མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་གཉིས་ལ་བསྡུས།

ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པའི་སྣ་ལེན་ཚོགས་འདུ་ཐེངས་གཉིས་ལ་བསྡུས། སྔ་དྲོར་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲང་དབྱི་ཅུང་དང་པུའུ་ཀྲང་གཞོན་པ་རན་ཝུན་ཞང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ་གོ་ཉེ་ཀྲིག་བཅས་ཀྱིས་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་དང་ཏང་གི་ཕྱི་འབྲེལ་གནས་ཚུལ་མཚམས་སྦྱོར་བྱས།

ཀྲང་དབྱི་ཅུང་གིས་ཏང་མང་མཉམ་ལས་ཀྱི་ལམ་ལུགས་ཁྱད་སྟོབས་ཉིན་རེར་མངོན་པར་གསལ་བ་དང་སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་གསོན་ཤུགས་སྔར་ལས་ཇེ་ཆེར་འགྲོ་བ། རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བ་སོགས་ཀྱི་ཐད་ནས་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་མཚམས་སྦྱོར་བྱས།

ཀྲང་དབྱི་ཅུང་དང་རན་ཝུན་ཞང་། གོ་ཉེ་ཀྲིག་བཅས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་གལ་ཆེན་རང་བཞིན་དང་དེ་མིན་ཀྲུང་གོའི་མི་རིགས་སྲིད་ཇུས་སོགས་ཀྱི་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།

ཉིན་དེའི་ཕྱི་དྲོར་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཧི་ལིས་ཧྥུན་དང་ཀྲུའུ་རིན་གཞོན་པ་ཀྲང་ཡུང་། ཀྲུའུ་རིན་གཞོན་པ་ཉིན་ཅི་ཀྲི་བཅས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ཧི་ལིས་ཧྥུན་གྱིས་དཔལ་འབྱོར་འཕར་སྣོན་དང་འཕེལ་རྒྱས་སྤུས་ཚད། མི་དམངས་ཀྱི་འཚོ་བ་བཅས་ཕྱོགས་གསུམ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བླངས་པའི་ཀུན་གྱིས་ཡིད་སྨོན་བྱེད་པའི་འོད་སྟོང་འབར་བའི་གྲུབ་འབྲས་མཚམས་སྦྱོར་བྱས།


ཧི་ལིས་ཧྥུན་དང་ཀྲང་ཡུང་། ཉིན་ཅི་ཀྲི་བཅས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་དང་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བ། བཙོག་ཆུ་ཉུང་འདོན་གྱི་གྲུབ་འབྲས་སོགས་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།