མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཚེའུ་སྟོང་ཕྲག་སླར་སོས་པ།

མི་དམངས་དྲ་བས་ཟི་ལིང་ནས་བསྒྲགས་པའི་གནས་ཚུལ། ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཚོགས་འགོ་ཚུགས་ཤིང་། ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅིན་ཅུན་གྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ། སྙན་ཞུའི་ནང་2017ལོར་མཚོ་སྔོན་གྱི་སྣོད་བཅུད་དཔལ་ཡོན་དར་སྤེལ་ལ་འཕེལ་རྒྱས་གསར་བ་བྱུང་ཞིང་། རྒྱལ་དབང་ས་ཞིང་ལྗང་སྒྱུར་རྒྱ་ཁྱོན་མུའུ་ཁྲི400ལས་བརྒལ་ནས་ལོ་སྔོན་དག་ལས་གཞི་ཁྱོན་ཆེ་ཤོས་སུ་ཆགས།  ལོ་ལྗའི་ཚུན་ལ་ཀ་བཞི་གདུང་བརྒྱུད་རྣམ་པའི་སྣོད་བཅུད་དཔལ་ཡོན་ལམ་ལུགས་མུ་མཐུད་ནས་འཐུས་ཚང་དུ་བཏང་ནས་རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སྐམ་ཟིན་པའི་མཚོ་འཚེའུ་སྟོང་ཕྲག་དུ་མ་སླར་གསོ་བྱུང་ཡོད་ཚུལ་བརྗོད་བྱུང་།

ཝང་ཅིན་ཅུན་གྱིས་འདི་སྐད།  2017ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་འཕེལ་ཕྱོད་ལེགས་ཤིང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ཇུས་གཞི་ལ་ཆོག་མཆན་ཐོབ་པ་དང་། ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་རང་བྱུང་ཤུལ་གནས་ཀྱི་མིང་ཐོར་ཚུད། མདོ་ལ་རི་བོའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་ལ་སོགས་པའི་སྣོད་བཅུད་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་རྒྱལ་ཁབ་ཀྱི་ཚོད་ལྟའི་རྣམ་གྲངས་དངོས་སུ་ལས་འགོ་ཚུགས།  ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ།  རིམ་པའི་ལྔ་བའི་ཆུ་དཔོན5622ལ་དངོས་སུ་ལས་འགན་སྤྲད།  རྒྱལ་དབང་ས་ཞིང་ལྗང་སྒྱུར་བྱས་པའི་རྒྱ་ཁྱོན་མུའུ་ཁྲི400ལས་བརྒལ་ནས་ལོ་སྔོན་མ་དག་ལས་ཆེ་ཤོས་སུ་ཆགས་ཡོད།   ཀྲུང་དབྱང་གིས་ཁོར་སྲུང་ལ་ལྟ་ཞིབ་བྱེད་པའི་སྐབས་སུ་ཁོར་སྲུང་སྐོར་གྱི་གནད་དོན2299ཡར་ཞུ་དང་ཐག་གཅོད་བྱས།

ལོ་ལྔའི་ཚུན་ལ་མཚོ་སྔོན་སྣོད་བཅུད་ཀྱི་འཕེལ་ཕྱོགས་བཟང་ལ། ཀ་གཞི་གདུང་བརྒྱད་རྣམ་པའི་སྣོད་བཅུད་དཔལ་ཡོན་ལམ་ལུགས་མུ་མཐུད་ནས་འཐུས་ཚང་དུ་བཏང་།  ན་འདམ་གྱི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཡང་རྩེར་སོན་པ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཚོ་མཚེའུ་སྟོང་ཕྲག་སླར་སོས།  མཚོ་སྔོན་པོའི་རྒྱ་ཁྱོན་ལོ17ཚུན་གྱི་ཆེ་ཤོས་སུ་ཆགས་པ་དང་།  གསེར་ཉའི་ཐོན་ཁུངས་དེ་དང་བོ་སྲུང་སྐྱོབ་བྱེད་དུས་ཀྱི་གྲངས་འབོར་གྱི་ཧ་ལམ་ལྡབ30འཕར་ཡོད། འབྲི་ཆུ་དང་། རྨ་ཆུའི་ཆུ་ལག  ཟླ་ཆུའམ་རྫ་ཆུ།  ཆུ་ནག་བཅས་མངའ་ཁོངས་ཕྱིར་འབབ་སའི་བར་གྱི་ཆུ་སྤུས་རིམ་པ་གཉིས་པའི་ཡན་དུ་གཏན་འཇགས་བྱས།  ཙོང་ཆུ་མངའ་ཁོངས་ཕྱིར་འབབ་སའི་བར་གྱི་ཆུ་སྤུས་བརྒྱ་ཆའི100བསླེབས་ནས་ཞིང་ཆེན་ཡོངས་ཀྱི་ས་ངོས་ཀྱི་ཆུ་སྤུས་བཟང་བའི་བསྡུར་ཚད་བརྒྱ་ཆའི94.7ལ་ཟིན། ཞིང་ཆེན་ཡོངས་ཀྱི་ཁ་དབུགས་ཡག་ཤོས་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི92.4དང་། ཟི་ལིང་གི་ལྷོ་རི་དང་བྱང་རིའི་ནགས་ཚལ་ཁེབས་རྒྱ་བརྒྱ་ཆའི79ལ་ཟིན་ཡོད།

