མཚོ་ནུབ་ཁུལ་གྱིས་གཏིང་ཟབ་སྒོས་མང་ཚོགས་ལ་སྒྲོག་འགྲེལ་བྱ་འགུལ་སྤེལ་བ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གནམ་གཤིས་ཇེ་འཁྱགས་སུ་སོང་མོད། འོན་ཀྱང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྒྲོག་འགྲེལ་གྱི་ཚ་རླབས་འཕྱུར་བཞིན་ཡོད་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་གིས་གཞི་རིམ་ལ་ཕྱོགས་པའི་སྒྲོག་འགྲེལ་གྱི་སྐོར་མང་ཚོགས་ལ་ཕྱོགས་པ་དང་། ཧྲུའུ་ཅི་གཞོན་པ་ལིའུ་ཉིང་ཡུང་གིས་གཡུལ་ས་གཙོ་བོ་གཞི་རིམ་དུ་འཇོག་པ་དང་གསར་གཏོད་འཁྲུག་པོར་གཏོང་བ་བཅས་ཀྱི་བླང་བྱ་ལ་གཏིང་ཟབ་སྒོས་སྐུལ་འདེད་བྱས་ཏེ། ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སྒྲོག་འགྲེལ་བྱས་པ་རེད།

  སྒྲོག་འགྲེལ་ཁྲོད། ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་བྲོ་གར་དང་གླུ་དབྱངས་སོགས་ཀྱི་འཁྲབ་ཚན་སྣ་ཚོགས་ཀྱི་སྒོ་ནས་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ།མང་ཚོགས་ལ་རང་འགུལ་ངང་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱས། ཞིང་སྡེ། སྡོད་ཁུལ། ཐང་ཆེན། རྩྭ་ཐང་སོགས་སུ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱས་ཏེ། ཏང་གི་དྲིན་ལ་སེམས་འགུལ་ཟབ་མོ་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མཚོ་ནུབ་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་སང་ཉིན་གྱི་མཛེས་སྡུག་གི་སྨོན་འདུན་གང་ལེགས་མཚོན་པར་བྱས། མིག་སྔའི་བར་སྒྲོག་འགྲེལ་ཐེངས40ལྷག་ཙམ་དང་། ཉན་མཁན་མི་ཁྲི5ཙམ་ལ་སྒྲོག་འགྲེལ་བྱས།

  སྒྲོག་འགྲེལ་ཚོགས་པ་ཡི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་གྱིས་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། ཐེམ་ཆེན་རྫོང་བྲག་དམར་ཞང་ཞང་ཏང་ཨུའི་ཏང་ཡོན་པདྨ་རིག་འཛིན་གྱིས་བཤད་རྒྱུར། སྒྲོག་འགྲེལ་འདི་ནི་ང་ཚོ་སྡེ་བར་ཐེངས་གཉིས་པ་ཡོང་ནས་སྒྲོག་འགྲེལ་བྱས་པ་དང་། འདི་ལྟ་བུའི་སྒྲོག་འགྲེལ་གྱིས་མི་ལ་ཧ་ཅང་སེམས་འགུལ་ཐེབས་པས།འབྲོག་པ་མང་ཚོགས་ཉན་རྒྱུར་ཧ་ཅང་དགའ་འདུག དུར་ལམ་རྫོང་ཁྲ་སུའུ་གྲོང་རྡལ་གྲོང་སྡེ་གོང་མའི་སྡེ་དམངས་ཨུ་ལྷན་གྱི་རྩིས་གཉེར་བ་ལིག་ཡན་ཆིན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། ཐེངས་འདིར་སྒྲོག་འགྲེལ་ཚོགས་པ་ཡིས་ཏང་ཀྲུང་དབྱང་གི་སྐད་ཁྱེར་ཡོང་བ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།ང་ཚོའི་སྡེ་བ་ནི་དབུལ་སྐྱོར་གནས་སྤོར་བྱས་ནས་ཡོང་བ་ཡིན་ལ། ད་ལྟ་སྡེ་མི་ཀུན་ཁང་བརྩེགས་ནང་དུ་བསྡད་འདུག་པ་འདི་ཚང་མ་ནི་ཏང་གི་བཀའ་དྲིན་ཡིན་ཟེར།

ལོ་ཙཱ་བ།རྟ་མགྲིན་དཔལ།