མཚོ་སྔོན་གྱིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཐིན་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པའི་གྲོས་ཚོགས་བསྡུས།

     ཟླ་བཅུ་བའི་ཚེས་གཅིག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་ཉིན་གྱིས་མགོ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཐིན་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པའི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་གི་སུན་ཀྲིན་ཚེ་ཡི་སྒྲིག་འགལ་གྱོད་དོན་ཚབས་ཆེན་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་དང་ཐག་གཅོད་གཏན་འབེབས་སྐོར་གྱི་བརྡ་ཐོ་ཞེས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་གཉིས་བརྒྱུད་སྒྲོག་བྱས་པར་མ་ཟད། དེར་གྲོས་བསྡུར་ནན་མོ་བྱས། ལིག་ཉིན་གྱིས་ནན་གྱིས་བསྟན་དོན། ལངས་ཕྱོགས་གསལ་བའི་སྒོ་ནས་ཏང་ཀྲུང་དབྱང་ལ་གུས་བརྩི་མཐའ་གཅིག་ཏུ་བྱེད་དགོས་ཤིང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་གུང་བཀུར་མཐའ་གཅིག་ཏུ་བྱེད་དགོས། རང་རྟོགས་སྒོས་བསམ་བློ་དང་སྦྱོར་བ་གཉིས་ཏང་ཀྲུང་དབྱང་གི་ཐག་གཅོད་སྟེང་ནས་གཅིག་གྱུར་ཡོང་བར་བྱས་ཏེ། མིག་སྔར་སྤེལ་བཞིན་པའི་བརྟན་འཇགས་བདེ་སྲུང་གི་བྱ་བ་དངོས་འབེབས་བྱས་པར་བརྟེན་ནས་ཏང་ཀྲུང་དབྱང་གི་ཐག་གཏོད་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཞེས་བསྟན།


  ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྔོན་ལ་དུས་ལྟར་སུན་ཀྲིན་ཚེ་ཡི་སྒྲིག་འགལ་གནད་དོན་ཐག་བཅད་པ་ནི། ཡང་དག་པ་དང་དུས་ལ་བབས་པའི་ལས་དོན་ཞིག་ཡིན་པ་དང་། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་ནན་མོ་བྱེད་པ་དང་། ཏང་གིས་ཏང་ལ་བཅོས་སྐྱོང་ནན་མོ་བྱེད་པའི་འདུ་ཤེས་བརྟན་པོ་མངོན་པར་མཚོན་པ་ལས་གཞན། ལངས་ཕྱོགས་གསར་བའི་འདུ་ཤེས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་ལས་དོན་ཟབ་སར་འཁྱོལ་རག་བར་ཏུ་སྤེལ་འདོད་ཡོད་པའི་ཆོད་སེམས་བརྟན་པོ་མངོན་པར་མཚོན་ཡོད་ཟེར།