རྟ་ཐང་རྫོང་གིས་འོས་འགན་སློབ་གསོ་ཆ་སྙོམས་ཀྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཉེ་ལམ།རྒྱལ་ཁབ་འོས་འགན་སློབ་གསོའི་ལྟ་སྐུལ་ཞིབ་བཤེར་ཚོགས་པས་རྟ་ཐང་རྫོང་གི་འོས་འགན་སློབ་གསོ་འཕེལ་རྒྱས་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་ཏེ།ལྟ་སྐུལ་ཞིབ་བཤེར་ཚོགས་པས་ཡིག་ཚགས་ཀློག་པ་དང་དང་།མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བསྡུ་བ།སྲིད་གྲོས་ཨུ་ལྷན།སློབ་གཙོ།དགེ་རྒན་སོགས་ལ་བཞུགས་མོལ་གྲོས་ཚོགས་བསྡུས་པ་བརྒྱུད་ནས།རྟ་ཐང་རྫོང་གི་འོས་འགན་སློབ་གསོ་ཆ་སྙོམས་ཀྱིས་འཕེལ་རྒྱས་སུ་འགྲོ་བ་དང་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཚོགས་པའི་བྱ་བའི་སྙན་ཞུ་སོགས་ཀྱི་རྣམ་པའི་སྒོ་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།སྙན་ཞུའི་གྲོས་ཚོགས་སྟེང་།རྫོང་སྲིད་གཞུང་གི་གཙོ་འཛིན་རྫོང་དཔོན་གཞོན་པ་ཡིས་རྟ་ཐང་རྫོང་གི་འོས་འགན་སློབ་གསོ་ཆ་སྙོམས་ཀྱིས་འཕེལ་རྒྱས་སུ་འགྲོ་བའི་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པར་མ་ཟད།རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཚོགས་པས་དྲི་བར་ལན་བཏབ་པ་རེད།

  རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཚོགས་པས་ཡུལ་དངོས་སུ་རྟ་ཐང་རྫོང་གི་སློབ་འབྲིང་གཉིས་པ་དང་།ཡོན་ལིན་སློབ་ཆུང་སོགས་སློབ་གྲྭ་10ལ་ཞིབ་བཤེར་བྱས་པར་མ་ཟད།སློབ་གཙོའི་གཏམ་བཤད་ལ་ཉན་པ་དང་།སློབ་གླིང་གི་རིག་གནས་འཛུགས་སྐྲུན།རྩོད་ནུས་ཁང་གི་དོ་དམ་དང་བེད་སྤྱོད།བཟོ་ལས་པའི་ཞིབ་ཚགས་ཅན་གྱི་དོ་དམ།སློབ་གྲྭའི་རྩ་བའི་ཁྱད་ཆོས་སོགས་ལ་ལྟ་ཞིབ་བྱས་པ་བརྒྱུད་དེ།ཁ་ཕྱོགས་མང་པོ་ཅན་དང་ཕྱོགས་གང་ཅིའི་ཐད་ནས་སློབ་གྲྭའི་ལས་དོན་འཕེལ་རིམ་ཁྲོད་རྟ་ཐང་རྫོང་གི་འོས་འགན་སློབ་གསོ་འཕེལ་རྒྱས་བྱ་བའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་།རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཚོགས་པས་སློབ་གྲྭའི་འོས་འགན་སློབ་གསོ་ཆ་སྙོམས་ཀྱིས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ཁྲོད་ཀྱི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་།རྒྱུན་རྣམས་ཅན་གྱི་དོ་དམ་ལམ་ལུགས་ཇེ་དྲག་ཏུ་གཏོང་བ།དགེ་སློབ་བར་གྱི་བསམ་པའི་འགྱུར་བ་སོགས་ལ་གདེང་འཇོག་མཐོན་པོ་བྱས་པར་མ་ཟད།རྫོང་སྲིད་གཞུང་གིས་མུ་མཐུད་དུ་སློབ་གསོའི་ཁྱབ་ཚུལ་ཇེ་ལེགས་སུ་བཏང་ནས་རིམ་བཞིན་འཛིན་གྲྭ་གཅིག་ལ་མི་གྲངས་ལས་བརྒལ་བའི་རྣམ་པ་ཐག་གཅོད་ཡག་པོ་བྱས་ནས་སློབ་གྲྭའི་མ་དངུལ་གྲོན་ཆུང་བྱེད་ཤུགས་ཇེ་ཆེར་བཏང་སྟེ།མུ་མཐུད་དུ་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པར་མ་ཟད།སློབ་གཙོ་དང་དགེ་རྒན་བར་བསམ་བློ་བརྗེ་རེས་བྱེད་པར་གསོ་སྦྱོང་བྱེད་པའི་ལམ་ལུགས་བཙུགས་ནས་སློབ་གསོའི་སློབ་ཁྲིད་ཆུ་ཚད་ཀྱི་དམིགས་འབེན་དང་བླང་བྱ་ཇེ་མཐོར་བཏང་བ་རེད།

  ཉེ་བའི་ལོ་ཤས་རིང་།རྟ་ཐང་རྫོང་གིས་བདེ་སྐྱིད་ལྡན་པའི་རྟ་ཐང་དེ་སློབ་གསོ་ཆ་སྙོམས་ཞེས་པ་བརྗོད་བྱར་བཟུང་ནས་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ཏེ།སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་སྲིད་ཇུས་དང་སློབ་གསོའི་མ་དངུལ་གཏོང་ཤུགས་ཇེ་དྲག་ཏུ་བཏང་བར་མ་ཟད།ཐོན་ཁུངས་ལྷུ་སྒྲིག་ཇེ་ལེགས་སུ་གཏོང་བ་དང་།སློབ་གསོ་འདྲ་ཉམས་ལ་འགན་སྲུང་བྱེད་པ།སློབ་གྲྭ་སོ་སོ་བཟང་བོར་སྒྲུབ་ནས་སློབ་མ་རེ་རེར་སློབ་ཁྲིད་ཡག་པོ་བྱེད་པར་སྐུལ་འདེད་བཏང་བ་རེད།

  ལོ་ཙཱ་བ། ཤ་མོ་འཚོ།