མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིས་ཚན་ཆུང་བགོས་ཏེ་གྲོས་བསྡུར་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིས་ཚན་ཆུང་བགོས་ཏེ་གྲོས་བསྡུར་བྱེད་སྐབས་བལྟས་ན། དུས་རབས་གསར་བས་ཀྲུང་གོ་གུང་ཁྲན་ཏང་མི་ལ་སྔར་ལས་དཀའ་ཚེགས་ཆེ་བའི་ལོ་རྒྱུས་འགན་འཁྲི་གནང་བ་དང་ལོ་རྒྱུས་ཀྱི་ཁག་ཁུར་གསར་བ་གནང་པས། ང་ཚོས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་མཛུབ་ཁྲིད་འོག་ཏུ་རླབས་ཆེན་འཐབ་རྩོད་བྱེད་པ་དང་རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ། རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བ། རླབས་ཆེན་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་དགོས་པར་སྙམ།

མི་དམངས་ཀྱིས་མཛེས་པའི་འཚོ་བར་རེ་སྒུག་བྱེད་པ་ནི་ང་ཚོས་འབད་འཐབ་བྱེད་པའི་དམིགས་འབེན་ཡིན། འཐུས་མི་རྣམས་ཀྱིས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་དམངས་ཚིས་གནད་དོན་ཐེངས་མང་པོར་བརྗོད་ཡོད་པར་མ་ཟད་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཁེ་ཕན་དེ་ཀུན་ལས་མཐོ་བའི་གོ་གནས་སུ་འཇོག་དགོས་པ་དང་། བཅོས་སྒྱུར་འཕེལ་རྒྱས་གྲུབ་འབྲས་ཀྱིས་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་ཡིན་པའི་སྒོ་ནས་མི་དམངས་ཡོངས་ལ་ཁེ་ཕན་སྐྲུན་དགོས་ལ། ངེས་པར་དུ་དམངས་ཚིས་ཀྱི་ཁེ་ཕན་བསམ་པ་དང་དམངས་ཀྱི་འཚོ་བའི་དཀའ་ཁག་སེལ་དགོས་པ་ནན་གྱིས་བསྟན་ཡོད་པས། མི་དམངས་གཙོར་འཛིན་པའི་སྲིད་འཛིན་བསམ་བློ་མཚོན་པ་དང་འཐུས་མིའི་ཁྲོད་དུ་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་པར་སྙམ།

གྲོས་བསྡུར་བྱེད་སྐབས། འཐུས་མི་རྣམས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཡོངས་ཁྱབ་ཏུ་མི་སེམས་སྐུལ་བ་དང་འགན་འཁྲི་དཀའ་ཚེགས་ཆེ་བའི་ཚོར་སྣང་སྐྱེས། ཚང་མས་མཐའ་གཅིག་ཏུ་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། དབུལ་སྐྱོར་གྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་པ་དང་དངོས་ནས་དབུལ་ཐར་བྱེད་དགོས་ལ། རྦད་ཆོད་སྒོས་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་དགོས་ཟེར།

དུས་རབས་གསར་བས་འཕེལ་རྒྱས་ཀྱི་རེ་བ་གསར་བ་དང་བརྗོད་གཞི་གསར་བ་བསྐྲུན་པ་དང་ང་ཚོར་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་པའི་རེ་བ་བཏོན་ཡོད། འཐུས་མི་རྣམས་ཀྱིས་བཤད་རྒྱུར། རྒྱུན་འཁྱོངས་ལྷོད་མེད་ཀྱི་བསམ་བློའི་རྣམ་པ་དང་འབད་འཐབ་མདུན་སྐྱོད་ཀྱི་སྙིང་སྟོབས་བཅངས་ཏེ་ནན་ཏན་སྒོས་བྱ་བ་སྒྲུབ་པ་དང་སྤོབས་པ་ཆེར་བསྐྱེད་སྒོས་འགན་འཁྲི་གསར་བ་ཁག་ཁུར་བྱས་ནས། དུས་རབས་གསར་བའི་རྒྱང་སྐྱོད་བགྲོད་ལམ་དུ་སྐྱོད་དགོས་ཟེར།