆེད་ལས་དགེ་རྒན་བསྡུ་བ།

  ཟི་ལིང་གྲོང་ཁྱེར་འོན་ལྐུགས་སློབ་གྲྭས་ཆེད་ལས་དགེ་རྒན་བསྡུ་བའི་ལག་བསྟར་འཆར་ཇུས་ལྟར་དུ་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཆེད་ལས་དགེ་རྒན་6བསྡུ་རྒྱུ་ཡིན་ཞིང་། གཙོ་བོ་དགོས་ངེས་ཀྱི་ཆ་རྐྱེན་ཚང་བའི་སློབ་ཆེན་སློབ་མ་བསྡུ་རྒྱུ་ཡིན་པ་དང་། དེའི་ནང་དགོས་ངེས་ཀྱི་ཆ་རྐྱེན་དང་མཐུན་པའི་དོན་ལས་སྡེ་ཚན་གྱི་ལས་ཐོག་སྒྲིག་ཁུངས་ལྡན་པའི་ལས་བྱེད་ཀྱང་ཚུད་ཡོད་པས། ལས་བྱེད་དེ་དག་གིས་ད་ཡོད་ཀྱི་ལས་ཁུངས་དང་དེའི་གོང་རིམ་གཙོ་གཉེར་སྲིད་འཛིན་སྡེ་ཁག་གི་མོས་འཐད་འོག་ཐེངས་འདིའི་ལས་བསྡུར་ཞུགས་ཆོག

  འཆར་གཞི་ཡིན་ན་འོན་ལྐུགས་སློབ་མའི་སྐད་ཡིག་དགེ་རྒན་གསུམ་དང་། འོན་ལྐུགས་སློབ་མའི་གྲངས་རིག་དགེ་རྒན་གཅིག རིག་སློབ་གྲངས་རིག་དགེ་རྒན་གཅིག དམིགས་བསལ་སློབ་གསོ་སྟེ་ལུས་རྩལ་དགེ་རྒན་གཅིག་བཅས་སྡོམ་པས་དགེ་རྒན་དྲུག་བསྡུ་རྒྱུ་རེད།

  2017ལོའི་ཟླ་3པའི་ཚེས24ཉིན་གྱི་ཆུ་ཚོད8ནས་ཚེས26ཉིན་གྱི་ཆུ་ཚོད་24བར་ཟི་ལིང་གྲོང་ཁྱེར་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(http://rsks.xnrsj.gov.cn/)

  ཐོག་ཐོ་འགོད་བྱེད་དགོས་ཤིང་། ཐོ་འགོད་བྱེད་དུས་དྲ་ཐོག་གི་ལས་བསྡུའི་སྤྱི་བསྒྲགས་ལ་ཞིབ་ཀློག་བྱས་ཏེ་དྲ་ཐོག་ཐོ་འགོད་ཀྱི་བླང་བྱ་དང་ཁ་དན་ལྟར་དུ་རང་ཉིད་ཀྱི་ཆ་འཕྲིན་ངོ་མ་བཀོད་ནས་མིང་ཐོ་འགོད་དགོས། མིང་ཐོ་འགོད་དུས་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་། མཐར་ཕྱིན་འཛིན་ཡིག ཡོན་གནས་འཛིན་ཡིག སློབ་མའི་འཛིན་ཡིག དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་དང་འབྲེལ་ཡོད་དཔང་ཡིག་གཞན་དག་བཅས་ཀྱི་བཤེར་འབེབས་པར་མ་ཡིག་སྒམ་དུ་བཅུག་ཐོག་ལས་བསྡུའི་ཆེད་ལས་དང་རང་མིང་བྲིས་ཏེ་ཡིག་ཟམ xnsjyjjszp@sina.comལ་བསྐུར་དགོས།

  གསལ་འདྲི་དགོས་ན་ཁ་པར་ཨང་གྲངས0971-4393114--3 4727530 བརྒྱུད་དེ་དགེ་རྒན་ཧྥེན་(冯老师)དང་དགེ་རྒན་མཱ་གཉིས་(马老师)ལ་དྲིས་ཆོག་གོ།

  ལོ་ཙཱ་བ། ཁོན་ཐར་འཚོ།