རང་ཞིང་གི་སྨན་བཅོས་འགན་སྲུང་གི་སྨན་རྫས་དཀར་ཆགས་ལེགས་སྒྲིག་གི་ལས་དོན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་གཞི་རྩའི་སྨན་བཅོས་འགན་སྲུང་དང་། ལས་རྨས་འགན་སྲུང་དང་བུ་བཙའི་འགན་སྲུང་སྨན་རྫས་དཀར་ཆགས་ལེགས་སྒྲིག་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། རང་ཞིང་གི་སྨན་རྫས་དཀར་ཆགས་ཀྱི་རིགས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། འགན་སྲུང་ནང་ཞུགས་མཁན་གྱི་མང་ཚོགས་ཀྱི་སྨན་སྤྱོད་དགོས་མཁོ་ཕལ་ཆར་སྐོང་ཐུབ་རྒྱུ་རེད།

འགན་སྲུང་ལ་ཞུགས་མཁན་མང་ཚོགས་ཀྱི་ལུགས་མཐུན་གྱི་སྨན་བཅོས་འགན་སྲུང་ཁེ་དབང་དོན་དངོས་སུ་འགན་ལེན་དང་། སྨན་བཅོས་འགན་སྲུང་གི་སྨན་སྤྱོད་དོ་དམ་ཚད་ལྡན་དང་། སྨན་བཅོས་འགན་སྲུང་ཐེབས་རྩ་བདེ་ཞིང་བརྟན་པོར་འཁོར་སྐྱོད་བྱེད་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བཀོད་སྒྲིག་ལྟར།ཞིང་ཆེན་གྱི་གནས་ཚུལ་དང་དམ་པོར་འབྲེལ་ནས་ཟླ7ཡི་དུས་ཚོད་ལ་བརྒྱུད་དེ། ཁྱོན་ཡོངས་ནས་རང་ཞིང་གི་གཞི་རྩའི་སྨན་བཅོས་འགན་སརུང་དང་།ལས་རྨས་འགན་སྲུང་། བུ་བཙའི་འགན་སྲུང་བཅས་ཀྱི་སྨན་རྫས་དཀར་ཆགས་ལེགས་སྒྲིག་ལས་དོན་ལེགས་འགྲུབ་བྱུང་བ་རེད། ལེགས་སྒྲིག་བྱས་རྗེས། རང་ཞིང་གི་སྨན་རྫས་དཀར་ཆགས་སྟེང་བསྡོམས་པའི་སྨན་རྫས་སྣ2733ཡོད་ལ། དེ་ནང་ནུབ་སྨན་རིགས1364དང་། རྩ་སྨན་རིགས1369ཡོད་པས། དེ་2010ལོའི་སྨན་རྫས་དཀར་ཆགས་ཀྱི་པར་གཞི་དང་བསྡུར་ན་སྨན་རྫས་རིགས209ཡི་ཇེ་མང་དུ་ཕྱིན་པ་དང་ 8.3%འཕར་ཡོད།

ཐེངས་འདིའི་སྨན་རྫས་དཀར་ཆགས་ལེགས་སྒྲིག་ལས་དོན་བྱེད་སྐབས་རང་ཞིང་གི་སྨན་བཅས་འགན་སྲུང་སྨན་རྫས་དཀར་ཆགས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་བཏང་སྟེ། འོས་འཚམ་གྱི་དཀར་ཆགས་ཁྱབ་ཁོངས་ཀྱི་རྒྱ་བསྐྱེད་དེ། འགན་སྲུང་ལ་ཞུགས་མཁན་གྱི་སྨན་སྤྱོད་དགོས་མཁོ་དོན་དངོས་སུ་འགན་ལེན་བྱས་ཏེ་ཕན་ནུས་ལྡན་པའི་སྒོ་སྨན་བཅོས་འགན་སྲུང་ཐེབས་རྩ་བདེ་ཞིང་བརྟན་པོར་ངང་འཁོར་བསྐྱོད་བྱ་རྒྱུར་སྲུང་སྐྱོང་བྱས། རྗེས་ཕྱོགས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དཀར་ཆགས་སྨན་རྫས་ལ་རེ་ཞུ་དང་སྡེབ་སྒྲིག་དང་།སྨན་བཅོས་ལས་སྒོའི་མ་ལག་གསར་རྗེབ་བཅས་ཀྱི་ལས་དོན་ཡག་པོར་བསྒྲུབ་རྒྱུ་དང་། འགན་སྲུང་ནང་ཞུགས་མཁན་མང་ཚོགས་ལ་དུས་ཐོག་ཏུ་སྨན་རྫས་དཀར་ཆགས་ལེགས་སྒྲིག་ལས་བྱུང་བའི་ཁེ་སྤོགས་ལོངས་སྤྱོད་ཐུབ་པར་འགན་ལེན་བྱ་དགོས། 



ལོ་ཙཱ་བ། གཡང་སྐྱིད།