མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་བསྡུས་ཏེ་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཟླ10པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་བཞི་པ་བསྡུས།

ཟླ10པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་བཞི་པ་བསྡུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་གྲོས་ཚོགས་ལ་ཞུགས།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོ་དང་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་བསྡུས་ཏེ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། འཐུས་ཚབ་ཚོགས་པ་སོ་སོར་གྲོས་སྡུར་བྱེད་པར་སྤྲད།

བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

གྲོས་ཚོགས་སྟེང་འཐུས་ཚབ་ཚོགས་པ་སོ་སོས་གྲངས་ཁྱད་གྲ་སྒྲིག་འདེམ་བསྐོ་བྱས་ཏེ་བདམས་ཐོན་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། མིང་ཐོ་དེ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་སྡུར་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན་ནས་བཟུང་། འཐུས་ཚབ་ཚོགས་པ་སོ་སོས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མིང་བཏོན་པ་མ་ཟད་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་གྲོས་འཆམ་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འདེམ་སྒུག་པའི་གྲ་སྒྲིག་གདམ་མིའི་མིང་ཐོ་ལ་གྲོས་སྡུར་ནན་མོ་བྱས། འཐུས་མི་རྣམས་ཀྱིས་བལྟས་ན། མིང་ཐོ་དེ་ནི་རྩ་འཛུགས་ཀྱི་གོ་རིམ་ནན་མོ་བརྒྱུད་པ་དང་། ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་བྱས་ཏེ་བྱུང་བ་ཡིན་ལ། དེས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། འཐབ་ཕྱོགས་སོ་སོ། ལས་རིགས་སོ་སོ་བཅས་ཀྱི་ཏང་གི་སྲིད་འཛིན་རྐང་འཛིན་པ་དང་ཕུལ་བྱུང་འཐུས་མི་གཅིག་ཏུ་བསྡུས་ཡོད་པ་དང་། སྤྱིའི་བྱང་ཚད་ལེགས་ཤིང་། གྲུབ་ཚུལ་ཅུང་ལུགས་མཐུན་ཡིན་ལ། ཁྱབ་ཚུལ་ཅུང་དོ་མཉམ་ཡིན་པ་དང་། མང་ཚོགས་ཀྱི་རྨང་གཞི་ཅུང་བཟང་བས། བསམ་གཞིགས་ཅུང་ཆ་ཚང་བཏང་བའི་ཇུས་གཞི་ཞིག་ཡིན་པར་འདོད།

ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོ་དང་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཚོགས་ཆེན་གྱིས་འཐུས་ཚབ་ཚོགས་པ་སོ་སོའི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། སྔ་གཞུག་ཏུ་ཀྲུང་དབྱང་ཨུ་ཡོན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་བཅས་གྲ་སྒྲིག་འདེམ་བསྐོ་བྱས། ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་ཀྱི་གཏན་ཁེལ་ལྟར། གྲ་སྒྲིག་འདེམ་བསྐོ་བྱེད་སྐབས་གྲངས་ཁྱད་འདེམ་བསྐོའི་བྱེད་ཐབས་སྤྱད་པ་དང་། གྲངས་ཁྱད་ཀྱི་བསྡུར་ཚད་ཚང་མ་བརྒྱ་ཆའི་བརྒྱད་ལས་མང་། གྲ་སྒྲིག་འདེམ་བསྐོ་བྱ་བ་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་འགོ་ཁྲིད་འོག་དང་། འདེམ་ཤོག་ལྟ་སྐུལ་པའི་ལྟ་སྐུལ་འོག ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་ལྟར་གཟབ་ནན་གྱིས་བསྒྲུབས་པ་དང་། གྲ་སྒྲིག་འདེམ་བསྐོའི་མཇུག་འབྲས་ཁྲིམས་མཐུན་དང་ནུས་ལྡན་ཡིན།

ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་ཀྱི་གཏན་ཁེལ་དང་ཉིན་རིམ་བཀོད་སྒྲིག་ལྟར། ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། ཚོགས་ཆེན་གྱིས་འཐུས་ཚབ་ཚོགས་པ་སོ་སོའི་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་སྟེང་གྲོས་འཆམ་བྱུང་བའི་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་གདམ་མིའི་མིང་ཐོ་ལ་གྲོས་སྡུར་བྱས།