མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། ག་བ།

4. ས་ཁོངས་མཐུན་སྦྱོར་གྱི་གོང་སྤེལ་ལ་རྒྱབ་སྐྱོར་བྱ་དགོས། ནོར་སྲིད་ཀྱིས་རོགས་སྐྱོར་བྱ་ཡུལ་ས་ཁོངས་མཐུན་སྦྱོར་ངང་གོང་དུ་སྤེལ་བའི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་ནན་ཏན་སྒོས་དོན་འཁྱོལ་བྱེད་པ་དང། ནོར་ཤུགས་སྔར་ལས་ལྷག་པར་འོག་རིམ་ལ་བཏང་ནས། ཆེད་སྤྱོད་མ་དངུལ་གཏོང་ཤུགས་ཆེ་རུ་གཏང་དགོས། གཅིག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་བར་གྱི་གཞི་རྩའི་སྤྱི་པའི་ཞབས་ཕྱི་དོ་མཉམ་དུ་བསྒྱུར་བའི་ཆུ་ཚད་བརྟན་བརླིང་ངང་ཇེ་མཐོར་གཏང་དགོས། མཚོ་ཤར་གྱི་དཔལ་འབྱོར་སྤྱི་ཚོགས་དང་མཚོ་ནུབ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་ཏེ། གྲོང་ཁྱེར་གྱི་རྩོལ་ནུས་འཐུས་ཚང་དུ་གཏོང་བ་དང། འཕེལ་རྒྱས་བར་སྟོང་རྒྱུན་མ་ཆད་པར་རྒྱ་བསྐྱེད་ནས་ཐེག་ནུས་ཇེ་དྲག་ཏུ་གཏང་དགོས། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་གསུམ་གྱི་ས་མཚམས་བདེ་འཇགས་དང་དར་སྤེལ་ལས་གྲྭར་བར་ཁྱད་ཡོད་པའི་ནོར་སྲིད་ཀྱི་རོགས་སྐྱོར་སྲིད་ཇུས་མུ་མཐུད་དུ་བསྩལ་ཐོག རྨ་ལྷོ་དང་མགོ་ལོག་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་ལ་སྐུལ་འདེད་གཏང་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་བའི་མཐུན་སྦྱོར་ལེགས་པོར་བསྒྲུབ་དགོས། གཉིས་ནས་སྔོན་རྩིས་ནང་གི་གཞི་རྩའི་འཛུགས་སྐྲུན་གལ་ཆེན་ཐད་མ་དངུལ་གཏོང་བ་དང། བོད་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གཞི། མཛེས་པའི་མཁར་གྲོང། “སྤྱོད་ཁང་གསར་བརྗེའི“ལས་གྲྭ། རྣམ་པ་གསར་བའི་གྲོང་བརྡལ་ཅན་འཛུགས་སྐྲུན། གྲོང་ཁྱེར་གྱི་སྤྱིལ་བུའི་སྡོད་ཁང་སྒྱུར་བཀོད་དང་གྲོང་རྡལ་གྱི་སྤྱིལ་བུའི་སྡོད་ཁང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་བསྐྲུན་པར་རྒྱབ་སྐྱོར་དང། གཞི་རྩའི་འཛུགས་སྐྲུན་ལས་གཞི་གལ་ཆེན་ཐད་མ་དངུལ་གཏོང་སྟངས་གསར་གཏོད་བྱེད་དགོས། གསུམ་ནས་ཆེད་སྤྱོད་བུན་འཛིན་བཀྲམ་པ་བརྒྱུད་དེ་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང། ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ། ཚའོ་ཅཱ་པའོ་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས། མྱུར་ལམ། ཆུ་བེད་གལ་ཆེན་སོགས་ཁྱབ་ཁོངས་གཙོ་གནད་ཀྱི་ལས་གཞིའི་མ་དངུལ་དགོས་མཁོ་དངོས་གནས་འགན་སྲུང་ལེགས་པོ་བྱ་དགོས།

