མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཀྲུང་གོའི་མ་འོངས་བར་ལས་ཁུངས་བཞི་གསར་འཛུགས་བྱེད་རྒྱུ་ཡིན་པ།

ཀྲུང་དབྱང་གིས་ཁྱོན་ཡོངས་ནས་རྒྱལ་སྐྱོང་ཁྲིམས་སྐྱོང་གི་འགོ་ཁྲིད་ཚན་ཆུང་འཛུགས་རྒྱུ་ཡིན་པ།

སྙན་ཞུའི་རིམ་པ་དྲུག་པའི་ནང་དམངས་ཡོངས་ལ་རང་ཁྱིམ་རང་བདག་གི་མ་ལག་སྒྲིག་གཞི་ཐོབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བའི་ཁྲོད་བསྟན་དོན། ཁྱོན་ཡོངས་ནས་རྒྱལ་སྐྱོང་ཁྲིམས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཏིང་ཟབ་པའི་གསར་བརྗེ་ཤིག་སྟེ། ངེས་པར་དུ་བཅའ་ཁྲིམས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་དང་ཚན་རིག་གི་ཁྲིམས་འཛིན་ལ་སྐུལ་འདེད། ཁྲིམས་འཛིན་ནན་ཏན། དྲང་བདེན་ཁྲིམས་གཉེར། དམངས་ཡོངས་ཀྱིས་བཅའ་ཁྲིམས་བརྩི་སྲུང་བྱེད་ཆེད་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཁྲིམས་སྐྱོང་རྒྱལ་སྐྱོང་གི་འགོ་ཁྲིད་ཚན་ཆུང་གསར་འཛུགས་བྱས་ཏེ་ཀྲུང་གོའི་ཁྲིམས་སྐྱོང་འཛུགས་བསྐྲུན་གྱི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་རེད། བཅའ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་གྱིས་བཅའ་ཁྲིམས་གཅིག་མཐུན་གྱི་ཞིབ་བཤེར་བྱ་བར་སྐུལ་འདེད་བྱས་ཏེ་བཅའ་ཁྲིམས་ཀྱི་ཟིལ་ཤུགས་ལ་འགེབས་སྲུང་བྱེད་དགོས། ཚན་རིག་གི་ཁྲིམས་འཛིན་ལ་སྐུལ་འདེད་དང་དམངས་གཙོའི་ཁྲིམས་འཛིན། ཁྲིམས་བསྟུན་ཁྲིམས་འཛིན་སྒོས་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་བཅའ་ཁྲིམས་འཐུས་ཚང་དུ་གཏོང་བར་འགན་སྲུང་བྱས་པ་རེད།

སྙན་ཞུའི་ཁྲོད་ད་རུང་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་དག་གིས་སྣེ་ཁྲིད་དེ་བཅའ་ཁྲིམས་ལ་བརྩི་འཇོག་དང་བཅའ་ཁྲིམས་བརྩི་སྲུང་། བཅའ་ཁྲིམས་བེད་སྤྱོད་བཅས་ཀྱིས་རྩ་འཛུགས་གང་རུང་དང་མི་སྒེར་སུ་ཡང་བཅའ་ཁྲིམས་དང་རྩ་ཁྲིམས་ཀྱི་ཁྱབ་ཁོངས་ལས་མི་བརྒལ་བ་དང་བཅའ་ཁྲིམས་ཀྱི་ཚབ་དུ་སྐད་ཆ་བཤད་པ་དང་དབང་ཤུགས་ཀྱིས་བཅའ་ཁྲིམས་སྣང་མེད་དུ་མི་འཇོག་པ། ཁེ་ཕན་གྱི་ཆེད་དུ་ཁྲིམས་ལ་འགལ་བ། བཅའ་ཁྲིམས་སྒེར་སྤྱོད་བཅས་བྱེད་མི་རུང་།

རྒྱལ་གཉེར་རང་བྱུང་ཐོན་ཁུངས་ཀྱི་ཐོན་རྫས་ལ་དོ་དམ་དང་རང་བྱུང་སྐྱེ་ཁམས་ལྟ་སྐུལ་དོ་དམ་གསར་འཛུགས་བྱེད་པ།

