མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྨན་བཅོས་འགན་སྲུང་སྲིད་ཇུས་ཕྱོགས་བསྒྲིགས་བྱས་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ།

    ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ལས་བཟོ་བའི་སྨན་བཅོས་འགན་སྲུང་སྲིད་ཇུས་ཐད་ཀྱི་དྲི་ལན་དང་མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་ཐད་ཀྱི་དྲི་ལན་ཕྱོགས་བསྒྲིགས་དང་རྩོམ་སྒྲིག་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ལས་བཟོ་བ་དང་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཐད་ཀྱི་འགན་སྲུང་ཁྲོད་ཞུགས་པའི་ཁྱབ་ཁོངས་དང་འགན་ཞུགས་དངུལ་སྤྲོད། སྤྱིར་བཏང་གི་སྒོ་བསྟེན་གྱི་ཐོབ་ཐང་། དལ་བའི་རང་བཞིན་དང་དམིགས་བསལ་ཅན་གྱི་ནད་པའི་ཐོབ་ཐང་། ཞག་སྡོད་ཐོབ་ཐང་། ནད་ལྕི་མོའི་འགན་སྲུང་ཐོབ་ཐང་། བུ་སྐྱེས་འགན་སྲུང་ཐོབ་ཐང་སོགས་ཕྱོགས་ནས་འགྲེལ་ཀློག་གསལ་བོ་བྱས་པ་མ་ཟད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་དྲ་ཐོག་ནས་ཕྱིར་སྒྲོག་བྱས་ནས། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མང་ཚོགས་ཀྱིས་ལྟ་ཀློག་བྱེད་པར་སྟབས་བདེ་བསྐྲུན།


  ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྨན་བཅོས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་བཀོད་སྒྲིག་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བཅོས་བསྒྱུར་གསར་གཏོད་དང་འབད་འཐབ་ལྷོད་མེད་བྱས་ནས། བསྟུད་མར་གྲོང་གསེབ་ཀྱི་ལས་བཟོ་བ་དང་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཕྱིར་བཏོན་པ་དང་། སྨན་བཅོས་འགན་སྲུང་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ལ། སྨན་བཅོས་འགན་སྲུང་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་སྟེ། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཁེ་དབང་ལ་འགན་སྲུང་བྱས། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མང་ཚོགས་ཀྱིས་སྨན་བཅོས་འགན་སྲུང་སྲིད་ཇུས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་གཏིང་ཟབ་བྱེད་པར་སྟབས་བདེ་བསྐྲུན་པ་དང་། དམངས་ཚིས་ལ་ཕན་འདོགས་པའི་སྲིད་ཇུས་བྱེད་ཐབས་ལ་མྱོང་ཚོར་བྱེད་དུ་འཇུག་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལོ་རེ་བཞིན་བཏོན་པའི་སྨན་བཅོས་འགན་སྲུང་སྲིད་ཇུས་ཕྱོགས་བསྒྲིགས་བྱས་པ་མ་ཟད། དྲི་ལན་གྱི་རྣམ་པ་སྤྱད་དེ་མང་ཚོགས་ཀྱིས་སྲིད་ཇུས་ཀྱི་ནང་དོན་དང་གཙོ་གནད་ལ་རྒྱུས་ལོན་གསལ་བོ་བྱེད་ཐུབ་པར་བྱས།