མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ང་ཚོ་དང་གཅིག་སེམས་གཅིག་ལ་འདྲེས་པའི་ཞི་ཅིན་ཕིང་ལགས་ཀྱི་ལམ་ཕྱོགས་གསར་བ།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཐོག ཞི་ཅིན་ཕིང་གིས་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་སླེབས་པར་རིགས་པས་ཁ་ཚོན་བཅད་དེ།  ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀུན་ནས་ལག་རྡང་དམ་སྦྲེལ་གྱིས་འོད་སྟོང་འབར་བའི་གྲུབ་འབྲས་གསར་གཏོད་ཀྱི་ལམ་ཕྱོགས་བསྟན་པས།  འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བསྐྱར་དར་དམ་བཞག་གི་ཏང་སེམས་དང་དམངས་བློ་ལ་སྙིང་སྟོབས་བསྩལ་བ་མ་ཟད། ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་འབད་བརྩོན་དང་།  ཡང་བསྐྱར་འོད་སྟོང་འབར་བའི་གྲུབ་འབྲས་གཏོད་པའི་གདེང་ཚོད་དང་ཆོད་སེམས་ཕྱོགས་གཅིག་ཏུ་བསྡུས། 

དུས་རབས་གསར་བ།

དུས་རབས་གསར་བ་འདིས་འདས་པའི་ལོ་ཟླའི་ནང་དཀའ་སྤྱད་འབད་འཐབ་དོན་གཉེར་གྱི་བློ་ཕུགས་གཅིག་ཏུ་བསྡུས་ཡོད་ཅིང་། མ་འོང་བའི་འོད་སྟོང་གི་ཕུགས་འབྲས་གསར་གཏོད་ལ་རེ་བཞག་བསྣམས་ཡོད།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་དུ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་སླེབས་པ་ནི།  ཀྲུང་ཧྭ་མི་རིགས་འདི་ཡར་ལངས་པ་ནས་འབྱོར་ལྡན། དེ་ནས་སྟོབས་ལྡན་ལ་ཕྱོགས་པའི་རླབས་ཆེན་བར་བརྒལ་དང་། འཛམ་གླིང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་པ།  མིའི་རིགས་ཀྱི་གནད་དོན་ཐག་གཅོད་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་ཐབས་འབུལ་བའི་མཚོན་རྟགས་ཡིན།
        རིགས་པས་བརྡར་གཅོད་གསར་བ་ནི།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བ་སླེབས་པ་དེ་ཡིན།

ཁྱད་ཆོས་གསར་བ་ནི། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་ཉིན་རེར་འཕེལ་བཞིན་པའི་མི་དམངས་ཀྱི་འཚོ་བ་མཛེས་པོ་ཡོང་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་མཁོ་དགུ་དོན་བཞིན་བསྐང་མི་ཐུབ་པའི་འཕེལ་རྒྱས་བར་གྱི་འགལ་བ་རུ་འགྱུར་བ་དེ་ཡིན།

དམིགས་འབེན་གསར་བ་ནི། གོམ་པ་གཉིས་སུ་ཕྱེས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།

བླང་བྱ་གསར་བ་ནི།  བློ་ཐག་རྦད་ཆོད་ཀྱིས་ཏང་ནན་སྐྱོང་བགྱིས་ཏེ།  ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་མུ་མཐུད་ནས་ཇེ་མཐོར་གཏང་དགོས་པ་དེའོ།།

ཐོག་མའི་སེམས་འདུན་ཡིད་ལ་དམ་པོར་འཆང་དགོས། 

དུས་དང་རྣམ་པ་ཀུན་ཏུ་ཚུགས་ཐུབ་ཀྱི་བསམ་བློ་འཁྱེར་སོ་མི་ཉམས་ཤིང་།དཔའ་ངར་ཞུམ་མེད་ཀྱི་འབད་སེམས་དང་སྤོབས་ཉམས་ལྡན་དགོས།

ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་སེམས་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་བྱ་རྒྱུ་དེ་ཡིན། འདི་གཉིས་ནི་ཀྲུང་གོ་གུང་ཁྲན་ཏང་མུ་མཐུད་མདུན་སྐྱོད་ལ་སྐུལ་བའི་རྩ་བའི་སྒུལ་ཤུགས་ཡིན།

