སྐྱེ་ཁམས་སྔོན་སྤེལ་དེ་མདའ་བཞི་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོར་གྱུར་བ།

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་བའི་ལོ་རིང་ལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་སྐྱེ་ཁམས་སྔོན་སྤེལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་པར་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གཅིག་འདོམས་བྱ་རྒྱུ་དང་།སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ལྡན་གྱི་ལྗང་མདོག་མདའ་བཞི་བསྐྲུན། ད་སྔ་སྐྱེ་ཁམས་ཞིང་ཕྱུགས་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཞིང་། བཟོ་ལས་ཅན་གསར་པ་གོང་འཕེལ་གཏོང་རྒྱུར་གོམས་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་། སྐྱེ་ཁམས་ཡུལ་སྐོར་ལས་རིགས་གོང་ཏུ་འཕེལ་ཏེ། ཡུལ་སྐོར་དང་གནས་སྡོད་འཚམ་བའི་གྲོང་རྡལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

  མདའ་བཞི་རྫོང་གིས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་ལྗང་མདོག་དང་། སྐྱེ་ཁམས། སྐྱེ་ལྡན་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ནས་ཤུགས་ཆེན་པོས་སྐྱེ་ཁམས་ཞིང་འབྲོག་ལས་གོང་ཏུ་སྤེལ་ཏེ།  ཁྱོན་ཡོངས་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་འགུལ་འཁོར་སྐྱོད་ཀྱི་བྱེད་སྟངས་ཁྱབ་གདལ་བཏང་ནས་ཞིང་འབྲོག་ཁུལ་གྱི་སྒོ་ཕྱུགས་ཀྱི་ལུད་དང་བྱ་བྲུན་བཅོས་སྐྱོང་ནུས་པར་རྒྱུན་ཕན་གྱི་ལམ་སྲོལ་བཙུགས་ཡོད་པ་རེད།

  རྒྱ་ཁྱོན་ཅུང་ཆེ་བའི་གསོ་སྤེལ་བྱེད་གནས་ཆུང་གྲས་ཀྱི་སྒོ་ཕྱུགས་ཀྱི་ལུད་དང་བྱ་བྲུན80%གནོད་མེད་ཅན་དུ་བསྒྱུར་པ་དང་། བཟོ་ལས་དང་ཕྱུགས་ལས་མཉམ་འདྲེས་དང་། འཁོར་སྐྱོད་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་བཏོད་དེ། རྒྱལ་ཁབ་རིམ་པའི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་ཀྱི་འཕེལ་རྒྱས་ཚོད་ལྟའི་རྫོང་དང་། རྒྱལ་ཁབ་ཀྱི་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་རྫོང་། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་བཅས་ཀྱི་གྲས་སུ་བདེ་བླག་ངང་ཚུད་ཐུབ་པ་བྱུང་།

  ལྗང་མདོག་རིག་གནས་ཐོན་ལས་གླིང་དེ་བཟོ་ལས་གཞན་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཐེག་བྱད་གལ་ཆེན་ཞིག་ཡིན་པའི་ཆ་ནས་བཤད་ན། བཟོ་ལས་ཁེ་ལས་དེ་ལྗིད་མོ་ནས་ཡང་མོ་དང་། སྲོལ་རྒྱུན་ནས་དེང་རབས། ཁེར་རྐྱང་ནས་འཁོར་རྒྱུག དམའ་རིམ་ནས་གཏིང་ཟབ། དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་བསྙེགས་པ་དེ་སྐྱེ་ཁམས་དཔལ་འབྱོར་དང་སྤྱི་ཚོགས་དམངས་འཚོ་ལས་ཞུགས་ཀྱི་ཁེ་ཕན་དུ་བསྒྱུར་བ་གཅིག་གྱུར་མངོན་འགྱུར་བྱས་ཏེ། བཟོ་ལས་དེ་འཁོར་རྒྱུག་དང་།ཐཱན་ཉུང་།ལྫང་མདོག་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་། ད་སྔར་མདའ་བཞི་རྫོང་གིས་བསྡོམས་པའི་སྐྱེ་ལྡན་ལུད་རྫས་དང་།ཞིང་ཕྱུགས་ཐོན་རྫས་ཞིབ་ཚགས་ལས་སྣོན་སོགས་ཁོར་ཡུག་སྲུང་སྐྱོབ་ཅན་གྱི ་ཁེ་ལས22ནང་འདྲེན་དང་གསོ་སྤེལ་བྱས་ཏེ། ཁེ་ལས་བསྡོམས་གྲངས་ཀྱི60%ཡན་ཟིན།

  སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་རྫོང་འཛུགས་པ་དེ་དམ་པོར་དམིགས་ཏེ།་སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་ནས། གསེར་དངུལ་ཐང་གིA5རིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་དང་།མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དེ་ཁུལ་རིམ་པའི14དང་ཞིང་ཆེན་རིམ་པའི8ལག་བསྟར་བྱས་ཏེ། མཁར་ཟུར་གསུམ་གྲོང་རྡལ་གྱི་སན་ལེན་སྡེ་བ་དང་། མཁར་ཟུར་གསུམ་གྲོང་རྡལ་ཡུལ་སྐོར་དཔེ་སྟོན་ས་ཚིགས་གཉིས་འཛུགས་སྐྲུན་བྱས་ཚར། གནས་ལྗོངས་དང་གྲོང་ཁུལ་གཞི་གཅིག་ཅན་དང་། ཐོན་གྲོང་མཉམ་བསྲེས་ཞེས་པའི་འཕེལ་རྒྱས་འདུ་ཤེས་ལྟར།མདའ་བཞི་རྫོང་གིས་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་བཏང་སྟེ།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་དོན་གྱི་གཞི་ཁྱོན་རྒྱ་བསྐྱེད།

ལོ་ཙཱ་བ། ཨ་གཡང་སྐྱིད།