ཐབས་ཇུས་གལ་ཆེན་དང་འགན་འཁྲི་གལ་ཆེན།

སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་འདེད་གཏོང་བའི་སྐོར་གླེང་བ།

དེབ་འདིའི་དཔྱད་གཏམ་པ།

ཉིན་ཤས་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྐོར་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་《“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི》འགྲེམས་སྤེལ་བྱས་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐིལ་ཕྱིན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་སྒྲིག་བཀོད་ལ་གཞིགས་ནས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་བྱས་དོན། ཏང་ཡོངས་སུ་“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་སྤེལ་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། ལག་ལེན་ལས་ར་སྤྲོད་བྱུང་བ་ལྟར་ན། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་ནི་བསམ་བློས་ཏང་འཛུགས་སྐྱོང་དང་། རྩ་འཛུགས་ཀྱིས་ཏང་འཛུགས་པ། ལམ་ལུགས་ཀྱིས་ཏང་སྐྱོང་བ་བཅས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དང་། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བའི་རྨང་གཞིའི་རང་བཞིན་གྱི་བཟོ་སྐྲུན་ཡིན་པས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་བྱེད་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྲུན་དེ་ཨང་དང་པོར་འཇོག་པ་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་གྱིས་ཏང་ཡོན་དང་ལས་བྱེད་པའི་གཏམ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་དང་ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོངས་སུ་ཏང་ཡོན་ཚད་ལྡན་བྱེད་པར་སྣེ་ཁྲིད་བྱེད་དགོས།   “གནད་འགག་ཉུང་ཤས་”དམ་འཛིན་དང་གཞི་རིམ་ཀྲི་པུའུ་དངོས་འཛིན་བྱེད་པ་དང་། གནད་དོན་གྱིས་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སྔོན་ཐོན་དང་དཔེ་མཚོན་དང་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས། རིམ་པ་ཁག་གི་ཏང་ཨུ་(ཏང་རྩ་འཛུགས)ཡིས་གཙོ་འགན་འཁུར་རྒྱུ་ལག་བསྟར་བྱེད་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་བྱེད་ཐབས་ཁག་ལག་བསྟར་ཡག་པོ་བྱས་ནས། ཏང་གི་རྩ་འཛུགས་ཀྱིས་འགན་ནུས་ལག་བསྟར་དང་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་རྒྱུ་འགན་ལེན་དང་། འགོ་ཁྲིད་ལས་བྱེད་པའི་གཞུང་དྲང་སྤྱོད་གཙང་དང་འགན་འཁུར་ཕོད་པ། དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་འགན་ལེན། རྒྱ་ཆེའི་ཏང་ཡོན་ལས་བྱེད་རྣམས་ཀྱིས་རང་དཔེ་གཞན་སྟོན་དང་། གདོང་ལེན་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་འགན་ལེན་བཅས་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་གྱུར་འཆར་གཞི་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་སྤེལ་གཏོང་ཆེད་སྟོབས་ལྡན་གྱི་རྩ་འཛུགས་འགན་ལེན་མཁོ་འདོན་བྱེད་དགོས། མཛུབ་སྟོན་གལ་ཆེན་འདིས། ཏང་དང་རྒྱལ་ཁབ་ཡོངས་ཀྱི་མཐོ་ཚད་ནས་“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་ལས་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་ཡོད་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་དམིགས་འབེན་འགན་འཁྲི། གཞི་རྩའི་བླང་བྱ་བཅས་རྒྱས་བཤད་གཏིང་ཟབ་བྱས་ཏེ། ང་ཚོས་ལས་ཀ་ཡག་པོ་སྒྲུབ་རྒྱུར་བརྩི་སྲུང་བྱ་ཡུལ་གལ་ཆེན་མཁོ་འདོན་བྱས་ཡོད།  