5. སྤྱི་ཚོགས་ཀྱི་ལས་དོན་གོང་སྤེལ་ལ་རྒྱབ་སྐྱོར་བྱ་དགོས། ཚད་མཐའ་བརྟན་སྲུང་དང་གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང། སྔོན་དཔག་ཁྲིད་སྟོན་ཀྱི་བྱ་བའི་བླང་བྱ་གཞིར་བཟུང་ནས། རྒྱུ་ཤུགས་འགན་སྲུང་དང་དམངས་འཚོ་ལེགས་བཅོས་ལ་གཅིག་གྱུར་བཀོད་སྒྲིག་དང། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མུ་མཐུད་ནས་ཇེ་དྲག་ཏུ་གཏང་དགོས། གཅིག་ནས་སློབ་གསོ་གོང་སྤེལ་སྔོན་དུ་སྒྲུབ་པར་རྒྱབ་སྐྱོར་བྱ་དགོས། རིམ་པ་སོ་སོའི་སློབ་གསོའི་ཐད་དངུལ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་བསྟར་དང། སྔོན་འགྲོའི་སློབ་གསོའི“ལོ་གསུམ་འགུལ་སྐྱོད“འཆར་འགོད་དང། འོས་འགན་སློབ་གསོའི“ཉམ་ཞན་སྒོ་ཀུན་ནས་སྒྱུར་བཅོས“། ལས་རིགས་སློབ་གསོའི“ཁུལ་གཅིག་ལ་སློབ་གྲྭ་གཅིག“འཛུགས་སྐྲུན་དང་མཐོ་འབྲིང་གི་སློབ་གསོའི་ཁྱབ་སྟངས་ལེགས་སྒྲིག་བྱ་བར་རྒྱབ་སྐྱོར་བྱ་དགོས། ཀྲུང་དབྱང་གི“ལྗོངས་གསུམ་དང་ཁུལ་གསུམ“སྲིད་ཇུས་ཀྱི་རྒྱབ་སྐྱོར་ཧུར་ཐག་སྒོས་བརྩོན་ལེན་བྱས་ཏེ། སློབ་གསོའི་དབུལ་སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་གཏང་དགོས། རིག་ཚན་ལེགས་ཤོས་མགྱོགས་པོར་འཛུགས་སྐྲུན་བྱས་ཏེ། མཐོ་རིམ་ལས་རིགས་སློབ་གྲྭ་དང་སློབ་གྲྭ་ཆེན་མོའི་སློབ་མ་རེར་ནོར་སྲིད་ཀྱི་མ་དངུལ་གཏོང་བའི་ལམ་ལུགས་ལག་བསྟར་བྱ་དགོས། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ཐད་ཤུགས་བསྣན་གཏང་དགོས། གཉིས་ནས་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ལ་རྒྱབ་སྐྱོར་བྱ་དགོས། དམངས་ཡོངས་འགན་བཅོལ་ཁྲོད་ཞུགས་པའི་འཆར་གཞི་ལག་ཏུ་བསྟར་བར་རྒྱབ་སྐྱོར་བྱས་ཏེ། རིགས་སོ་སོའི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་འགན་སྲུང་གི་འཚོ་དངུལ་གྱི་ཚད་གཞི་གཅིག་གྱུར་འཆར་འགོད་ཀྱིས་ཇེ་མཐོར་གཏོང་བ་དང། ཞིང་ཆེན་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཕྱིའི་སྟེགས་བུ་བསྐྲུན་པར་རྒྱབ་སྐྱོར་དང། ནོར་སྲིད་དང་མི་དོན་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་ཆ་འཕྲིན་མཉམ་སྦྲེལ་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང། སྤྱི་ཚོགས་འགན་སྲུང་ཐེབས་རྩ་སྔོན་རྩིས་དོ་དམ་བྱེད་ཤུགས་སྔར་བས་ཇེ་དྲག་ཏུ་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོར་མ་ལག་གཅིག་གྱུར་འཆར་འགོད་བྱས་ཏེ། སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེ། དཀར་པོ་དགེ་བའི་ལས་དོན། གཟིགས་སྐྱོང་བཀོད་སྒྲིག་སོགས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏང་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་སྐྲུན་གྱི་ནོར་སྲིད་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྤྱི་པའི་ལས་ཞུགས་ཀྱི་ཞབས་ཕྱིའི་ནུས་པ་མཐོར་འདེགས་གཏང་དགོས། གསུམ་ནས་སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱ་དགོས། “བདེ་ཐང་མཚོ་སྔོན2030“ཞེས་པའི་འགུལ་སྐྱོད་འཆར་གཞི་སྐུལ་སྤེལ་ལ་རྒྱབ་སྐྱོར་དང། གཞུང་བཙུགས་སྨན་ཁང་གི་ཞབས་ཕྱིའི་ཆ་རྐྱེན་ལེགས་སྒྱུར་ལ་རྒྱབ་སྐྱོར་དང། རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་གི་གྲོན་དངུལ་ཁ་གསབ་རྐྱེན་སྲོལ་ལག་བསྟར་བྱས་ཐོག གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་མ་དངུལ་བསྡུ་རུབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། མི་སྒེར་གྱིས་གྲོན་དངུལ་སྤྲོད་པའི་བསྡུར་ཚད་འོས་འཚམ་གྱིས་ཇེ་མཐོར་བཏང་སྟེ། གནས་གཞན་དུ་སྨན་བཅོས་དང་སྡོད་བཅོས་སྨན་རིན་ཐད་ཀར་བསྡོམས་རྩིས་རྒྱག་པར་རོགས་སྐྱོར་བྱ་བའི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཐད་ལ་མི་རེར་ཆ་སྙོམས་ཀྱིས་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་ཇེ་མཐོར་ལེགས་སྒྲིག་བྱེད་པ་དང། ཁྱིམ་ཚང་གི་སྨན་པར་ཞབས་ཕྱིའི་གན་རྒྱ་འཇོག་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱ་དགོས། ཐུམ་འབུའི་ནད་སྔོན་འགོག་དང་ནད་རིགས་སྔོན་འགོག ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་སོགས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏང་དགོས། བཞི་ནས་རིག་གནས་ལུས་རྩལ་དང་ཡུལ་སྐོར་གྱི་གོང་སྤེལ་ལ་རྒྱབ་སྐྱོར་བྱ་དགོས། སྤྱི་པའི་རིག་གནས་ཞབས་ཕྱི་མ་ལག་འཛུགས་པར་ཤུགས་སྣོན་པ་དང། དངོས་མང་བཤམས་སྟོན་ཁང་དང་ལུས་རྩལ་ཁང་སོགས་སྤྱི་པའི་རིག་གནས་ལུས་རྩལ་ཁང་རིན་མེད་དམ་གླ་རིན་དམའ་མོར་བཏང་སྟེ་སྒོ་འབྱེད་པ་ལག་བསྟར་དང། མཚོ་སྔོན་བརྙན་འཕྲིན་གོང་དུ་སྤེལ་བར་རྒྱབ་སྐྱོར་དང། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་སྐུད་མེད་གྲངས་འཛིན་ཅན་ཡོངས་ཁྱབ་ཏུ་ཁེབས་པ་ལག་བསྟར་བྱས་ཐོག རིག་དངོས་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བར་སྐུལ་འདེད་གཏང་དགོས། མཛེས་ལྗོངས་ཁུལ་གཙོ་བོའི་ཆ་འགྲིག་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་སྐྲུན་པ་དང། རིག་གནས་ལུས་རྩལ་དང་དཔལ་འབྱོར་ཉོ་ཚོང། ཡུལ་སྐོར་བཅས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བྱ་དགོས་ཤིང། ཡུལ་སྐོར་གྱི་རྐང་འཛིན་ཐོན་ལས་སྟོབས་ལྡན་དུ་སྒྱུར་བ་དང། ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་ཕྱིའི་ནུས་པ་ཇེ་མཐོར་གཏང་དགོས།

(གསུམ།) 2018ལོའི་ཡོང་སྒོ་དང་འགྲོ་སྒོའི་བཀོད་སྒྲིག

སྔོན་རྩིས་སྒྲིག་བཟོའི་བླང་བྱ་དང་འགྲོ་སྒོ་སྐོར་གྱི་སྲིད་ཇུས་ལྟར། 2018ལོའི་ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྔོན་རྩིས་དང། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་བཅས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་གཤམ་གསལ་ལྟར།

1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་ལོ་མགོའི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར1346.9ཡོད་པ་དང། དེའི་ནང་དུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར264.6བཀོད་སྒྲིག་བྱས་ཡོད་ཅིང7.5%འཕར། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་དུང་ཕྱུར814.6ཡོད་ལ། ས་གནས་སྲིད་གཞུང་གི་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར100བསྡུ་བ་དང། སྔོན་རྩིས་བརྟན་འཇགས་ལེགས་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར91.8དང། གཅིག་གྱུར་བསྡུ་རུབ་བྱས་ཏེ་མ་དངུལ་རིགས་གཞན་པ་སྒོར་དུང་ཕྱུར50.1ནང་འདྲེན་བྱེད་པ་དང། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར25.8ཡོད།

ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1346.6བཀོད་སྒྲིག་བྱས་པ་དང། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས4.6%འཕར། གཙོ་བོ་བཀོད་སྒྲིག་བྱེད་ཚུལ་ནི། སྤྱིར་བཏང་གི་སྤྱི་པའི་ཞབས་ཕྱི་ཐད་སྒོར་དུང་ཕྱུར129.8དང2.5%འཕར། སྤྱི་པའི་བདེ་འཇགས་ཐད་སྒོར་དུང་ཕྱུར81.3དང36.6%འཕར། སློབ་གསོའི་ཐད་སྒོར་དུང་ཕྱུར161དང4.3%འཕར། ཚན་རིག་ལག་རྩལ་ཐད་སྒོར་དུང་ཕྱུར11.8དང7.3%འཕར། རིག་གནས་ལུས་རྩལ་དང་སྨྱན་བྱད་ཐད་སྒོར་དུང་ཕྱུར26.6དང3.9%འཕར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་སྒོར་དུང་ཕྱུར176.7དང4.2%འཕར། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་ཐད་སྒོར་དུང་ཕྱུར115དང4.5%འཕར། ནུས་སྲི་ཁོར་སྲུང་ཐད་སྒོར་དུང་ཕྱུར51.6དང5.4%འཕར། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་སྒོར་དུང་ཕྱུར106དང8.2%འཕར། སྡོད་ཁང་འགན་སྲུང་ཐད་སྒོར་དུང་ཕྱུར32.8དང40.4%མར་ཆག ཞིང་ནགས་ཆུ་གསུམ་ལས་དོན་ཐད་སྒོར་དུང་ཕྱུར183.2ཡིན་དང7.1%འཕར། འགྲོ་སྒོ་གཞན་པ་སྣ་ཚོགས་ཐད་སྒོར་དུང་ཕྱུར270.8དང4.8%འཕར། གོང་འབུལ་འགྲོ་སྒོ་ཐད་སྒོར་དུང་ཕྱུར0.3གཏང་རྒྱུ་བཅས་ཡིན།

ཞིང་ཆེན་རིམ་པའི་ད་ལོའི་ནོར་ཤུགས་སྒོར་དུང་ཕྱུར601.8ཡོད་ཅིང་ལོ་སྔོན་མ་ལས5.1%འཕར། དེའི་ནང་དུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར83.2ཡོད་ཅིང8%འཕར། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་དུང་ཕྱུར303.8(ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར814.6ལས་གྲོང་ཁྱེར་དང་ཁུལ་ལ་ཁ་གསབ་སྟེར་བྱའི་སྒོར་དུང་ཕྱུར510.8ཕུད་ཡོད)ཡོད། ས་གནས་སྲིད་གཞུང་གི་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར100བསྡུ་བ་དང། གཅིག་གྱུར་འཆར་འགོད་ཀྱིས་མ་དངུལ་རིགས་སྣ་ཚོགས་སྒོར་དུང་ཕྱུར115.1(སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར70དང། ནོར་སྲིད་ཀྱི་བསགས་འབོར་བསྡུ་རུབ་བྱས་པ་སོགས་ཀྱི་མ་དངུལ་སྒོར་དུང་ཕྱུར45.1འདུས)ནང་འདྲེན་བྱེད་པ་དང། གོང་འབུལ་འགྲོ་སྒོ་སྒོར་དུང་ཕྱུར0.3དང། དེའི་ཁར་ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པའི་སྒོར་དུང་ཕྱུར18.5བསྣན་རྗེས། ཞིང་ཆེན་རིམ་པའི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར620.3ཡོད།

བྱེ་བྲག་གི་བཀོད་སྒྲིག་བྱེད་ཚུལ་ནི། སྤྱིར་བཏང་གི་སྤྱི་པའི་ཞབས་ཕྱི་ཐད་ལ་སྒོར་དུང་ཕྱུར29.3དང7.1%འཕར། སྤྱི་པའི་བདེ་འཇགས་ཐད་ལ་སྒོར་དུང་ཕྱུར42.5དང4.4%འཕར། སློབ་གསོ་ཐད་ལ་སྒོར་དུང་ཕྱུར53.7དང4.7%འཕར། ཚན་རིག་ལག་རྩལ་ཐད་སྒོར་དུང་ཕྱུར8.6 དང6.9%འཕར། རིག་གནས་ལུས་རྩལ་དང་སྨྱན་བྱད་ཐད་ལ་སྒོར་དུང་ཕྱུར8.9དང1.1%འཕར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ལ་སྒོར་དུང་ཕྱུར60.8ངང9.5%འཕར། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་ཐད་ལ་སྒོར་དུང་ཕྱུར41.5དང5.1%འཕར། ནུས་སྲི་ཁོར་སྲུང་ཐད་ལ་སྒོར་དུང་ཕྱུར44དང8.6%འཕར། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ལ་སྒོར་དུང་ཕྱུར101དང4.1%འཕར། སྡོད་ཁང་འགན་སྲུང་གི་འགྲོ་སྒོ་སྒོར་དུང་ཕྱུར22.3དང18.6%མར་ཆག ཞིང་ནགས་ཆུ་གསུམ་ལས་དོན་ཐད་ལ་སྒོར་དུང་ཕྱུར51.1དང4.5%འཕར། འགྲོ་སྒོ་གཞན་པ་སྣ་ཚོགས་སྒོར་དུང་ཕྱུར156.6དང2.2%འཕར་རྒྱུ་བཅས་ཡིན།

2018ལོའི་ཞིང་ཆེན་རིམ་པའི་སྡེ་ཁག་གི་སྔོན་རྩིས་ཕྱོགས་བསྡོམས་བྱས་ན། ཞིང་ཆེན་རིམ་པའི་སྲིད་འཛིན་དོན་ལས་སྡེ་ཚན་གྱིས་ནོར་སྲིད་ཀྱི་མ་དངུལ་སྤྱད་དེ“གཞུང་གསུམ་གྲོན་དངུལ”སྒོར་དུང་ཕྱུར1.87(དེའི་ནང་དུ་གཞུང་དོན་དུ་ཕྱི་རྒྱལ་ལ་འགྲོ་བའི་གྲོན་དངུལ་སྒོར་དུང་ཕྱུར0.31དང། གཞུང་དོན་སྣེ་ལེན་གྲོན་དངུལ་སྒོར་དུང་ཕྱུར0.54དང། གཞུང་འཁོར་བཀོལ་སྤྱོད་དང་ཉོ་སྒྲུབ་གྲོན་དངུལ་སྒོར་དུང་ཕྱུར0.01དང། གཞུང་འཁོར་འཁོར་རྒྱུག་གྲོན་དངུལ་སྒོར་དུང་ཕྱུར1.01བཅས་ཡིན)བཀོད་སྒྲིག་བྱས་ཤིང། ལོ་སྔོན་མ་ལས8.8%མར་ཆག་པ་རེད།

2. སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར83.5དང། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར78.2བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར27.9དང། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར38.4བཀོད་སྒྲིག་བྱས་ཡོད།

3. རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་མ་རྩའི་བདག་གཉེར་གྱི་ཡོང་སྒོ་སྒོར་དུང་ཕྱུར0.7དང། རྒྱལ་དབང་མ་རྩའི་བདག་གཉེར་གྱི་འགྲོ་སྒོ་སྒོར་དུང་ཕྱུར2.1བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པའི་རྒྱལ་དབང་མ་རྩའི་བདག་གཉེར་གྱི་ཡོང་སྒོ་ཐད་སྒོར་དུང་ཕྱུར0.6དང། རྒྱལ་དབང་མ་རྩའི་བདག་གཉེར་གྱི་འགྲོ་སྒོ་སྒོར་དུང་ཕྱུར1.9བཀོད་སྒྲིག་བྱས་ཡོད།

4. སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར335.2དང། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར326.4བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར272.5དང། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར280.6བཀོད་སྒྲིག་བྱས་ཡོད།

གོང་གི་སྔོན་རྩིས་བཀོད་སྒྲིག་བྱས་ཚུལ་ཞིབ་ཕྲ《མཚོ་སྔོན་ཞིང་ཆེན་གྱི2017ལོའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་སྔོན་རྩིས་བཀོད་སྒྲིག་བྱས་པའི་གནས་ཚུལ་རེའུ་མིག》ལས་གསལ་བོར་བཀོད་ཡོད།

གསུམ། 2018ལོའི་ནོར་སྲིད་བྱ་བ་དངོས་གནས་ལེགས་སྒྲུབ་བྱ་དགོས།

2018ལོ་ནི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་རྒྱལ་ཁ་རྟིང་ཐག་ཆོད་པ་ལེན་པ་དང། “ལྔ་ཚན་བཅུ་གསུམ་པ”ལག་བསྟར་བྱ་བ་སྔ་མཐུད་ཕྱི་སྐྱོང་གི་འགག་རྩར་ཐུག་པའི་ལོ་ཞིག་ཡིན་པས། ནོར་སྲིད་བྱ་བའི་ཐད་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ཟབ་མོ་བྱེད་ཅིང། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབས་ནས། ཆབ་སྲིད་ཀྱི་གོ་གནས་སྔར་ལས་མཐོར་འདེགས་དང་འགན་འཁྲི་ཁག་ཁུར་ཤུགས་དྲག་ཏུ་བཏང་སྟེ། ནོར་སྲིད་ཀྱི་རྨང་གཞིའི་རང་བཞིན་གྱི་འདེགས་སྐྱོར་དང་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

(གཅིག) ཐབས་བརྒྱ་ཇུས་སྟོང་གིས་འགན་སྲུང་ནུས་པ་དྲག་པོར་གཏང་དགོས། ཁྲལ་གཅོག་པ་དང་འགྲོ་སྒོ་འཕར་བ། སྲིད་གཞུང་གི་བུན་འཛིན་འཕར་སྣོན་དང་ཉེན་ཁ་འགོག་ཟོན་བར་གྱི་འགལ་བ་ཐག་གཅོད་འོས་འཚམ་བྱས་ཏེ། རང་ཉིད་ལ་ཡོད་པའི་ཡོང་སྒོ་རྩ་འཛུགས་དམ་འཛིན་བྱེད་པ་དང། ཡོང་སྒོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་རྒྱལ་ཁབ་ཁྲལ་དོན་ལམ་ལུགས་བཅོས་སྒྱུར་བྱེད་ཕྱོགས་ཀྱི་རྗེས་དམ་པོར་བསྙེགས་ཏེ། ཁྲལ་སྡུད་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། ཁྲལ་མིན་ཡོང་སྒོ་སྡུད་པའི་ལམ་ལུགས་གསར་སྐྲུན་བྱེད་ཅིང། ལས་འགན་དབྱེ་ཕྲལ་དང་གནས་བབ་ལ་དབྱེ་ཞིབ། གནས་ཚུལ་གསལ་བསྒྲགས་སོགས་ལམ་ལུགས་གཟབ་ནན་གྱིས་དོན་འཁྱོལ་བྱས་ཐོག དབྱེ་ཞིབ་དཔྱད་གཅོད་ཤུགས་དྲག་ཏུ་གཏོང་བ་དང། དུས་ཐོག་ཏུ་ནུས་ལྡན་གྱིས་ཁ་གཏད་འཇལ་དགོས་ཤིང། ཡོང་སྒོ་རྫུན་འཕར་བྱ་སྤྱོད་ནན་འགོག་བྱས་ཏེ། ཡོང་སྒོ་བསྡུ་དགོས་པ་ཚང་མ་བསྡུ་དགོས་ལ། ཡོང་སྒོའི་སྤུས་ཚད་ཀྱང་ཇེ་མཐོར་གཏང་དགོས། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་ས་གནས་སྲིད་གཞུང་གི་བུན་འཛིན་བཅད་གྲངས་ཧུར་ཐག་གིས་བརྩོན་ལེན་བྱེད་པ་དང། མཚོ་སྔོན་གྱི་དམིགས་བསལ་གྱི་རྒྱུ་རྐྱེན་འཛིན་པ་དང། ཀྲུང་དབྱང་གི་འཐབ་ཇུས་གཙོ་བོ་དང་སྲིད་ཇུས་ཀྱི་ཁྲིད་ཕྱོགས་ལ་དམ་པོར་དམིགས་ཏེ། རྒྱུ་རྐྱེན་ཐབས་དང་འགྲན་རྩོད་རང་བཞིན་གྱི་བགོ་བཤའ་རྒྱག་སྟངས། ལས་གཞིའི་མ་དངུལ་བགོ་བཤའ་རྒྱག་ཚུལ་ལ་དཔྱད་ཞིབ་དཔྱད་དཔོག་སོགས་བྱེད་སྟངས་ལ་ཧུར་ཐག་རང་འགུལ་གྱིས་བསྟུན་པ་དང། དཔྱད་ཞིབ་སྐུལ་བསྟོད་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་ཤིང། ལས་གཞིའི་སྔོན་འགྲོ་བརྟན་པོར་སྒྲུབ་པ་དང། མཐུན་སྦྱོར་མཉམ་འབྲེལ་ཤུགས་དྲག་ཏུ་བཏང་སྟེ། ནོར་ཤུགས་སྤྱིའི་ཚད་བརྟན་པོར་འཕར་བར་ཁག་ཐེག་བྱ་དགོས། ནོར་སྲིད་འགྲོ་སྒོའི་འཁོར་སྐྱོད་རྐྱེན་སྲོལ་སྙོམ་སྒྲིག་དང་ལེགས་སྒྱུར་བྱས་ཏེ། ནོར་སྲིད་འགྲོ་སྒོའི་དུས་བབ་དང་འགྲོས་ཚད། ཤུགས་ཚད་བཅས་སྔར་ལས་ལྷག་པར་ཁོང་དུ་ཆུད་པར་བྱས་ཏེ། འགྲོ་སྒོའི་གྲུབ་ཚུལ་མུ་མཐུད་དུ་ལེགས་སྒྱུར་དང་ཕན་ནུས་ཆུང་བའམ་མེད་པའི་འགྲོ་སྒོ་ལེགས་སྒྲིག་གམ་ཉུང་འཕྲི་བྱེད་པ་དང། མ་དངུལ་ལྷག་མ་རྩིས་ཁོངས་སྤོ་བའི་གཞི་རྒྱར་ཚོད་འཛིན་ནན་མོ་བྱ་དགོས་ཤིང། འགྲོ་གྲོན་སྔ་འདོན་དང་སྔ་གཏོང་སོགས་བྱེད་སྟངས་སྤྱད་དེ་གནད་སའི་འགྲོ་སྒོའི་དགོས་མཁོ་འགན་སྲུང་བྱས་ཏེ། ནོར་སྲིད་འགྲོ་སྒོའི་གནད་འཁེལ་རང་བཞིན་དང་དོ་མཉམ་རང་བཞིན། དངོས་ཕན་རང་བཞིན་བཅས་ཇེ་དྲག་ཏུ་གཏང་དགོས།

