མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གཅིག་བསྡུས་བཅར་འདྲི་ཐེངས་བརྒྱད་པ་སྤེལ།

ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་བརྗོད་གཞི་གཙོ་བོ་ཡིན་པའི་གཅིག་བསྡུས་བཅར་འདྲི་ཐེངས་བརྒྱད་པ་སྤེལ་བ་དང་། ཧྥུའུ་ཅན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་ཐིན་ཀྲང་ཀྲུའུ་ཧྭ་དང་ཧི་པེ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་ཐིན་ཀྲང་ཀའོ་ཅན་མེན། ལེའོ་ཉིན་ཞིང་ཆེན་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གི་མགོ་གཙོ་ཀྲང་ལེ་ཧྭ། ཧུའུ་ནན་ཞིང་ཆེན་ཀྲང་ཅ་ཅེ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཡི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ས་ཚིགས་དབྱེ་ཞིབ་ཁང་གི་ཀྲུའུ་རིན་ཧོང་པེན། ཅང་སུའུ་ཞིང་ཆེན་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཧུའུ་ཀོན་ཅིག་བཅས་ཀྱིས་གསར་འགོད་པ་དང་བརྗེ་རེས་བྱས།

ཀྲུའུ་ཧྭ་ཡིས་བཤད་རྒྱུར། ཧྥུའུ་ཅན་ཞིང་ཆེན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ས་ཁུལ་དང་པོ་ཡིན་པས། ཐོན་ལས་སྒྲིག་གཞིའི་ཐད་ནས་ལྗང་མདོག་ཐན་ཉུང་འཁོར་རྒྱུག་གསར་དར་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་ཡིད་འཇོག་བྱས་ཏེ། བཙོག་བཟོ་གསོག་ཚད་ཇེ་ཉུང་གཏོང་བ་དང་ལྗང་མདོག་ཕན་བདེ་གང་ལེགས་སྒོས་སྒྲུབ་དགོས་ཟེར།

སྨུག་རྡུལ་བཅོས་སྐྱོང་གནད་དོན་ལ་དམིགས་ཏེ། ཀའོ་ཅན་མེན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཧི་པེ་ཞིང་ཆེན་གྱིས་ཚན་རིག་དང་མཐུན་པར་སྨུག་རྡུལ་བཅོས་སྐྱོང་བྱེད་པ་དང་མཐུན་སྦྱོར་སྒོས་སྨུག་རྡུལ་བཅོས་སྐྱོང་བྱེད་པ། ནུས་ལྡན་བྱེད་ཐབས་ལ་བརྟེན་ནས་སྨུག་རྡུལ་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས། མགོ་ཁུངས་ནས་བཅོས་སྐྱོང་བྱས་པ་དང་གནད་ལ་འཁེལ་བའི་སྲིད་ཇུས་ལག་བསྟར་བྱས་ནས་བཙོག་བཟོ་ཇེ་ཉུང་དུ་བཏང་ཟེར།

འཐུས་མི་རྣམས་ཀྱིས་ད་དུང་ཁོར་ཡུག་སྲུང་སྐྱོབ་སློབ་གསོ་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་གྲངས་ངོ་མ་དང་ཚད་ལྡན་ཡིན་པ་ཅི་ལྟར་ཁག་ཐེག་བྱེད་པ་སོགས་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།