རེབ་གོང་རྫོང་གིས་གནད་འཁེལ་ཐོན་ལས་དབུལ་སྐྱོར་ཐད་ལ་གྲུབ་འབྲས་གསར་བ་བླངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཉེ་ལམ།མཚོ་སྔོན་མཐོ་སྒང་གི་གཅེས་ནོར་རེབ་གོང་རྫོང་འོ་རྫས་ཐོན་ལས་ལས་སྣོན་ས་ཚུགས་ཀྱིས་དངོས་སུ་ཐོན་སྐྱེད་བྱས་ནས་སྤྱོད་མགོ་ཚུགས་པ་དང་།འདི་ནི་རེབ་གོང་རྫོང་ཐོན་ལས་འཕེལ་རྒྱས་ཐད་ལ་གལ་ཆེན་རིང་བཞིན་གྱི་གྲུབ་འབྲས་གསར་བ་ཞིག་བླངས་པ་དེ་མཚོན་ལ།ས་དེ་གའི་ཐོན་ལས་གྲུབ་ཚུལ་སྙོམས་སྒྲིག་དང་ཡུན་རིང་འཕེལ་རྒྱས་སུ་འགྲོ་བའི་འགག་སྒྲོལ་གསར་བ་ཞིག་ཀྱང་ཡིན་པར་མ་ཟད།གནད་འཁེལ་ཐོན་ལས་དབུལ་སྐྱོར་གྱི་མིག་དཔེ་ཡིན་པས།ས་དེ་གའི་རོང་པ་མང་ཚོགས་ལ་ནུས་ལྡན་ངང་ཕྱུགས་འགྱུར་གྱི་ལམ་བུ་ཞིག་ཀྱང་བཏོད་པ་རེད།

  རེབ་གོང་རྫོང་གི་རྫོང་དཔོན་ལའོ་ཧྥུའུ་ཀའེ་ཡིས་བསྟན་དོན།ཉེ་བའི་ལོ་ཤས་རིང་།ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག རེབ་གོང་རྫོང་ཏང་ཨུ་དང་།རེབ་གོང་རྫོང་སྲིད་གཞུང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་སྤྱིའི་དམིགས་འབེན་སུ་འཛིན་གཞིར་བཟུང་སྟེ།རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དང་གནད་འཁེལ་དབུལ་སྐྱོར།བདེ་ཐང་དང་དར་རྒྱས་ཀྱི་ལས་གཞིའི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ནས་ཧུར་ཐག་གིས་རྒྱལ་ཁབ་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་བྱས་ཏེ།ཚོང་འགུག་མ་འདྲེན་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ལ།ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཐོན་ལས་ས་ཚུགས་དང་ཐོན་ལས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་རེད།གཙོ་བོ་འོད་ཧྥུ་དྲོད་ཁང་དང་འོ་མ་གསོ་སྤེལ།ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཐོན་ལས་སོགས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཏེ།སྔར་ལས་ལྷག་པའི་སྒོ་ནས་ཞིང་ཕྱུགས་ཐོན་ལས་གྲུབ་ཚུལ་སྙོམས་སྒྲིག་སོགས་ཀྱི་གོམས་སྟོབས་ཇེ་མགྱོགས་སུ་བཏང་ནས།ཐོན་ཁུངས་ལྷུ་སྒྲིག་ཇེ་ལེགས་དང་།ཐོན་ལས་སྦྲེལ་ཐག་ཡུན་རིང་བ།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་བྱས་ལ།ཧུར་ཐག་གིས་ཐོན་ཁུངས་དགེ་མཚན་དཔལ་འབྱོར་དགེ་མཚན་དུ་སྒྱུར་ནས་དགེ་མཚན་བརྩོན་ལེན་དང་།རེབ་གོང་རྫོང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་སའི་གནས་གསོ་སྐྱོང་བྱས་ཏེ།རྫོང་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་གཏོང་ཆེད།སྔ་མོ་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོར་པར་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར།

  རེབ་གོང་རྫོང་གིས་གཞི་ཁྱོན་ཆེས་ཆེ་བའི་ཀྲུང་གོའི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་འབྲི་མོའི་འོ་རྫས་ཐོན་ལས་གསོ་སྤེལ་དང་ལས་སྣོན།ཐོན་སྐྱེད་བྱེད་སའི་ས་ཚུགས་འཛུགས་སྐྲུན་བྱས་ཡོད་པ་དང་།རྒྱུས་ལོན་བྱུང་བ་ལྟར་ན།རྣམ་གྲངས་འདི་ནི་རེབ་གོང་རྫོང་གི་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་་པ་རེད།

  ལོ་ཙཱ་བ། ཤ་མོ་འཚོ།