(གཉིས།) ཐབས་མང་མཉམ་སྤྱོད་སྒོས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལམ་ཕྱོགས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་གཞི་རྩའི་དགོས་མཁོ་ལ་གཅིག་གྱུར་འཆར་འགོད་ཀྱིས་བསམ་གཞིགས་བཏང་བའི་རྨང་གཞིའི་སྟེང། གཙོ་བོ་རྒྱལ་ཁབ་ཀྱི་གོང་སྤེལ་འཐབ་ཇུས་ཆེན་པོ་དང་བཅོས་སྒྱུར་དོན་ཚན་གལ་ཆེན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པས་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་འགན་སྣ་ཚོགས་ལ་རོགས་སྐྱོར་བྱེད་པ་དང། ནོར་སྲིད་ཀྱིས་བཏང་བའི་མ་དངུལ་གྱིས་དཔལ་འབྱོར་འཕར་བར་སྐུལ་ཁྲིད་འདེགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་ལེགས་པོར་བྱེད་ཅིང། ཐབས་ལམ་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཐོག སྔོན་རྩིས་བཀོད་སྒྲིག་དང་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ། ས་གནས་སྲིད་གཞུང་གི་བུན་འཛིན། སྲིད་གཞུང་གི་སྣེ་ཁྲིད་ཐེབས་རྩ། pppརྣམ་པ་སོགས་མ་དངུལ་རིགས་སྣ་ཚོགས་གཅིག་གྱུར་སྒོས་བཀོལ་སྤྱོད་ལེགས་པོ་བྱས་ནས། སྣ་མང་པོས་མ་དངུལ་འཇོག་པའི་རྣམ་པ་གང་མགྱོགས་ཀྱིས་ཆགས་སུ་འཇུག་དགོས། ནོར་སྲིད་སྲིད་ཇུས་བཟང་པོ་མུ་མཐུད་དུ་དོན་འཁྱོལ་དང། དངུལ་གཏོང་སྒྲིག་གཞི་ལེགས་སྒྱུར་བྱེད་པར་སྔར་བས་དོ་སྣང་བྱེད་པ་དང། རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས། དམངས་འཚོ། བོད་ཁུལ་གོང་སྤེལ་བཅས་ཐད་ལ་མ་དངུལ་གཏོང་བའི་བསྡུར་ཚད་ཇེ་མཐོར་གཏོང་བ་དང། དངུལ་གཏོང་གི་ཕྱོགས་བསྡུས་སྐུལ་ཁྲིད་ཕན་ནུས་ཤུགས་དྲག་ཏུ་གཏང་དགོས། སྲིད་གཞུང་གི་སྣེ་ཁྲིད་དང་ཞབས་ཕྱིའི་ཤུགས་ཚད་ཆེ་རུ་གཏོང་བ་དང། སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་རིམ་སྤར་ལ་ཧུར་ཐག་སྒོས་སྐུལ་འདེད་དང། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། ལས་རྣམ་གསར་བའི་གཞི་རྒྱ་ཤུགས་ཆེན་པོས་བསྐྱེད་པ་དང། རྣམ་པ་གསར་བའི་བཟོ་ལས་ཅན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏང་བ་དང། དེང་རབས་ཞབས་ཕྱིའི་ལས་རིགས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཞིང་ལས་ཐད་ཀྱི་དངུལ་གཏོང་བརྟན་འཇགས་ངང་འཕར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། རིགས་སོ་སོའི་ཞིང་ལས་དང་འབྲེལ་བའི་མ་དངུལ་བསྡུ་རུབ་ཤུགས་ཚད་ཆེ་རུ་གཏང་དགོས། དབུལ་ཐར་མཁྲེགས་གཏོར་བྱ་འགུལ་ལ་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང། ཞིང་ཕྱུགས་ལས་ཀྱི་སྤུས་འབྲས་གཉིས་མཐོར་འདེགས་དང་རོང་འབྲོག་པ་དབུལ་ཕོངས་ལས་ཐར་ཅིང་ཡོང་སྒོ་འཕར་བར་སྐུལ་འདེད་གཏང་དགོས།

