མཚོ་ལྷོ་ཁུལ་གྱི་ཆུ་བོ་དང་མཚོ་མཚེའུ255ལ་ཆུ་དཔོན་བསྐོས་ཡོད་པ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོ་ནས་བཟུང་སྟེ། ཆུ་བོ་དང་མཚོ་མཚེའུ་སྐྱེ་ཁམས་འཁོར་ཡུག་སྲུང་སྐྱོང་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁོངས་གཏོགས་ཀྱི་ཆུ་བོ་དང་མཚོ་མཚེའུ255 དེ་ཆུ་དཔོན་ཡོད་པའི་དོ་དམ་ལམ་ལུགས་ནང་དུ་བཅུག་པ་རེད།

  བྱ་བའི་ཁྲོད་རིམ་པ་དབྱེ་ནས་འགན་ཁུར་བ་དང་། མངའ་ཁུལ་དོ་དམ་དང་ཆུ་དབོན་ཡོད་པའི་དོ་དམ་ལམ་ལུགས་དང་། ཆུ་དཔོན་བཅོས་སྐྱོང་གི་རྩ་དོན་ལྟར། མཚོ་ལྷོ་ཁུལ་གྱི་བྱ་བའི་སྣེ་ཁྲིད་ཚོ་ཆུང་བཙུགས་ཏེ། ཁུལ་རིམ་པའི་སྤྱི་ཁྱབ་ཆུ་དཔོན་དང་། སྤྱི་ཁྱབ་ཆུ་དཔོན་གཞོན་པ་དང་འགན་འཁྲི་ཆུ་དཔོན ་སོ་སོའི་ཁུལ་ཨུ་དང་། ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་གཙོ་གཉེར་འགོ་ཁྲིད་བཅས་ཀྱི་་འགན་ཁུར་ཏེ། རྫོང་དམན་གྱི་ཆུ་དཔོན་རིམ་པ་མཉམ་པའི་ཏང་སྲིད་འགན་འཁུར་བློ་མཐུན་གྱི་འགན་ཁུར་ཏེ། རིམ་པ་དང་ཁག་དུམ་བུ་བཅས་བགོས་ནས་ཆུ་ཐོན་ཁུངས་སྲུང་སྐྱོང་དང་། ཆུ་རྒྱུད་དང་ཆུ་ངོགས་དོ་དམ་སོགས་ཀྱི་བྱེ་བྲག་གི་ལས་དོན་སོགས་ལ་འགན་འཁུར་རྒྱུ་དང་། ཆུ་བོ་དང་མཚེའུ་ཚང་མར་ཆུ་དཔོན་ཡོད་པ་དང་ལས་དོན་ཁག་ཚང་མར་འཛིན་ས་ཡོད་པར་མངོན་འགྱུར་བྱས།

  ད་སྔ་རྨ་ཆུ་དང་། མཚོ་སྔོན་པོ། པུ་ཧ་ཆུ། ཆབ་ཆ་ཆུ་བོ་སོགས་ཆུ་དང་མཚེའུ་གཙོ་བོ་བརྒྱད་ལ་ཁུལ་རིམ་པའི་ཆུ་དཔོན་གི་འགན་འཁུར་རྒྱུ་གཏན་འཁེལ་དང་ཁྱབ་བསྒྲགས་བྱས།རྫོང་དང་ཞང་སྡེ་རིམ་པ་གསུམ་གྱིས་ཆུ་དཔོན 603གཏན་འཁེལ་བྱས་ནས་ཆུ་བོ་དང་མཚེའུ་དཀར་ཆག42བཟོས་ནས་དེ་ཆུ་དཔོན་ལམ་ལུགས་ཁྲོད་བཅུག་ནས་ཆུ་བོ་དང་མཚེའུ255དོ་དམ་བྱེད་དུ་བཅུག་པ་ཁུལ་ཡོངས་ཁོངས་གཏོགས་ཀྱི་ཆུ་བོ་དང་མཚོ་མཚེའུ་བསྡོམས་གྲངས་ཀྱི100%ཟིན་ཡོད་པས།ཆུ་བོ་ཡོད་ཚད་ལ་ཁྱབ་པར་མངོན་འགྱུར་བྱུང་ཡོད།

  དུས་དང་མཉམ་དུ་ཆུ་བོ་དང་མཚེའུ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་། མཚོ་ལྷོ་ཁུལ་གྱིས་ཁྱོན་ཡོངས་ནས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ཇུས་འགོད་ཁྱབ་སྤེལ་དང་དེ་བཞིན་མཚོ་ལྷོ་ཁུལ་ཆུ་དཔོན་ཚོགས་འདུའི་ལམ་ལུགས། མཚོ་ལྷོ་ཁུལ་ཆུ་དཔོན་ལམ་ལུགས་ལྟ་ཞིབ་ལམ་ལུགས། མཚོ་ལྷོ་ཁུལ་ཆུ་དཔོན་ལམ་ལུགས་ལས་དོན་གྱི་དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་ལམ་ལུགས་དང་ངར་སྐུལ་གཏོང་རྒྱུའི་ལམ་ལུགས།མཚོ་ལྷོ་ཁུལ་ཆུ་དཔོན་ལམ་ལུགས་ཆ་འཕྲིན་མཉམ་སྤྱོད་ཀྱི་ལམ་ལུགས། མཚོ་ལྷོ་ཁུལ་ཆུ་དཔོན་ལམ་ལུགས་ལས་དོན་གྱི་དཔྱད་དཔོག་ལམ་ལུགས་ཀྱི་ཞིབ་བཤེར་རྩིས་ལེན་གྱི་ལམ་ལུགས་བཅས་ལམ་ལུགས་ལྔ་བཟོས་ཏེ། ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱེད་ཆེད་ལམ་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་གཅུན་འདོམས་གཟབ་ནན་བྱེད་རྒྱུ་ཁ་གསལ་བཏོན་ཡོད།

  ཆུ་བོ་གཅིག་ལ་བྱང་བུ་གཅིག་གི་ལས་ཀའི་བླང་བྱ་ལྟར་མགྱོགས་སུ་བཏང་སྟེ། སྤྱི་བསྒྲགས་བྱང་བུ་འཛུགས་པར་ཇེ་མགྱོགས་སུ་བཏང་། ད་སྔ་རིམ་པ་ཁག་གི་ཆུ་དཔོན་ལམ་ལུགས་ལག་བསྟར་བྱས་པའི་ལས་ཁུངས་ཀྱིས་མ་དངུལ་སྒོར་ཁྲི33.7བཏང་ཟིན།ཆུ་དཔོན་སྤྱི་བསྒྲགས་བྱང་བུ236བཙུགས་ཏེ།ཟླ12པའི་ཟླ་མཇུག་ལ་ཁྱོན་ཡོངས་ནས་རྫོང་དང་ཞང་སྡེ་རིམ་པ་གསུམ་གྱི་ཆུ་དཔོན་སྤྱི་བསྒྲགས་བྱང་བུ་འཛུགས་པའི་ལས་དོན་ལེགས་འགྲུབ་འབྱུང་བར་འགན་ལེན་བྱས།

ལོ་ཙཱ་བ། ཨ་གཡང་སྐྱིད།