ཏང་ཡོངས་ལ་ཐོག་མའི་སེམས་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཆང་པའི་སློབ་གསོ་གཏིང་ཟབ་བཏང་སྟེ།  ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློ་ལ་གོ་ཆ་སྤྲས་ཐོག  ཏང་ཡོངས་ནས་དུས་རབས་གསར་བའི་ཏང་གི་ལོ་རྒྱུས་འགན་འཁྲི་མངོན་འགྱུར་ལ་རང་རྟོགས་ཀྱིས་འབད་པ་ལྷོད་མེད་བྱེད་པར་ཡར་སྐུལ་བྱེད་དགོས།

དམངས་བློར་འབབ་པའི་གསུང་།

མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་།  བདེ་སྣང་མུ་མཐུད་ནས་ཁེངས་ཐུབ་པ་བྱ་རྒྱུ། 

༡ ཁང་པ་ནི་སྡོད་ས་ཁོ་ནར་སྤྱོད་བྱ་ཞིག་ལས་ཚོང་ཆེན་རྒྱག་བྱེད་ཀྱི་ཚད་ཐིག་ཅིག་མིན་པ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱ་རྒྱུ།

༢ བྱིས་པ་རྣམས་ཀྱིས་འདྲ་མཉམ་དང་སྤུས་ལེགས་པའི་སློབ་གསོ་མྱོང་དུ་འཇུག་པར་འབད་པ་བྱ་རྒྱུ།

༣ སྔོ་བསངས་ནམ་མཁའ་སྲུང་སྐྱོང་གི་གཡུལ་འཐབ་ལས་རྣམ་པར་རྒྱལ་རྒྱུ།

༤ ལག་ལེན་དངོས་ལ་བརྟག་ནས་ཕུལ་དུ་བྱུང་བའི་ན་གཞོན་ལས་བྱེད་པ་འདེམ་རྒྱུ།

༥ རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཚད་ལ་སླེབས་རྗེས་མུ་མཐུད་ནས་ལོ་སུམ་ཅུ་ལ་བསྲིངས་རྒྱུ།

༦ དབུལ་བོའི་མི་འབོར་དང་དབུལ་བོ་ས་ཁུལ་དག་རྒྱལ་ཡོངས་དང་མཉམ་གཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པ་སོགས་བྱ་རྒྱུ།

མི་དམངས་ཁྲི་ཕྲག་མང་བོའི་བློ་རྩ་གཅིག་ཏུ་གྲིལ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཐོག་ཀུའེ་ཀྲོའུ་ཞིང་ཆེན་གྱི་འཐུས་ཚབ་པ་རྣམས་ལ།

ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་སེམས་གཅིག་ཏུ་བསྡུས་ཤིང་གསར་གཏོད་ཡར་བརྩོན་གྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མདུན་ནས་མདུན་དུ་སྐྱོད་པར་སྐུལ་སྤེལ་བྱེད་དགོས།

ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་མི་དམངས་དང་མཉམ་དུ་དཔུང་བ་མཉམ་གཤིབ་དང་། ལས་དབང་མཉམ་བརྩོན།  སེམས་པ་མཉམ་མཐུན་གྱི་ངང་ནས་མི་དམངས་ཀྱིས་མཛེས་པའི་འཚོ་བར་སྨོན་པའི་རེ་འདུན་དེ་ནམ་ཡིན་ཡང་འབད་བྱའི་དམིགས་འབེན་དུ་འཛིན་དགོས།

ང་ཚོ་ཏང་གིས་རང་སྟེང་དར་སྤེལ་ཡག་པོ་དང་།སྟོབས་ལྡན་དུ་བཏང་ནས་ཏང་འདི་དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་མཉམ་སྡོད་མཉམ་ལས་བྱེད་འདོད་ཀྱི་འདུན་པ་དྲག་པོ་ཆགས་པར་ཁག་ཐེག་ཐུབ་ན། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་ཕུགས་འདུན་ཐེག་པའི་གྲུ་གཟིངས་དེ་དྲག་ཏུ་འཕྱུར་བའི་རླབས་རྒྱུན་གཏོར་ནས་འོད་སྟོང་འབར་བའི་རྒྱ་མཚོའི་ངོགས་སུ་འདྲེན་པར་སྣེ་འཁྲིད་ཐུབ་ཞེས་བསྟན།

ལོ་ཙཱ་བ། ཁོན་ཐར་འཚོ།