(གསུམ།) བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་བྱ་དགོས། དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང། སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་མྱུར་བར་སྒྱུར་བའི་བསམ་ཕྱོགས་གསར་བར་དམ་པོར་དམིགས་ཏེ། སྔོན་རྩིས་བཀོད་སྒྲིག་ཇེ་མང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་གང་མང་བརྩོན་ལེན་བྱས་པ་བརྒྱུད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་གཞི་གལ་ཆེན་དང་གཏེར་ཁའི་བདག་དབང་བསྐྱུར་བ། སྦགས་བཙོག་འགོག་བཅོས་འགུལ་སྐྱོད་འཆར་གཞི། རི་ཆུ་ནགས་ཞིང་མཚེའུ་ཡི་སྐྱེ་ཁམས་བསྐྱར་གསོ། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་བཙོག་ཆུ་གཅིག་བསྡུ་ཐག་གཅོད་སྒྲིག་བཀོད་འཛུགས་སྐྲུན་དང། རོང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལ་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ནས་རོགས་སྐྱོར་བྱེད་པ་དང། ལྗང་མདོག་དཔལ་འབྱོར་དང་རེས་འཁོར་ཐཱན་ཉུང་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང། ལྗང་མདོག་ཐོན་ལས་མ་ལག་གསོ་སྐྱོང་བྱེད་ཅིང། དག་གཙང་ནུས་ཁུངས་དང་གློག་རྡུལ་ཆ་འཕྲིན། ནུས་ཁུངས་གསར་བ། རྒྱུ་ཆ་གསར་བ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ལ་བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཀྱི་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཐོག ལས་ཕྱོད་དམིགས་ཚད་དཔྱད་ཞིབ་དཔྱད་དཔོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། སྐྱེ་ཁམས་སྲུང་སྐྱོང་གྲུབ་འབྲས་དང་མ་དངུལ་བགོ་བཤའ་རྒྱག་པ་སྦྲེལ་བའི་སྐུལ་བསྟོད་ཚོད་འཛིན་རྐྱེན་སྲོལ་འཛུགས་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་རྒྱབ་སྐྱོར་བྱ་ཡུལ་གཙོ་བོ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། སྐྱེ་ཁམས་རྩོལ་ནུས་ཁུལ་གཙོ་བོར་ཁ་གསབ་རོགས་དངུལ་སྤོ་སྒྱུར་གཏོང་སྤྲོད་དང་སྐྱེ་ཁམས་ཀྱི་ཆེད་སྤྱོད་རོགས་དངུལ་བརྩོན་ལེན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། རང་ཞིང་གི་སྐྱེ་ཁམས་རྩོལ་ནུས་ཁུལ་དུ་ནོར་སྲིད་ཀྱིས་བྱ་དགའ་དང་ཁ་གསབ་སྟེར་བའི་སྲིད་ཇུས་འཐུས་ཚང་དུ་བཏང་ཐོག་ལག་བསྟར་བྱ་དགོས་ཤིང། བྱ་དགའ་དང་ཁ་གསབ་སྟེར་བའི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དང། འོག་རིམ་ལ་བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་བའི་ཤུགས་ཚད་ཆེ་རུ་བཏང་སྟེ། ཁུལ་དང་རྫོང་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་འགན་འཁྲི་ཤུགས་དྲག་ཏུ་གཏོང་བར་ཁྲིད་སྟོན་དང་སྐུལ་བསྟོད་བྱ་དགོས།

(བཞི།) རྒྱུན་སྲིང་ལྷོད་མེད་སྒོས་དམངས་འཚོ་ལེགས་སྒྱུར་འགན་སྲུང་བྱ་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་གཏན་འབེབས་བྱས་པའི་དམངས་འཚོའི་འབྲེལ་ཡོད་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང། དམངས་འཚོའི¡°ཡོད་པ་བདུན¡±དང་སྐྱེ་ཁམས་སྲུང་སྐྱོང་ལ་དམིགས་ཏེ། 2018ལོའི་དམངས་འཚོའི་ལས་གཞི་ལས་གྲྭ་ལ་གཅིག་གྱུར་གྱིས་ཇུས་འགོད་དང་ལག་བསྟར་ལེགས་པོ་བྱེད་པ་དང། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱིས་ཆེས་སེམས་ཁུར་བྱེད་ཅིང་ཆེས་ཐད་ཀར་དངོས་ཡོད་ཀྱི་དམངས་འཚོའི་ལས་གཞི་གནད་སར་བཟུང་ནས་ལག་བསྟར་བྱེད་པ་དང། སྔར་ལས་ལྷག་པར་དམངས་འཚོའི་དཀའ་གནད་སྒྲོལ་བ་དང་སྤྱི་ཚོགས་ཀྱིས་དོ་སྣང་བྱ་ཡུལ་ལ་ལན་སྟེར་བ། དམངས་འཚོའི་དགོས་མཁོ་བསྐང་དགོས། ཚད་མཐའ་སྲུང་བ་དང་དྲ་རྒྱ་ཚགས་དམ་པོ་བཟོ་བ། རྐྱེན་སྲོལ་འཛུགས་པའི་བླང་བྱ་གཞིར་བཟུང་སྟེ། དམངས་ཡོངས་སུ་ཁེབས་པ་དང། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱིས་འཆར་འགོད། དབང་ཆ་དང་འགན་འཁྲི་གསལ་བ། འགན་སྲུང་འོས་འཚམ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་པའི་སྤྱི་ཚོགས་འགན་སྲུང་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་བྱ་དགོས། ནུས་པ་དང་བསྟུན་ཏེ་སྒྲུབ་པ་དང་ཅི་ཐུབ་ཀྱིས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་སྔོན་དཔག་ལ་ལུགས་མཐུན་གྱིས་སྣེ་ཁྲིད་པ་དང། “ཡོང་སྒོར་གཞིགས་ནས་འགྲོ་སྒོ་གཏོང་བ་དང། གོམ་ཆུང་བླངས་ནས་མྱུར་བར་རྒྱུག་པའི”བསམ་ཕྱོགས་ལྟར། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་བར་ཁྱད་ཧུར་ཐག་གིས་ཇེ་ཆུང་དུ་གཏང་དགོས་ལ། དམངས་འཚོའི་ཕྱོགས་ཀྱི་རེ་ཞུ་དང་ནོར་སྲིད་ཀྱི་ཐེག་ནུས་བར་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་ཡང་བྱ་དགོས་ཤིང། ཚད་གཞི་མཐོར་འདེགས་དང་ཕྱོགས་ངོས་རྒྱ་བསྐྱེད་པའི་སྲིད་ཇུས་གསར་བ་གཟབ་ནན་ཞིབ་ཚགས་ཀྱིས་འདོན་པ་དང། དཔལ་འབྱོར་འཕར་ཚད་ཅུང་མགྱོགས་དུས་སུ་ཁས་ལེན་མཐོན་པོ་བྱེད་ཚད་འོས་འཚམ་སྒོས་ཇེ་དམའ་རུ་གཏང་དགོས་ལ། དངོས་གནས་དེང་སྐབས་འདེགས་ཐུབ་པ་དང་མ་འོངས་པར་རྒྱུན་མཐུད་ཐུབ་པར་བྱ་དགོས།

