མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གཅིག་བསྡུས་བཅར་འདྲི་ཐེངས་གཉིས་ལ་སྤེལ།

ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཚེས་ཉེར་གསུམ་ཉིན་སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་ཞེས་པ་བརྗོད་གཞི་ཡིན་པའི་གཅིག་བསྡུས་བཅར་འདྲི་སྤེལ་ནས། ཧྲང་ཧེ་གྲོང་ཁྱེར་སློབ་གསོ་འཕྲོད་བསྟེན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཡུས་ལི་ཅོན་དང་ཀྲིན་ཀྲིན་སློབ་གྲྭ་ཆེན་མོའི་སློབ་གཙོ་ལིག་ཅོན་ཐེན། ཞིན་ཅང་ཧ་སྨིས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་གཙོ་གཞོན་པ་ལིག་ཀྲི་ཧོད། པེ་ཅིན་གྲོང་ཁྱེར་སློབ་གྲྭ་བཅུ་གཅིག་པའི་སློབ་གཙོ་ལིས་ཞི་ཀོས། ནན་ཅིན་མཁའ་སྐྱོད་མཁའ་འགྲུལ་སློབ་གྲྭ་ཆེན་མོའི་མར་ཁི་སི་རིང་ལུགས་སློབ་གླིང་གི་ཏང་ཙུང་ཀྲི་ཧྲུའུ་ཅི་ཞུའུ་ཁྲོན་སོགས་ཀྱིས་གསར་འགོད་པ་དང་བརྗེ་རེས་བྱས།

ཀྲིན་ཀྲིག་སློབ་གྲྭ་ཆེན་མོའི་སློབ་གཙོ་ལིག་ཅོན་ཐེན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཆུ་ཚད་ཆེས་བཟང་བའི་རིག་ཚན་དང་ཆེས་བཟང་བའི་སློབ་ཆེན་འཛུགས་སྐྲུན་བྱེད་པ་དེ་དོན་དངོས་སུ་མཐོ་རིམ་སློབ་གྲྭའི་ནང་དོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་ཡིན་ཟེར།

ལིག་ཀྲི་ཧོད་ཀྱིས་བལྟས་ན། ལས་རིགས་སློབ་གསོ་སྤེལ་བ་ནས་བཟོ་བོའི་སྙིང་སྟོབས་སྐྱེད་སྲིང་བྱེད་དགོས་ན་སློབ་གྲྭ་དང་སྤྱི་ཚོགས་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས་པར་སྙམ།

ཁོ་ཚོས་ད་རུང་མཐོ་རྒྱུགས་བཅོས་སྒྱུར་དང་ཞང་སྡེའི་དགེ་རྒན་གྱི་ཐོབ་ཐང་ཇེ་ལེགས་སུ་གཏོང་བ་སོགས་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།

ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་སྒོས་གོམ་སྟབས་བསྒྱུར་ཞེས་བརྗོད་གཞི་ཡིན་པའི་གཅིག་བསྡུས་བཅར་འདྲིའི་ཁྲོད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་རྒྱལ་སྤྱིའི་དམག་དོན་མཉམ་ལས་གཞུང་སྒྲུབ་ཁང་གི་ཇུས་འདོམས་པ་ལིག་ཧྥང་དང་རྒྱལ་སྲུང་ཚན་རྩལ་སློབ་གྲྭ་ཆེན་མོའི་གློག་རྡུལ་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཧྥེ་ཞོ་སོགས་ཀྱིས་གསར་འགོད་པའི་དྲི་བར་ལན་བཏབ།

ལིག་ཧྥང་གིས་བཤད་རྒྱུར། འདས་པའི་ལོ་ལྔའི་རིང་ལ། ཀྲུང་གོའི་དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། དམག་དཔུང་སྟོབས་ལྡན་དང་འཕེལ་རྒྱས་སུ་གཏོང་བར་རྣམ་པ་གསར་བ་གསར་གཏོད་བྱས་ཡོད་ཟེར།

ཁོ་ཚོས་ད་རུང་ཚན་རྩལ་ལ་བརྟེན་ནས་དམག་དཔུང་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོ་དམག་དཔུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཁྲོད་ཞུགས་པར་ཤུགས་སྣོན་པ། བུད་མེད་ཀྱི་ཀྲུང་གོའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་དང་དམག་དཔུང་བཅོས་སྒྱུར་ཁྲོད་ཀྱི་ནུས་པ་བཅས་ཀྱི་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།