རྐང་ཚ་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་བྱ་འགུལ་སྤེལ་བ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྐང་ཚ་རྫོང་གིས་དོན་དངོས་སྒྲུབ་པར་རྐང་བཙུགས་ཏེ། བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་རྫོང་དང་ཞང་། སྡེ་བ་བཅས་སུ་སོང་ནས། གཏིང་ཟབ་སྒོས་ཞང་དང་གྲོང་རྡལ། སྡེ་བ་སོགས་སུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་ཅེས་པ་སོགས་སྒྲོག་འགྲེལ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ་བར་མཁའ་དབུགས་གསར་བ་ཞིག་བསྐྲུན།

  སྒྲོག་འགྲེལ་པ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཕྱོགས་སོ་སོ་ནས་བྱུང་བའི་འགྱུར་ལྡོག་མངོན་གསལ་དང་མང་ཚོགས་ལ་བག་ཆགས་ཟབ་མོ་བཞག་པའི་དམངས་ཚིས་ལེགས་བསྒྱུར་དེ་གཞི་འཛིན་ས་རུ་བྱས་ནས། མང་ཚོགས་དང་ཆེས་ཐག་ཉེ་ས་གླེང་སྟེ། མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་ཀྱི་དྲིན་ལན་ཚོར་བར་སློབ་གསོ་ཡིས་སྣེ་ཁྲིད་བྱས་པ་མ་ཟད། རོང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་ཁོ་ཚོའི་འཚོ་བ་དངོས་ཁྲོད་ཀྱི་དཀའ་ཁག་སེལ་ཞོར་མྱུར་བར་མཁོ་བའི་སྔོན་ཐོན་གྱི་ཕྱུགས་ཟོག་གསོ་སྤེལ་རྩལ་ནུས་དང་བདེ་ཐང་ཤེས་བྱ་སོགས་སྒྲོག་འགྲེལ་བྱས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་རོགས་བྱས་ནས་དོགས་གནད་སེལ་བ། དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ་ནས། ལག་ལེན་དངོས་ཀྱི་སྟེང་ནས་མང་ཚོགས་ལ་ཏང་གི་དྲོད་ཁོལ་སྦྱིན་ནས་མཉམ་དུ་དཔལ་ཡོན་མཛའ་བརྩེ་དང་འཆམ་མཐུན་བདེ་སྐྱིད་ཀྱི་ལུགས་སྲོལ་གསར་བ་ཞིག་བསྐྲུན།

  སྒྲོག་འགྲེལ་ལ་ཉན་པའི་ལས་བྱེད་པ་དང་མང་ཚོགས་ཀུན་གྱིས་མ་གྲོས་མགྲིན་གཅིག་ཏུ་བཤད་རྒྱུར། སྒྲོག་འགྲེལ་ཁ་གསལ་གོ་བདེ་ངང་ང་ཚོར་དེ་རིང་གི་འཚོ་བ་བཟང་བོ་ནི་ཏང་གི་སྲིད་ཇུས་དང་ཁ་འབྲལ་ཐབས་མེད་པའི་གནས་ལུགས་རྙེད་དུ་བཞག་སྟེ། ང་ཚོ་ལ་སྔར་ལས་ལྷག་པའི་སྒོ་ནས་ཏང་དང་གོམ་པ་མཉམ་བགྲོད་བྱེད་རྒྱུའི་ཡིད་ཆེས་བརྟན་པོ་བསྐྲུན། སྡེ་བའི་ཏང་ཀྲུ་པུའུ་ཧྲུའུ་ཅུ་ཚེ་བྷོ་ཡིས་ཀུན་གྱི་ཚབ་བྱས་ནས་བཤད་རྒྱུར། ང་ཚོས་ངེས་པར་དུ་ཧུར་ཐག་སྒོས་ཐོན་སྐྱེད་འཕེལ་རྒྱས་དང་། གསོ་སྤེལ་ལེགས་པོ་བྱེད་པ། བརྩེ་བའི་མཐུན་སྒྲིལ་དམ་དུ་འཛིན་པ་སོགས་ཀྱིས་ཚོགས་ཆེན་བཅུ་དགུ་བ་འཚོགས་པར་བསུ་བ་བྱེད་རྒྱུ་ཡིན་ཟེར།

  ལོ་ཙཱ་བ།རྟ་མགྲིན་དཔལ།