(ལྔ།) རྒྱུན་འཁྱོངས་ལྷོད་མེད་ཀྱིས་ནོར་ཁྲལ་བཅོས་སྒྱུར་ཟབ་མོ་བྱ་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལས་དོན་གཅོད་དབང་ཆ་དང་འགན་འཁྲི་དབྱེ་འབྱེད་དང། ཁྲལ་དོན་ལམ་ལུགས་བཅོས་སྒྱུར། སྔོན་རྩིས་ལམ་ལུགས་བཅོས་སྒྱུར་བཅས་ཐད་བཏོན་པའི་བླང་བྱ་གསར་བར་དམིགས་ཏེ། སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་དང་བཅོས་སྒྱུར་བྱེད་ཐབས་འཐུས་ཚང་དུ་གཏོང་བ། གནད་འགག་ལྷུ་ཚིགས་དང་སྒྲིག་སྲོལ། རྐྱེན་སྲོལ་བཅས་ཀྱི་མི་འདང་སར་གནད་ལ་ཁེལ་བའི་སྒོ་ནས་ཤུགས་འདོན་པ་དང། དེང་རབས་ནོར་སྲིད་ལམ་ལུགས་མགྱོགས་མྱུང་ངང་འཛུགས་དགོས། དོན་གཅོད་དབང་མཚམས་བཅོས་སྒྱུར་ཐད་ནས། མཚོ་སྔོན་དང་ཀྲུང་དབྱང་གི་ནོར་སྲིད་བར་གྱི་དོན་གཅོད་དབང་ཆའི་འབྲེལ་བའི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་དང་ཞིབ་འཇུག་ནན་མོ་བྱས་ནས། རང་ཞིང་གི་ཕུགས་རྒྱང་རིང་པོའི་འཕེལ་རྒྱས་ལ་ཕན་པའི་ནོར་ཤུགས་བགོ་བཤའ་རྒྱག་སྟངས་ཧུར་ཐག་གིས་བརྩོན་ལེན་བྱ་དགོས། ཞིང་ཆེན་རིམ་པ་མན་གྱི་ནོར་དོན་ཐག་གཅོད་དབང་མཚམས་དང་འགྲོ་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་སྒྱུར་གྱི་ལག་བསྟར་བསམ་འཆར་འདོན་དགོས། ཀྲུང་དབྱང་གི་བཅོས་སྒྱུར་གྱི་གོམ་འགྲོས་རྗེས་སུ་དམ་པོར་འབྲངས་ནས། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོང་སོགས་གཞི་རྩའི་སྤྱི་པའི་ཞབས་ཕྱི་ཁྱབ་ཁོངས་དང་ཕྱི་འབྲེལ་ཁྱབ་ཁོངས་སུ་ཞིང་ཆེན་གྱིས་འོག་རིམ་གྱི་དོན་དག་གཅོད་པའི་དབང་མཚམས་དང་འགྲོ་སྒོའི་འགན་འཁྲིའི་དབྱེ་བ་འབྱེད་པ་དང། ས་གནས་ཀྱི་ཡོང་སྒོ་དང་བུ་ལོན་གྱི་གནས་ཚུལ་ལ་གཅིག་གྱུར་གྱིས་བསམ་གཞིགས་བཏང་ནས། ཞིང་ཆེན་རིམ་པའི་དོན་གཅོད་དབང་ཆ་དང་འགྲོའི་འགན་འཁྲི་འོས་འཚམ་གྱིས་ཇེ་དྲག་ཏུ་གཏང་དགོས། ཁྲལ་དོན་ལམ་ལུགས་བཅོས་སྒྱུར་ཐད་ནས། གཉེར་ཁྲལ་འཕར་ཁྲལ་དུ་བཅོས་སྒྱུར་དང་ཁྲལ་གྲོན་གཉིས་གཅོག་སྲིད་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་སྒོ་ཀུན་ནས་བསྡུ་མགོ་རྩོམ་པ་དང། ཐོན་ཁུངས་དཔྱ་ཁྲལ་སྐོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། ས་གནས་ཁྲལ་དོན་མ་ལག་ཞིབ་འཇུག་བྱ་བར་ཤུགས་བསྣན་ཏེ། རང་འགུལ་སྒོས་ཀྲུང་དབྱང་གི་འཛད་སྤྱོད་དཔྱ་ཁྲལ་དང་མི་སྒེར་གྱི་ཐོབ་ཁྲལ། ཁང་སའི་ནོར་ཁྲལ་སོགས་བཅོས་སྒྱུར་གྱི་གོམ་འགྲོས་རྗེས་སུ་རང་འགུལ་གྱིས་འབྲང་དགོས། སྔོན་རྩིས་ལམ་ལུགས་བཅོས་སྒྱུར་ཐད་ནས། དུས་མགོའི་བཅོས་སྒྱུར་སྲིད་ཇུས་དངོས་འབེབས་ལ་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བ་དང། ཁ་ཚད་གཅིག་པའི་སྲིད་གཞུང་གི་སྔོན་རྩིས་དོ་དམ་ལ་སྒོ་ཀུན་ནས་སྐུལ་འདེད་གཏང་དགོས་ཤིང། མྱུར་མཁོ་མིན་པ་དང་ཅིས་ཀྱང་གཏང་དགོས་པ་མིན་པའི་ནོར་སྲིད་འགྲོ་སྒོ་ཚོད་འཛིན་ནན་མོ་བྱས་ནས། ལོ་འཁོར་བརྒལ་བའི་སྔོན་རྩིས་དོ་མཉམ་ཡོང་བར་བྱ་བའི་ཐད་ཤུགས་སྣོན་དང། ལས་གཞིའི་མཛོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང། དུས་དཀྱིལ་གྱི་ནོར་སྲིད་འཆར་འགོད་དོ་དམ་ལ་གཏིང་ཟབ་སྒོས་སྐུལ་འདེད་གཏང་དགོས། རོང་འབྲོག་པ་གྲོང་ཁྱེར་དུ་སྤོས་པ་དག་གྲོང་མིར་བསྒྱུར་བར་བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།

