མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ད་ལོ་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟ་སྐུལ་ཚོ་ཆུང་ཐོག་མར་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་ལ་ཤུགས་སྣོན་བྱེད་ཆེད། ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་སྟེང་ཆེས་ཐོག་མར་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟ་སྐུལ་ཚོ་ཆུང་ཐོག་མར་བཙུགས་པ་དང་འཐུས་མི་དང་ཚོགས་ཞུགས་མི་སྣ། ལས་བྱེད་མི་སྣ་བཅས་ཀྱིས་ཚོགས་འདུའི་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་མ་ཟད། ལྟ་སྐུལ་འགན་ནུས་ཀྱི་གནས་ཚུལ་ལག་བསྟར་བྱས།

ཟླ1ཚེས22ཉིན་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་འགྲོ་ལུགས་སྒྲུབ་སྐབས་ཚོགས་འདུའི་ཚོགས་དོན་ལག་དེབ་ལེན་པའི་བརྒྱུད་རིམ་ཁྲོད་སྐབས་བརྗེ་སྒྲིག་ཁྲིམས་ཀྱི་དགོས་མཁོ་དགུ་གཏན་འགོག་བྱེད་པ་དང་བྱེད་མི་ཆོག་པ་བཅུ་ཡི་སྒྲིག་ཁྲིམས་གཏན་ཁེལ་བྱས། དེ་མིན་ནང་དོན་ཚན་པ་19ཡི་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་སོགས་བླངས་ཤིང་། ཐེངས་འདིའི་ཚོགས་འདུ་ཡིས་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་གྱི་དགོས་མཁོའི་ཚད་གཞི་ཇེ་མཐོར་བཏང་བ་རེད།

ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་བྱ་བ་དེ་ན་ནིང་ནས་བཟུང་འགོ་བརྩམས་པ་དང་ད་ལོ་ཆེད་དུ་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟ་སྐུལ་ཚོ་ཆུང་བཙུགས་ནས་སྐབས་བརྗེའི་སྒྲིག་ཁྲིམས་བྱ་བ་གཟབ་ནན་གྱིས་སྒྲུབ་པ་མ་ཟད། ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་བྱ་བར་ཤུགས་སྣོན་གྱིས་ཚོགས་འདུའི་སྤྱོད་གཙང་ལ་ཁག་ཐེག་བྱས་པ་མ་ཟད། འཐུས་མི་དག་གིས་སྔར་ལས་ཀྱང་རང་གི་འགན་འཁྲི་བརྩི་སྲུང་བྱས་ཡོད་ཅེས་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟ་སྐུལ་ཚོ་ཆུང་གི་ལས་བྱེད་མི་སྣས་བཤད་པ་རེད། ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟ་སྐུལ་ཚོ་ཆུང་བཙུགས་པ་མ་ཟད། ལྟ་སྐུལ་ཀྱི་ཁྱབ་ཁོངས་སྔར་ལས་ཇེ་ཆེར་བཏང་བ་དང་། ན་ནིང་ལྟ་སྐུལ་ཀྱི་ཁྱབ་ཁོངས་དེ་འཐུས་མི་དང་ལས་བྱེད་མི་སྣ་ལས་ད་ལོར་ཚོགས་འདུར་ཞུགས་པའི་མི་ཡོངས་རྫོགས་ཀྱི་ཁོངས་སུ་ཁྱབ་པར་བྱས་ཤིང་། དེའི་ཁོངས་སུ་ད་དུང་གསར་འགོད་པ་དང་བདེ་སྲུང་མི་སྣ་སོགས་ཀྱང་འདུས་ཡོད།

མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིའི་གྲོས་ཚོགས་ཀྱི་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟ་སྐུལ་ཚོ་ཆུང་ནི་ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དམངས་ཆེན་ལས་ཁུངས་ཀྱི་ཞིབ་བཤེར་ཚོ་ཆུང་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བཟོ་ཨུ་བཅས་ཀྱིས་གྲུབ་པ་མ་ཟད། འགན་འཁྲི་གཏན་ལ་ཕབ་པ་དང་འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོ། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་བྱ་བའི་ཚོ་ཆུང་གི་འགོ་བ་བཅས་ཀྱིས་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་གྱི་འགན་ཁུར་མི་སྣ་དང་པོ་ཡིན་པས། འཐུས་ཚབ་ཚོགས་པ་སོ་སོས་ལས་བྱེད་མི་སྣའི་ཁྲོད་ཀྱི་འགན་ཁུར་མི་སྣའི་དགོས་མཁོ་ལྟར་དྲུང་ཡིག་ཁྲུའུ་ཡི་བྱ་བའི་ཚོ་ཆུང་གིས་བཀོད་སྒྲིག་གི་འགན་དང་པོ་ཁུར་བ་དང་འཐུས་ཚབ་ཚོགས་པ་སོ་སོས་ལས་བྱེད་མི་སྣའི་ཁྲོད་ཀྱི་འགན་ཁུར་བ། དྲུང་ཡིག་ཁྲུའུ་ཡི་བྱ་བའི་ཚོ་ཆུང་གི་འགོ་བ་དང་འགོ་ཁྲིད་བཅས་ཀྱིས་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟ་སྐུལ་བའི་འགན་ཁུར་ཡོད།