སྙན་ཞུ་རིམ་པ་དགུ་བའི་ནང་སྐྱེ་ཁམས་དཔལ་ཡོན་སྒྲིག་འཛུགས་ཀྱི་བཅོས་སྒྱུར་ཇེ་མགྱོགས་སུ་བཏང་སྟེ་མཛེས་སྡུག་གི་ཀྲུང་གོ་འཛུགས་བསྐྲུན་བྱེད་པ་ཞེས་པའི་ནང་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་གྱི་སྤྱི་ཁྱབ་ཇུས་འགོད་དང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས་རྒྱལ་གཉེར་རང་བྱུང་ཐོན་ཁུངས་ཀྱི་ཐོན་རྫས་དོ་དམ་དང་རང་བྱུང་སྐྱེ་ཁམས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་གསར་འཛུགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་གཅིག་གྱུར་སྒོས་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཐོན་རྫས་ཀྱི་བདག་གཉེར་འགན་འཁྲི་གཅིག་གྱུར་དང་རྒྱལ་ཁབ་ས་ཁོངས་ལ་དབང་བའི་བར་སྟོང་གི་བེད་སྤྱོད་དོ་དམ་ལམ་ལུགས། སྐྱེ་ཁམས་སྲུང་སྐྱོབ་ཞིག་གསོའི་འགན་འཁྲི་བསྐྱར་གསོ་གཅིག་གྱུར། མཁར་གྲོང་སོ་སོའི་སྤགས་བཙོག་ཕྱིར་གཏོང་དང་སྲིད་འཛིན་ཁྲིམས་འཛིན་གྱི་དོ་དམ་ལྟ་སྐུལ་འགན་འཁྲི་ལ་གཅིག་གྱུར་བྱས་ནས་རྒྱལ་ཁབ་ས་ཁོངས་ཀྱི་བར་སྟོང་གསར་སྤེལ་སྲུང་སྐྱོབ་སྒྲིག་གཞི་གསར་འཛུགས་ཀྱིས་བྱེད་ནུས་གཙོ་བོའི་རིམ་པ་ཁག་གི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་སྐྱོང་སྲུང་སྐྱོབ་མ་ལག་གསར་འཛུགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོ་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས།

སྙན་ཞུའི་ཁྲོད་ད་རུང་མུ་མཐུད་དུ་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་གྱི་བྱས་རྗེས་གཙོ་བོ་དེང་རབས་དང་ཁེ་ཕན་ལ་ནམ་ཡང་འགྱུར་བ་མེད་པས། ང་ཚོས་དུས་ནམ་ཡང་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལྟ་ཚུལ་ཡིད་ལ་བརྟན་པོར་བཟུང་ནས་མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་བསྐྲུན་བྱེད་པའི་གནས་བབ་གསར་བར་སྐུལ་འདེད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ང་ཚོའི་མི་རབས་འདིའི་ཧུར་བརྩོན་བྱེད་དགོས་ཞེས་བསྟན་ཡོད།

དམག་ཁོངས་ནས་ཕྱིར་བུད་པའི་དམག་མིར་དོ་དམ་བྱེད་པའི་འགན་སྲུང་སྒྲིག་གཞི་འཛུགས་པ།

སྙན་ཞུའི་རིམ་པ་བཅུ་བའི་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་གྱི་ལམ་དུ་ཞུགས་པ་རྒྱུན་འཁྱོངས་ཀྱིས་ཁྱོན་ཡོངས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་བྱེད་པ་ཞེས་པའི་ཁྲོད་བསྟན་དོན། རྒྱལ་ཁབ་འབྱོར་ཕྱུག་དང་དམག་དཔུང་སྟོབས་ལྡན་གྱི་གཅིག་གྱུར་རྒྱུན་འཁྱོངས་ཀྱིས་འགོ་ཁྲིད་ཀྱི་གཅིག་གྱུར་ལ་ཤུགས་བསྣན་ནས་ཆེས་མཐོའི་རིམ་པ་ཇུས་འགོད་དང་གསར་གཏོད་བཅོས་སྒྱུར། ལས་གཞི་གལ་ཆེན་ལག་བསྟར། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་བཅོས་སྒྱུར་གཏིང་ཟབ་དུ་བཏང་ནས་དམག་དམངས་མཉམ་བསྲེས་ཀྱི་འཕེལ་རྒྱས་གནས་བབ་གཏིང་ཟབ་དུ་བཏང་ནས་ངོ་བོ་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྒྲིག་འཛུགས་ཀྱིས་རྒྱལ་སྲུང་མི་སྣའི་མ་ལག་འཐུས་ཚང་གིས་སྟོབས་ལྡན་བརྟན་སྲུང་ཅན་གྱི་དེང་རབས་མཚོ་མཐའི་འགོག་སྲུང་དམག་དཔུང་འཛུགས་བསྐྲུན་བྱེད་དགོས། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་དོ་དམ་འགན་སྲུང་སྒྲིག་གཞི་རྩ་འཛུགས་དང་འཛུགས་བསྐྲུན་གྱིས་དམག་མིའི་དམག་ཁོངས་ཀྱི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ་དམག་མི་ནི་སྤྱི་ཚོགས་ཡོངས་ཀྱི་ཆེས་བརྩི་འཇོག་བྱ་བའི་ལས་རིགས་ལ་འགྱུར་དུ་བཅུག་དགོས།