(དྲུག) རྒྱུན་ཆད་མེད་པར་ནོར་སྲིད་དོ་དམ་ཤུགས་ཆེར་གཏང་དགོས། ཁྲིམས་ལྟར་རྒྱུ་ནོར་བདག་གཉེར་དང་དོ་དམ་ཚད་ལྡན་རྒྱུན་འཁྱོངས་བྱས་ཏེ། ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། ནོར་སྲིད་དོ་དམ་ཞིབ་ཚགས་ཅན་དང་གནད་འཁེལ་ཅན་དུ་བསྒྱུར་བའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏང་དགོས། ཁྱོན་ཡོངས་ནས་ལས་ཕྱོད་དོ་དམ་ལག་བསྟར་བྱ་དགོས། མཇུག་འབྲས་ཀྱིས་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ལ་ཁྲིད་སྟོན་བྱེད་པའི་ལས་ཕྱོད་དོ་དམ་རྐྱེན་སྲོལ་འཐུས་ཚང་བཟོས་ཏེ། ལས་ཕྱོད་དོ་དམ་དང་སྔོན་རྩིས་སྒྲིག་བཟོ་དང་ལག་བསྟར། ལྟ་སྐུལ་བཅས་ཕན་ཚུན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང། ལས་ཕྱོད་ཆ་འཕྲིན་སྤྱི་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཐོག དམངས་འཐུས་ཚོགས་ཆེན་ལ་ལས་ཕྱོད་དམིགས་ཚད་དང། ལས་ཕྱོད་དཔྱད་འཇོག་མཇུག་འབྲས་ཞུ་འབུལ་བྱ་དགོས་པར་མ་ཟད། སྤྱི་ཚོགས་ཡོངས་སུ་སྤྱི་བསྒྲགས་བྱ་དགོས། སྲིད་གཞུང་གི་བུ་ལོན་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། སྲིད་གཞུང་གི་བུ་ལོན་དོ་དམ་ཚད་ལྡན་དང་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་འདོན་པ་དང། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་བུ་ལོན་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ཉེན་ཁའི་ཚོད་ཐིག་གསལ་བོར་ལེན་པ་དང། གནས་ཡོད་པའི་གནད་དོན་རེ་རེ་བཞིན་དུ་དབྱེ་ཞིབ་དང་ཞིབ་བརྡར་བྱས་ཐོག ཐག་གཅོད་ཐབས་ཞིབ་ཕྲ་རིགས་སྣ་བཀར་ནས་གཏན་འབེབས་བྱ་དགོས། སྲིད་གཞུང་གི་མངོན་མེད་བུ་ལོན་འཕར་བ་མཐའ་གཅིག་ཏུ་ཚོད་འཛིན་བྱེད་པ་དང། སྲིད་གཞུང་མ་ཡིན་པའི་བུན་འཛིན་གྱི་རྣམ་པའི་ཐོག་ནས་བསགས་ཡོད་བུ་ལོན་བརྗེ་སྒྱུར་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ་དང། དངུལ་བསྡུ་སྟེགས་བུ་ཚོང་ར་ཅན་དུ་བསྒྱུར་བར་བརྟན་འཇགས་ངང་སྐུལ་འདེད་དང། བུ་ལོན་དོ་དམ་དཔྱད་ཞིབ་དང་དཔྱད་འཇོག་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང། ཚེ་གང་བོར་འགན་འཁྲི་རྩད་གཅོད་པའི་རྐྱེན་སྲོལ་བཙུགས་ནས། སྲིད་གཞུང་གི་བུ་ལོན་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱ་དགོས། དངུལ་བསྡུའི་ཐབས་ལམ་གསར་སྐྲུན་དང་འཚོལ་ཞིབ་བྱས་ཏེ་རྒྱ་བསྐྱེད་པ་དང། ལས་གཞིའི་ཁེ་སྤོགས་དང་དངུལ་བསྡུ་དོ་མཉམ་ཡོང་བར་རང་གིས་བརྩོན་ལེན་གྱི་ཆེད་སྤྱོད་བུན་འཛིན་འགྲེམས་སྤེལ་ཚོད་ལྟའི་བྱ་བ་ལེགས་པོར་བསྒྲུབ་དགོས། སྲིད་གཞུང་གི་དངུལ་གཏོང་ཐེབས་རྩའི་དོ་དམ་ཚད་ལྡན་དུ་གཏང་དགོས། བཙུགས་ཟིན་པའི་ཐེབས་རྩ་བཅོས་སྐྱོང་སྒྲིག་གཞི་དང། མ་དངུལ་གྱི་གཞི་ཁྱོན། འཁོར་སྐྱོད་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་ཞིབ་འཇུག་བྱས་ཏེ། ཐེབས་རྩ་རིགས་སྣ་ཚོགས་ཀྱི་སྣེ་ཁྲིད་ཡར་སྐུལ་བྱེད་ནུས་གང་མགྱོགས་སྒོས་འདོན་སྤེལ་ལེགས་པོ་བྱ་དགོས། ཐེབས་རྩ་གསར་བ་འཛུགས་པར་ཚོད་འཛིན་ནན་མོ་བྱེད་པ་དང། བཙུགས་ཟིན་པའི་ཐེབས་རྩ་གཙང་སེལ་དང་བསྡུ་རུབ་བྱས་ཐོག སྲིད་གཞུང་གི་དངུལ་གཏོང་ཐེབས་རྩ་བསྡོམས་རྩིས་སྙན་ཞུ་ལམ་ལུགས་འཛུགས་པ་དང། ཐེབས་རྩའི་དངུལ་གཏོང་ཁྱབ་ཁོངས་ཚན་རིག་ལྟར་གཏན་འཁེལ་བྱེད་ཅིང། ཐེབས་རྩའི་གཏོང་ཕྱོགས་ལ་སྣེ་ཁྲིད་དང་ཚད་ལྡན་དུ་གཏོང་བ་དང། ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་ངོས་ནས་མ་རྐང་བདག་དབང་གི་དངུལ་གཏོང་དང་དོན་དངོས་སུ་བུ་ལོན་བདག་དབང་གི་དངུལ་གཏོང་བར་ཞིབ་བཤེར་ནན་མོ་བྱ་དགོས།

འཐུས་མི་རྣམ་པ། 2018ལོར་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བཅོས་སྒྱུར་དང་གོང་སྤེལ་གྱི་ལས་འགན་ལྗིད་ཅིང་དཀའ་ཚགས་ཧ་ཅང་ཆེ་བས། ང་ཚོས་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ནན་ཏན་སྒོས་དངོས་འབེབས་དང། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་ལྟར། ཧུར་ཐག་འབད་བརྩོན་དང་ཏན་ཏན་ཏིག་ཏིག་གིས་བྱ་བ་བསྒྲུབས་ཏེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་བསྐྲུན་པར་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས།