མི་ཚད་ལྡན་ཞིག་ཇི་ལྟར་བཅའ་དགོས་པའི་གཏམ་གླེང་གནང་བ།

ཟླ༡༠བའི་ཚེས༡༢ཉིན་གྱི་ཕྱི་དྲོར། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གིས་རྒན་སྒུ་རུ་བཀྲ་ཤིས་དོན་འགྲུབ་ལགས་གདན་དྲངས་ནས་ནང་དོན་གཙོ་བོ་ལུགས་ཀྱི་བསྟན་བཅོས་ཞེས་པར་སྦྱར་ཏེ་མི་གཞི་ཚད་ལྡན་ཞིག་ཇི་ལྟར་བཅའ་དགོས་པའི་སྐོར་དང་ལེགས་ཉེས་བླང་དོར་གྱི་གནས་ལུགས་དང་བསམ་པའི་ངོ་བོ་ནི་ལྷག་བསམ་ཡིན་པ།མི་ཚད་ལྡན་ཞིག་དང་འདུ་ཤེས་ཡག་པོ་ཞིག་བསྐྱེད་སྲིང་བྱ་དགོས་ན།ལྷག་བསམ་གྱི་བསམ་པའི་ངོ་བོ་ལ་རག་ལས་ཡོད་པར་གསུང་པ་དང་།ཁོང་གིས་ལྷག་བསམ་དང་ཀུན་སློང་ཡག་པོ་ཞིག་བསྐྱེད་སྲིང་བྱས་ཏེ་མི་བུ་ཚད་དང་ལྡན་པ་ཞིག་བཅའ་དགོས་པའི་སྐོར་གྱི་འཆད་ཁྲིད་གལ་ཆེན་གནང་ངོ་།།

  འཆད་ཁྲིད་ཀྱི་ཡུལ་དངོས།

  གསར་འགོད་པ། བློ་བཟང་ཆོས་འཛིན།