ད་ལོར་མཚོ་སྔོན་གྱིས་འབག་བཙོག་འགོག་བཅོས་ཀྱི་ལས་ཀ་ལེགས་པོ་བསྒྲུབས་ནས་སྣོད་བཅུད་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གྱི་གོམ་པ་ཇེ་མགྱོགས་དང་། སྣོད་བཅུད་སྲུང་སྐྱོབ་སྔོན་སྤེལ་ལ་དང་དཔལ་འབྱོར་གོང་སྤེལ་གཉིས་མཉམ་པོར་སྐུལ་སྤེལ་རྒྱུ་དང་།   ལྗང་མདོག་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་མགྱོགས་སུ་བཏང་ནས་ལྗང་མདོག་བཟོ་སྐྲུན་ལས་གཞི་ལག་བསྟར་ཤུགས་ཆེན་བརྒྱབ་ཏེ་ནུས་ཁུངས་གཙང་མའི་འབྱུང་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་།  ནུས་གྲོན་ཉུང་འབུད་གཉིས་རྒྱལ་ཁབ་ཀྱི་གཏན་འབེབས་བྱས་པའི་དམིགས་འབེན་ནང་ཚོད་འཛིན་བྱ་རྒྱུ། ལྗང་སྒྱུར་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་ལམ་ལུགས་ཚོད་ལྟ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁོངས་ཀྱི་མ་ལག་འཚོལ་ཞིབ་བྱས་ནས་གཟུག་རྒྱུ།  ལྗང་མདོག་ལས་གཞིར་དམ་འཛིན་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དུས་སྐབས་དང་པོའི་ལས་ཀ་དང་། མཚོ་སྔོན་པོའི་བསྐོར་བའི་དུས་སྐབས་དང་པོའི་ལས་ཀ   རང་བྱུང་ནགས་ཚལ་སྲུང་སྐྱོང་།  ས་ཆུ་སྲུང་འཛན་ལ་སོགས་པའི་སྣོད་བཅུད་ལས་གཞི་གལ་ཆེན་ལ་སྐུལ་སྤེལ་བྱ་རྒྱུ།  མདོ་ལ་རི་བའི་སྣོད་བཅུད་གནས་སྤོ་ཚོད་ལྟ་ལག་བསྟར་གྱི་འགོ་བཙུགས་ནས་ནགས་ཚལ་མུའུ་ཁྲི400གསར་དུ་འདེབ་རྒྱུ།

འབྱུང་འགྱུར་གྱི་ལོ་ལྔའི་ནང་དུ། མཚོ་སྔོན་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ལ་ཏན་ཏན་ཏིག་ཏིག་གིས་སྐུལ་བྱས་ནས་དཔལ་འབྱོར་གྱི་ཞིང་ཆེན་ཆུང་ཤོས་ནས་སྣོད་བཅུད་ཀྱི་ཞིང་ཆེན་ཆེ་ཤོས་དང་སྣོད་བཅུད་ཀྱི་ཞིང་ཆེན་སྟོབས་ལྡན་དུ་མགྱོགས་པོར་བསྒྱུར་ནས་དེ་བས་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱ་རྒྱུ་ཞེས་བསྟན།

ལོ་ཙཱ་བ། ཁོན་ཐར་འཚོ།