ཚོགས་འདུའི་ཡར་སྔོན་དུ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་བྱ་བའི་འབྲེལ་ཡོད་དགོས་མཁོའི་བརྡ་སྦྱོར་ཞེས་པ་པར་འདེབས་བྱས་ཤིང་། གྲོས་ཚོགས་ཀྱི་ཚོགས་དོན་ལག་དེབ་ཁྲོད་སྒྲིག་ཁྲིམས་ཨུ་ཡོན་ལས་ཁུངས་དང་ཀྲུང་གོའི་རྩ་འཛུགས་པུའུ་ཡིས་གཏན་འགོག་དགུ་ཡི་སྐབས་བརྗེ་སྒྲིག་ཁྲིམས་གཏན་ཁེལ་བྱས་ཤིང་། ཞིང་ཆེན་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་དག་གིས་སྒྲིག་ཁྲིམས་གཏན་ཁེལ་ལས་བྱེད་མི་རུང་བ་བཅུ་གཏན་ཁེལ་གྱིས་ཚོགས་འདུ་བྱ་བའི་སྒྲིག་ཁྲིམས་ཀྱི་བྱེ་བྲག་བྱེད་ཐབས19དེ་ལས་བྱེད་མི་སྣ་དག་གིས་བརྩི་སྲུང་བྱེད་དགོས་པ་བཅས་ཡིན།

ཚོགས་འདུའི་སྐབས་སུ་ཉིན་རེར་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་ཐད་གནད་དོན་ཅི་ཡང་མེད་པའི་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་པ་མ་ཟད། ཉིན་རེར་འཐུས་མི་དང་ཚོགས་ཞུགས་མི་སྣ་དག་ཚོགས་འདུར་ཞུགས་པའི་གནས་ཚུལ་གྱི་སྙན་ཞུའི་ལམ་ལུགས། གནང་ཞུ་དགོངས་ཞུའི་ལམ་ལུགས། དུས་གསུམ་གཅིག་བསྡུས་ཀྱི་སྙན་ཞུ་བཅས་ལག་བསྟར་གྱིས་དུས་སྔོན་མའི་སྙན་ཞུའི་བྱེད་ཐབས་ཀྱི་དགོས་མཁོ་གཞིར་བཟུང་སྟེ་འཐུས་ཚབ་ཚོགས་པ་སོ་སོས་སྔོན་དུ་ཞིབ་འཇུག་ལམ་ལུགས་གཏན་ཁེལ་གྱིས་ཚོགས་འདུའི་སྒྲིག་སྲོལ་དང་ཁྲིམས་སྲོལ་གྱི་བྱེ་བྲག་གི་བྱེད་ཐབས་བེད་སྤྱད་ནས་དུས་དཀྱིལ་སྙན་ཞུའི་གནས་ཚུལ་གྱི་དགོས་མཁོ་གཞིར་བཟུང་སྟེ་ཚོགས་པ་སོ་སོའི་ཐད་ཚོགས་འདུའི་སྒྲིག་སྲོལ་ཁྲིམས་སྲོལ་གྱི་གནས་ཚུལ་ཐད་ཀྱི་ཡིག་ཐོག་དཔྱད་གཞིའི་ཡིག་ཆའི་སྙན་ཞུ་ཕུལ་བ། དུས་མཇུག་དུ་དུས་མཇུག་སྙན་ཞུ་ཕྱོགས་སྡོམ་བྱེད་པའི་དགོས་མཁོ་གཞིར་བཟུང་ནས་ཚོགས་འདུའི་སྙན་ཞུའི་སྟེང་གི་ཡིག་ཆ་ཕྱོགས་སྡོམ་ཡིག་ཆའི་སྙན་ཞུ་ཕུལ་བ་རེད།

ཚོགས་འདུའི་སྒྲིག་སྲོལ་གྱི་བྱེ་བྲག་གི་བྱེད་ཐབས་ཁྲོད་ནན་གྱིས་བསྟན་དོན། འཐུས་ཚབ་ཚོགས་པ་སོ་སོ་དང་ཚོགས་འདུའི་དྲུང་ཡིག་ཁྲུའུ་ཡི་བྱ་བའི་ཚོ་ཆུང་གིས་གསོལ་སྟོན་བྱ་འགུལ་མི་སྤེལ་བ་དང་མཉམ་འབྲེལ་བྱ་འགུལ་མི་སྤེལ་བ། ཕན་ཚུན་ལ་ལེགས་སྐྱེས་མི་སྟེར་བ། དྲན་རྟེན་ལེགས་སྐྱེས་མི་འབུལ་བ། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་མི་སྟེར་བ། འཐུས་མི་དང་ལས་བྱེད་མི་སྣས་ཕན་ཚུན་ལ་གསོལ་སྟོན་མི་བཤམས་པ། ཕན་ཚུན་ལ་ལེགས་སྐྱེས་མི་སྟེར་བ། བྱ་བའི་ངོ་བོ་དེ་ཚོང་དོན་བྱ་འགུལ་གྱི་ངོ་བོར་མི་སྒྱུར་བ་བཅས་ཡིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།