ན་གོར་མོ་གྲོང་ཁྱེར་གྱིས་དུས་བདེའི་འཛུགས་སྐྲུན་བྱ་བར་ཤུགས་བསྣན་པ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། རང་ཞིང་གི་ས་ཁུལ་ཁག་གི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་འབུར་ཐོན་གནད་དོན་ལ་གཞིགས་ཏེ། གནད་འཁེལ་ཤུགས་འདོན་དང་སྒྱུར་བཅོས་གསར་གཏོད། རྨང་གཞི་ཇེ་བརྟན་བཅས་ལ་ཤུགས་བསྣན་ཏེ། མང་ཚོགས་ཀྱི་བདེ་འཇགས་སེམས་ཚོར་དང་ཡིད་ཚིམས་ཚད་མཐོར་འདེགས་སུ་བཏང་བ་རེད། ས་ཁུལ་ཁག་གི་མི་དམངས་མང་ཚོགས་བདེ་སྡོད་དང་། སྤྱི་ཚོགས་བདེ་སྡོད་ལ་གོ་རིམ་ལྡན་པ། ཡུན་རིང་ལ་བཅོས་སྐྱོང་བྱེད་པའི་ལག་ལེན་བཅས་ལ་ཁག་ཐེག་བྱེད་པ། བསམ་བློ་གཅིག་གྱུར་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྣེ་ཁྲིད་དང་སྐུལ་འདེད་བྱེད་པའི་ནུས་པ་ཐོན་པར་བྱས།

  མཚོ་བོད་ས་མཐོའི་ལྟེ་བར་གནས་པའི་ན་གོར་མོ་གྲོང་ཁྱེར་ནི། མཚོ་བོད་ཀན་སུའུ་དང་སི་ཁྲོན་ཞིང་ཆེན་སོགས་ཀྱི་འགྲིམ་འགྲུལ་ལམ་ཐིག་གཙོ་བོ་ཡིན་ལ། སྤྱི་ལེ་གྲུ་བཞི་མ་ཁྲི12ཀྱི་ཁོངས་གཏོགས་སུ། མི་རིགས34དང་མང་ཚོགས་ཁྲི30འདུས་སྡོད་དང་། ཤིན་ཅང་བརྟན་པོར་བསྲུང་བ་དང་བོད་ཁུལ་བརྟན་འཇགས་བྱེད་པའི་འཐབ་ཇུས་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

  གསར་དར་གྱི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས། ན་གོར་མོ་གྲོང་ཁྱེར་ལ་འཐབ་ཇུས་གནས་བབ་གལ་ཆེན་ལྡན་པ་དང་། མི་རིགས་མང་པོ་འདུས་སྡོད་ཆེ་བ། ཕྱི་ནས་ཡོང་བའི་མི་འབོར་མང་བ་བཅས་ཀྱི་ཁྱད་ཆོས་ལྡན། དུས་བདེའི་འཛུགས་སྐྲུན་ལས་དོན་ཁྲོད་ནས་ཀྱང་གནས་ཚུལ་གསར་བར་ཁ་གཏད་པ་དང་། གནད་དོན་གསར་བ་ཐག་གཅོད་བྱེད་པ། བསམ་ཕྱོགས་གསར་བ་གསར་གཏོད་བྱས། ལོ་མང་པོའི་མང་པོའི་རིང་གི་ལག་ལེན་དངོས་ཀྱི་འཚོལ་ཞིབ་ལ་གཞིགས་ཏེ། དྲ་རྒྱའི་ཞབས་ཞུ་དང་གཅིག་འཐུས་ཞབས་ཞུ། ཆ་འཕྲིན་འཛུགས་སྐྲུན། གསར་གཏོད་སོགས་ལ་བརྟེན་ནས། ན་གོར་མོ་གྲོང་ཁྱེར་གྱིས་དུས་བདེའི་འཛུགས་སྐྲུན་བྱ་བའི་དབང་ཆ་གཙོ་བོ་ཚོད་འཛིན་ལེགས་པོ་བྱས་པ་རེད།

  ས་ཁོངས་ཕན་ཚུན་སྦྲེལ་བ་དང་ཡུལ་སྲོལ་གོམས་གཤིས་དང་བསྟུན་པ། ཐོན་ཁུངས་མཉམ་སྤྱོད། དོ་དམ་བཟང་བོ་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། ན་གོར་མོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་སྡེ་ཚན་རྣམ་པ་དང་། སྡོད་ཁུལ་ཆུང་བའི་རྣམ་པ། གླ་གཏོང་ཁང་བའི་རྣམ་པ། ཚོང་ཁང་དང་དྲ་རྒྱའི་རྣམ་པ། དམིགས་བསལ་མི་ཚོགས་འདུས་སྡོད་ཆེ་བ་སོགས་རིགས་ལྟར།ཁྱིམ་ནང་བསྐྱོད་པ་དང་དྲ་རྒྱའི་ནང་ཞུགས་པའི་རྣམ་པ་སྤྱད་དེ། བཅོས་སྐྱོང་གནད་དོན་ཐག་གཅོད་བྱས་པ་རེད།

  དྲ་རྒྱ་ཅན་གྱི་དོ་དམ་ཁྲོད་དུ། ན་གོར་མོ་གྲོང་ཁྱེར་གྱིས་དམངས་ཚིས་ལ་ཞབས་འདེགས་བྱེད་པ་དེ་ལས་ཀའི་མགོ་འཛུགས་སར་བྱས་ཏེ། ཞབས་ཞུའི་སྟེང་ནས་འཆམ་མཐུན་ལ་སྐུལ་འདེད་བྱེད་པ་དང་། ལས་དོན་སྒྲུབ་པར་སྟབས་བདེ་མིན་པའི་ཞིང་སྡེའི་ས་ཁུལ་དག་ཏུ། ལས་དོན་ཚབ་གཉེར་ས་ཚུགས་བསྐྲུན་པ་དང་། ལས་སྒྲུབ་མི་སྣ་རྩ་འཛུགས་བྱས། ད་སྔར། གྲོང་ཁྱེར་ཡོངས་ནས་ཁྱོན་བསྡོམས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་དང་དུས་བདེའི་འཛུགས་སྐྲུན་ལས་ཁུངས300ལྷག་དང་། ཞབས་ཞུ་ལྟེ་གནས9། སྡེ་བ་རིམ་པའི་ལས་དོན་ཚབ་གཉེར་གནས47། ཚབ་གཉེར་མི་སྣ170ལྷག་ཚད་ལྡན་སྒོའི་གཅིག་བསྡུས་བྱས།

ལོ་ཙཱ་བ། ཀླུ་མོ།