མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཚོགས་ཆེན་གཉིས་ཀྱི་སྐད་ཆས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་པ།

— མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྨྱན་བྱད་སོ་སོས་ཚོགས་ཆེན་གཉིས་ཀྱི་སྙན་ཞུ་གཟབ་རྒྱས་ངང་ཡོངས་བསྒྲགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་དང་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་དྲིལ་སྒྲོག་སྙན་ཞུའི་བྱ་བ་དེ་སྔར་ལས་ཕུལ་བྱུང་དང་ནུས་ལྡན་ངང་མཐོར་འདེགས་སུ་གཏོང་ཆེད། ཉེ་ལམ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཁོངས་གཏོགས་སྨྱན་བྱད་སོ་སོས་སྙན་ཞུའི་ཚོ་ཆུང་རྩ་འཛུགས་བྱས་ཏེ་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཚོགས་རའི་ཡུལ་དངོས་ཀྱི་ཕྱི་ནང་དུ་སོང་སྟེ་ཁྱོན་ཡོངས་ནས་རྣམ་པ་མང་ཞིང་ཡང་དག་པའི་ཐབས་ལམ་བརྒྱུད་ཚོགས་ཆེན་གཉིས་ཀྱི་སྙན་ཞུ་གཟབ་རྒྱས་ངང་དྲིལ་སྒྲོག་བྱས་པ་རེད།

ད་ལོའི་ཚོགས་ཆེན་གཉིས་ཀྱི་སྙན་ཞུ་ལ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྨྱན་བྱད་སོ་སོས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྲོག་ཤིང་དམ་པོར་བཟུང་ནས་རང་སྟེང་གི་ལེགས་པོའི་ཆ་དེ་ཕྱིར་འདོན་སྤེལ་གང་ལེགས་བྱས་ཡོད་ལ། སྙན་ཞུའི་ཐབས་ལམ་གྱི་གསར་གཏོད་དང་སྙན་ཞུའི་ནང་དོན་གཉིས་ཟུང་འབྲེལ་བྱེད་པར་དོ་སྣང་གིས་ཚོགས་འདུའི་དགོངས་དོན་ཧུར་ཐག་གིས་བརྒྱུད་སྤྲོད་བྱས་ཏེ། མང་ཚོགས་ལ་དོ་ཁུར་དང་དུས་ལྟར་དུ་ཁྱོན་ཡོངས་ནས་ཚོགས་ཆེན་གཉིས་ཀྱི་རིམ་པ་སོ་སོའི་བརྒྱུད་རིམ་གལ་ཆེན་སྙན་ཞུ་བྱས་ནས་ཡང་དག་པའི་སྒོ་ནས་འཐུས་མིའི་ཨུ་ཡོན་དང་ཚོགས་ཞུགས་མི་སྣའི་བརྩོན་སེམས་ཀྱི་དགོངས་དོན་དེ་ཚུར་སྣང་གསལ་བོ་བྱས་ཡོད་པས། སྔར་ལས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་པར་དཔྱད་གླེང་གི་མཁའ་དབུགས་ལེགས་པོ་ཞིག་འདོན་སྤེལ་བྱས་ཡོད།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་མཚོ་སྔོན་ཚགས་པར་ལྟ་རྟོག་དང་ཚ་རླབས་གཙོ་གནད། ཕྱི་རོལ་ནས་ཚོགས་འདུར་གཟིགས་པ། མཛེས་སྡུག་གི་ཡུལ་ལྗོངས་རི་མོ་སོགས་ཆེད་དུ་འདོན་སྤེལ་གྱི་ཚོགས་ཆེན་གཉིས་ཀྱི་དམིགས་གསལ་དུས་དེབ་དང་བསྒྱུར་བ་བཞི་ལ་སྐུལ་འདེད་བྱེད་པའི་གཙོ་གནད་ལ་སྐུལ་འདེད་བྱེད་པ། ཁ་གསབ་རོགས་སྐྱོར་འཕེལ་རྒྱས་ཀྱིས་ཞན་ཆ་དོར་བ། དམངས་འཚོའི་བཅོས་སྒྱུར་ལ་འགན་སྲུང་བྱེད་པ་སོགས་ཇུས་གཞི་ལེགས་པོར་སྐུལ་འདེད་བྱས་ཤིང་། ཤུགས་ཆེན་པོའི་སྒོ་ནས་ཏང་གི་དྲིལ་སྒྲོག་སྙན་ཞུའི་བསམ་བློའི་རང་བཞིན་དང་སྙན་ཞུའི་ཤུགས་རྐྱེན་གྱི་རང་བཞིན་ལ་ཤུགས་སྣོན་བྱས་ཡོད། ཚོགས་ཆེན་གཉིས་འཚོག་སྐབས་དང་ཁེ་དབང་ཕྱིར་སྒྲོག འཐུས་ཚབ་ཨུ་ཡོན་གྱི་ཚོགས་འདུའི་སྲིད་གྲོས་ཟིན་བྲིས། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དངོས་འབབ་བམ་རྫོང་དང་ས་ཁུལ་གྱི་འགོ་ཁྲིད་བཅའ་འདྲིའི་ཟིན་ཐོ། སྤྲོ་སེམས་འཁོལ་བའི་ངང་ནས་དུས་རབས་གསར་བའི་མཚོ་སྔོན་གསར་བ་འཛུགས་བསྐྲུན་བྱེད་པ་སྟེ་ང་རང་གཞི་རིམ་ནས་འོངས་སོགས་ལེ་ཚན་མང་པོ་ཞིག་གསར་འཛུགས་བྱས་ཡོད།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྨྱན་བྱད་དང་ཝེ་པོ་འདྲ་པར་རི་མོ་བཅས་ཀྱིས་དུས་ལྟར་དུ་ཚོགས་འདུའི་འགོ་ཚུགས་དང་མཇུག་བསྡུ་བའི་བརྡ་འཕྲིན་དེ་མིན་ཚོགས་འདུའི་བརྒྱུད་རིམ་ཧྲིལ་བོ། གསར་འགྱུར་སྒྲོག་སྤེལ་ཚོགས་འདུ། ཞིང་ཆེན་གྱི་འགོ་ཁྲིད་གཙོ་བོ་ཟབ་ཞུགས་བྱས་པའི་ཚོ་ཆུང་རིགས་བཀར་གྱི་དཔྱད་སྡུར་སོགས་གནས་ཚུལ་ཡང་སྤེལ། སྐད་འཕྲིན་གྱིས་ཉིན་རེ་རེར་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྙན་ཞུ་གལ་ཆེན་བརྒྱུད་སྒྲོག་དང་སྲིད་གཞུང་གི་བྱ་བའི་སྙན་ཞུ་བསྡུས་འགོད་འགྲེམས་སྤེལ་བཅས་བྱས། དེ་མིན་དྲ་རྒྱའི་སྟེང་ཚོགས་ཆེན་གཉིས་ཀྱི་དཔྱད་སྡུར་གཅིག་གྱུར་དང་འཕྲིན་ཡིག་སོགས་ནང་དོན་བསྡུས་འབྲི་ཡིས་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་སྐུལ་འདེད་ལ་ལེགས་པོའི་ཆ་དེ་གྲུབ་དུ་བཅུག་ནས་སྔར་ལས་གོམ་གང་མདུན་སྤོས་སྒོས་ལག་རྩལ་དང་ནང་དོན་བཅས་ཀྱི་ཐད་ལ་གཙོ་ཁྲིད་རང་བཞིན་གྱི་ནུས་པ་གལ་ཆེན་ཐོན་ཡོད། ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་བརྗོད་དོན་གལ་ཆེན་འབུར་དུ་བཟུང་ནས་གསར་གཏོད་ཀྱི་རྣམ་པསH5ལ་བརྟེན་ནས་ཁྱབ་སྒྲོག་བྱས་ཡོད།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་རང་ཞིང་གི་རྒྱ་ཆེའི་རོང་འབྲོག་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གཞིར་བཟུང་ནས་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ། བསྒྱུར་བ་བཞི་ལ་ཧུར་བརྩོན་གྱིས་མཚོ་སྔོན་གསར་བ་འཛུགས་བསྐྲུན་བྱེད་པའི་ཚད་ལ་སྔར་ལས་སྐུལ་འདེད་བྱས་པ། བསྒྱུར་བ་བཞི་ཡི་སྐུལ་འདེད་པ་དང་ཉམས་མྱོང་ཅན་བརྩོན་ལེན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ལག་བསྟར་བྱེད་སྐབས་སོགས་ཀྱི་ལེ་ཚན་གསར་འཛུགས་བྱས་པ་རེད།

