ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་འགོག་སྨན་འཁོར་རྒྱུག་དང་འགོག་ཁབ་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་པར་འགྲེམས་བྱས་པ།

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་འགོག་སྨན་འཁོར་རྒྱུག་དང་འགོག་ཁབ་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་པར་འགྲེམས་བྱས་པ་དང་། ཁྱོན་ཡོངས་ནས་རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགོག་སྨན་འཁོར་རྒྱུག་དང་འགོག་ཁབ་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུ་སྐོར་གྱི་སྤྱི་ཡོངས་སྒྲིག་བཀོད་ལག་ལེན་མཐར་ཕྱིན་དང་། སྔར་ལས་ཚད་ལྡན་གྱི་འགོག་སྨན་འཁོར་རྒྱུག་དང་འགོག་ཁབ་རྒྱག་རྒྱུའི་དོ་དམ་ལས་དོན་གྱི་སྒྲིག་གཞི་ཧུར་བརྩོན་གྱིས་བཟོས།

  ལག་བསྟར་བསམ་འཆར་གྱིས་འགོག་ཁབ་མ་འཕྲོད་པའི་ཞོར་རྐྱེན་འབྱུང་བའི་ཁ་གསབ་ལམ་སྲོལ་མུ་མཐུད་དུ་འཐུས་ཚང་དུ་གཏོང་རྒྱུ་དང་། ལས་ཁུངས་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། གློ་བུར་དུ་འབྱུང་བའི་དོན་རྐྱེན་གལ་ཆེན་དང་དེ་བཞིན་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་མང་པའི་དོན་རྐྱེན་ལ་གཞོགས་འདེགས་བྱས་ནས་ཁ་གཏད་འཇལ་དགོས། སགོག་སྨན་གྱི་རིམས་ནད་ཚོད་འཛིན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས་འགོག་ཁབ་ཀྱི་ཚོད་འཛིན་བྱེད་ཐུབ་པའི་མཆེད་ནད་རིག་པ་དང་ཐེ་གཏོགས་ཞིབ་འཇུག་ལ་ཤུགས་སྣོན་བྱ་དགོས།

  འགོག་སྨན་གཅིག་བསྡུས་ཀྱིས་ཉོ་སྒྲུབ་ལག་བསྟར་བྱ་རྒྱུ་དང་། འགོག་སྨན་རྒྱག་པའི་ལས་ཁུངས་ཀྱིས་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་ཁེ་ལས་ལ་ཐད་ཀར་དུ་རིགས་གཉིས་པའི་འགོག་སྨན་ཉོ་མི་ཆོག འགོག་ཁབ་འཁྱག་གཏོང་སྡེབ་སྐྱེལ་ཚད་ལྡན་དུ་བཏང་ནས་འགོག་སྨན་ཉར་ཚགས་དང་སྐྱེལ་འདྲེན་གོ་རིམ་ཡོངས་འཁྱག་གཏོང་འཁོརའབྲེལ་ལས་བྲལ་མི་ཆོག འགོག་ཁབ་ཀྱི་ཉར་ཚགས་དང་སྐྱེལ་འདྲེན་བརྒྱུད་རིམ་ཡོངས་ཀྱི་དྲོད་ཚད་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་ལེན་དགོས་པ་དང་། རིམས་འགོག་སྨན་ཁབ་ཆེས་ཆུང་བའི་ཐུམ་སྒྲིལ་ལས་ཁུངས་ཀྱི་ཐོན་སྐྱེད་དང་། ཉར་ཚགས། སྐྱེལ་འདྲེན།བཀོལ་སྤྱོད་བྱས་པའི་བརྒྱུད་རིམ་ཡོངས་ཁུངས་འདེད་ཆོག་པར་མངོན་འགྱུར་བྱས་ཏེ།རིམས་འགོག་སྨན་ཁབ་ཀྱི་ལྟ་སྐུལ་དོ་དམ་གྱི་ནུས་པ་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

  ལག་བསྟར་བསམ་འཆར་གྱིས་ད་དུང་འགོག་ཁབ་རྒྱག་པའི་ལས་ཁུངས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ་དང་། འགོག་སྨན་རྒྱག་པའི་ཐོབ་ཐང་དོ་དམ་ཡག་པོར་སྒྲུབ་ཏེ་དུས་ལྟར་ཐོབ་ཐང་ཞིབ་བཤེར་བྱས་དགོས། འགོག་ཁབ་རྒྱག་པའི་ཐོབ་ཐང་ལག་ཁྱེར་དཔྱད་བཤེར་ལམ་ལུགས་ལག་བསྟར་བྱས་ཏེ། བྱིས་པར་དུས་ལྟར་འགོག་ཁབ་རྒྱག་དགོས།རིགས་གཉིས་པའི་རིམས་འགོག་སྨན་ཁབ་རྒྱག་པའི་དོ་དམ་ལ་ཤུགས་སྣོན་བྱ་རྒྱུ་དང་། རྫོང་རིམ་པའི་འཕྲོད་བསྟེན་འཆར་ལྡན་བུ་བཙའི་སྲིད་འཛིན་ལས་ཁུངས་གིས་ཁོངས་གཏོགས་ཁུལ་གྱི་རིགས་གཉིས་པའི་འགོག་ཁབ་རྒྱག་རྒྱུའི་འགན་འཁུར་བའི་ལས་ཁུངས་གཏན་འཁེལ་བྱེད་པ་མ་ཟད་ད་དུང་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་དགོས།

  བརྟན་པོར་མ་དངུལ་འཇོག་པའི་རྐྱེན་སྲོལ་བཙུགས་ཏེ། འགོག་ཁབ་རྒྱག་པ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཁོ་བའི་གྲོན་དངུལ་འདང་ངེས་འགན་ལེན་བྱ་དགོས། མི་སྣའི་ཐོབ་ཐང་ཇེ་མཐོར་བཏང་སྟེ། འཕྲོད་བསྟེན་རིམས་འགོག་གི་ཕོགས་སྣོན་དང་གནས་སྐབས་རང་བཞིན་གྱི་བྱ་བའི་ཁ་གསབ་ལག་བསྟར་བྱ་རྒྱུ། རིགས་གཉིས་པའི་རིམས་ནད་སྔོན་འགོག་བྱེད་པའི་འགོག་སྨན་རྒྱག་རྒྱུ་ཞབས་ཞུའི་རིན་གོང་ཚད་གཞི་བཟོས་ནས་བཏོན་པ་དང་། འགོག་ཁབ་རྒྱག་པའི་ཤེས་བྱ་རྒྱ་ཆེའི་ཁྱབ་གདལ་གཏོང་དགོས་པའི་བླང་བྱ་བཏོན།

ལོ་ཙཱ་བ། ཨ་གཡང་སྐྱིད།