སྙན་ཞུའི་ཁྲོད་ད་རུང་མུ་མཐུད་དུ་བསྟན་དོན། ང་ཚོའི་དམག་དཔུང་ནི་མི་དམངས་ཀྱི་དམག་དཔུང་ཡང་ཡིན་ལ། ང་ཚོའི་རྒྱལ་སྲུང་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་ཡང་ཡིན་པས། ང་ཚོས་རྒྱལ་དམངས་རྒྱལ་སྲུང་སློབ་གསོར་ཤུགས་བསྣན་ནས་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་བྱ་བ་སྲ་བརྟན་དུ་བཏང་ནས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་གྱི་ཕུགས་འདུན་གྱི་སྟོབས་ཤུགས་མངོན་འགྱུར་བྱེད་དགོས།

རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་སུ་ལྟ་སྐུལ་ཨུ་ཡོན་ཚོ་ཆུང་འཛུགས་བསྐྲུན་བྱེད་པ།

སྙན་ཞུའི་རིམ་པ་བཅུ་གསུམ་པའི་ནང་བསྟན་དོན། བློ་བརྟན་འགྱུར་མེད་སྒོས་ཏང་བཅོས་སྐྱོང་བྱ་བ་ནན་གྱིས་སྒྲུབ་ནས་ཏང་སྲིད་ནུས་པ་དང་འགོ་ཁྲིད་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ་ཞེས་པའི་ནང་བསྟན་དོན། རྒྱལ་ཁབ་ཀྱི་ལྟ་སྐུལ་སྒྲིག་གཞི་ལ་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ནས་བྱ་བའི་ཚོད་ལྟ་བྱ་ཡུལ་དེ་རྒྱལ་ཡོངས་སུ་དར་སྤེལ་བཏང་ནས་རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་ལྟ་སྐུལ་ཨུ་ཡོན་ལྷན་ཚོགས་རྩ་འཛུགས་དང་གསར་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ཁྲིམས་མཐུན་བཀོད་སྒྲིག་གཞུང་ལས་བཅས་ཀྱིས་སྤྱི་གཞུང་གི་ཁེ་དབང་དང་སྤྱི་གཞུང་མི་སྣའི་ལྟ་སྐུལ་དེ་ཁྱོན་ཡོངས་ལ་ཁེབས་པ་མངོན་གྱུར་བྱེད་དགོས། རྒྱལ་ཁབ་ལྟ་སྐུལ་བཅའ་ཁྲིམས་གཏན་འབེབས་དང་ཁྲིམས་མཐུན་གྱིས་ལྟ་སྐུལ་ཨུ་ཡོན་ལྷན་ཚོགས་ཀྱི་འགན་འཁྲིའི་དབང་ཆ་དང་རྩད་ཆོད་བྱེད་ཐབས་ལག་བསྟར་བྱས་ནས་སྒྲིག་ཁྲིམས་གཉིས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པ།

སྙན་ཞུའི་ཁྲོད་ད་རུང་མུ་མཐུད་དུ་ནན་གྱིས་བསྟན་དོན། ཏང་གི་གཅིག་གྱུར་བཀོད་འདོམས་སྒྲིག་འཛུགས་ཀྱིས་ཁྱོན་ཡོངས་ལ་ཁེབས་པ་དང་ཆེས་མཐོའི་ཁྱད་དབང་གི་ལྟ་སྐུལ་མ་ལག་གིས་ཏང་ནང་ཁུལ་གྱི་ལྟ་སྐུལ་དོ་དམ་རྒྱལ་ཁབ་ལས་ཁུངས་ལ་ལྟ་སྐུལ་དང་དམངས་གཙོར་ལྟ་སྐུལ། ཁྲིམས་འཛིན་ལ་ལྟ་སྐུལ། མང་ཚོགས་ལ་ལྟ་སྐུལ། གླེང་ཕྱོགས་ཐད་ཀྱི་ལྟ་སྐུལ་སོགས་གཅིག་གྱུར་སྒོས་ལྟ་སྐུལ་གྱི་བྱེད་ཤུགས་ལ་ཤུགས་སྣོན་པ་བཅས་ཡིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།