མཚོ་ནུབ་གྲོང་ཁྱེར་ཚགས་པར་གྱིས་ཀྱིས་ང་ནི་གཞི་རིམ་ནས་ཡོང་དང་ཚོགས་ཆེན་གཉིས་ཀྱི་སྐུལ་འདེད་སོགས་ཀྱི་ལེ་ཚན་གསར་འཛུགས་བྱས་པའི་རྨང་གཞིའི་སྟེང་ད་རུང་མུ་མཐུད་དུ་སྨྱན་བྱད་གསར་བའི་སྟེགས་བུ་གསར་འཛུགས་ཀྱིས་ཚོགས་ཆེན་གཉིས་ཐད་གཏོང་གི་ཆེད་སྒྲིག་ལེ་ཚན་གསར་འཛུགས་བྱས་ཏེ། སྨྱན་བྱད་གསར་བས་ཚོགས་ཆེན་གཉིས་ཀྱི་སྨྱན་བྱད་ཐོན་རྫས་དར་སྤེལ་བཏང་བ་ལས་གཞན། ཉིན་རེར་དུས་ལྟར་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་གལ་ཆེན་དང་དམངས་འཚོའི་དོ་ཁུར་དུས་ལྟར་བསྐྱལ་བ་རེད།

མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གིས་ཆེད་ལས་ཅན་གྱི་མཐོང་སྣེ་རྒྱུན་འཁྱོངས་ཀྱིས་རང་སྟེང་གི་ཁྱད་ཆོས་ལྟར་ཁ་ཕྱོགས་འདེམས་ནས་ཚོགས་ཆེན་གཉིས་ཀྱི་ཆེད་གཏོང་སྙན་ཞུ་དེ་ཁྲིམས་སྲིད་ལས་ཁུངས་སོ་སོའི2017ལོའི་བྱ་བའི་གཙོ་གནད་དུ་བཟུང་བ་མ་ཟད། ཚོགས་ཆེན་གཉིས་ཀྱི་ངོ་མཚར་དང་ཨུ་ཡོན་འཐུས་མི་དག་གི་བསམ་འཆར་སོགས་ཆེད་སྤྱོད་ལེ་ཚན་གསར་སྐྲུན་བྱས།

མཚོ་སྔོན་གཙོད་དྲ་བ་དང་ཀྲུང་གོའི་བོད་རིགས་དྲ་བ། མཚོ་སྔོན་ཁ་པར་འཕྲིན་གྱི་ཕོ་ཉ་སོགས་ཀྱིས་དྲ་རྒྱའི་སྨྱན་བྱད་ཀྱི་གནས་བབ་ལེགས་པོ་དང་རྣམ་པ་གསར་བའི་བརྒྱུད་སྒྲོག་གི་བྱེད་ཐབས་སྤྱད་དེ། ཁྱོན་ཡོངས་ནས་གསར་འགྱུར་གྱི་བརྡ་འཕྲིན་ཐོན་ཁུངས་འདྲ་མིན་སྣ་ཚོགས་བསྡུ་རུབ་ཀྱིས་སྙན་ཞུའི་བྱེད་ཐབས་དང་རྣམ་པའི་ཆ་ནས་རྣམ་པ་གསར་ཞིང་ཆེས་མགྱོགས་པའི་མྱུར་ཚད་ལྟར་ཆེས་ཐོག་མའི་དུས་ཡུན་ནང་ཚོགས་ཆེན་གཉིས་ཀྱི་སྙན་ཞུ་གཟབ་རྒྱས་ངང་མང་ཚོགས་དང་སྔར་ལས་ཇེ་ཉེར་བཏང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།