ཏང་ཡོངས་ལ་“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་སྒྲིག་བཀོད་ཆེན་པོ་ཞིག་ཡིན་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོའི་ལག་ལེན་བྱེད་སྒོ་དང་། “ནན་གསུམ་དྲང་གསུམ་”གྱི་ཆེད་དོན་སློབ་གསོ་སྤེལ་བའི་རྗེས་ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བ་གཏིང་ཇེ་ཟབ་ཏུ་གཏོང་བའི་རྒྱལ་ཁའི་ལག་ལེན་ཞིག་ཡིན། ལོ་གཅིག་ལྷག་གི་རིང་། ཏང་ཀྲུང་དབྱང་གིས་“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་མཛུབ་སྟོན་དང་དངོས་སུ་སྐུལ་འདེད་བཏང་ལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་ནས་སློབ་སྦྱོང་སློབ་གསོ་དང་དམངས་གཙོའི་འཚོ་བའི་ཚོགས་འདུ་སྐོང་འཚོགས་བྱས་ཏེ་ཏང་ཡོངས་ལ་མིག་དཔེ་བཟང་པོ་བསྟན་ཡོད། ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཐུན་མོང་ཐོག་འབད་པ་བྱས་ཏེ། རྨང་གཞི་སློབ་པ་དང་གནད་འགག་སྒྲུབ་པ་རྒྱུན་འཁྱོངས་དང་། གནད་དོན་འབུར་ཐོན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་པ། སློབ་སྦྱོང་དང་སློབ་གསོ་ཏན་ཏན་ཏིག་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བ་བཅས་བྱས་ནས། ཏང་ནང་ཁུལ་གྱི་སློབ་གསོ་དེ་“གནད་འགག་ཉུང་ཤས་”ནས་རྒྱ་ཆེའི་ཏང་ཡོན་ཕྱོགས་སུ་རྒྱ་སྐྱེད་གཏོང་བ་དང་། གཅིག་བསྡུས་རང་བཞིན་གྱི་སློབ་གསོ་ནས་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་ལ་རྒྱུན་བསྲིངས་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པར་སྐུལ་འདེད་བཏང་སྟེ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཟབ་མོ་ཐོབ་ནས་“འདུ་ཤེས་བཞི་”མངོན་གསལ་དུ་ཇེ་མཐོར་ཕྱིན་ཡོད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྔར་ལས་ནན་མོ་དང་ཚད་ལྡན་བཟོས་བ་དང་། ཏང་གཤིས་སྦྱོང་བརྡར་བྱེད་པའི་“བཞུ་ཐབ་”ཀྱི་ནུས་པ་སྔར་ལས་ཇེ་ཆེར་ཕྱིན། གཞི་རིམ་དུ་ཏང་འཛུགས་སྐྱོང་བྱེད་པའི་གནད་དོན་འབུར་ཐོན་ཐག་གཅོད་ཡག་པོ་གཏོང་བ་དང་ལས་ཀ་ཡོངས་ཀྱི་ཆུ་ཚད་ལ་འཕེལ་རྒྱས་གསར་པ་བྱུང་། ཏང་ཡོན་ཚད་ལྡན་བྱེད་པའི་ཚད་གཞི་གཏན་འབེབས་གསལ་པོ་བྱས་པ་དང་། དུས་སྐབས་གསར་པའི་ཏང་ཡོན་ལས་བྱེད་པའི་ཀུན་སྤྱོད་བཟང་པོ་བསྟན་ནས། འཕེལ་རྒྱས་ཆེན་པོ་དང་ཕན་འབྲས་མངོན་གསལ་ཐོབ།

“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོའི་ལག་ལེན་ལེགས་འགྲུབ་བྱུང་བས་ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བར་བློ་སྒོ་ཡག་པོ་ཕྱེ་ཡོད། གཅིག་ནི་བསམ་བློས་ཏང་འཛུགས་སྐྱོང་བྱེད་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་། ཏང་གཤིས་སློབ་གསོ་དང་གཞུང་ལུགས་སློབ་གསོ་ཟུང་སྦྲེལ་བྱས་ནས། འབད་པ་ལྷོད་མེད་ཀྱིས་ཏང་གི་གཞུང་ལུགས་གསར་སྐྲུན་གྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་དགོས། གཉིས་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་སློབ་གསོ་ནུས་པ་འབུར་དུ་ཐོན་རྒྱུ་རྒྱུན་འཁྱོངས་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་དེ་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ནང་བཞག་སྟེ། འབད་འབུངས་ལྷོད་མེད་དང་བརྩོན་པ་ཆེར་བསྐྱེད་བྱེད་དགོས། གསུམ་ནི་སློབ་སྦྱོང་དང་ལག་ལེན་ཟུང་སྦྲེལ་དང་སློབ་སྦྱོང་གིས་ལག་ལེན་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། བསམ་བློའི་ཁྲིད་སྟོན་དང་བྱ་སྤྱོད་ཚད་ལྡན་གཉིས་གཅིག་གྱུར་བྱེད་དགོས། བཞི་ནི་གནད་དོན་གྱིས་ཁྲིད་སྟོན་བྱེད་རྒྱུ་དང་བྱེ་བྲག་གི་གནད་དོན་ནས་ནོར་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རྨང་གཞི་བརྟན་པ་དང་ཡུན་རིང་ལ་ཕན་པ། ཞན་ཆ་གསབ་པའི་ལས་ཀ་ཏན་ཏན་ཏིག་ཏིག་གིས་སྒྲུབ་དགོས། ལྔ་ནི་“གནད་འགག་ཉུང་ཤས་”དམ་འཛིན་དང་གཞི་རིམ་ཀྲི་པུའུ་དངོས་འཛིན་གཉིས་ཟུང་སྦྲེལ་བྱེད་པ་རྒྱུན་འཁྱོངས་དང་། གོང་གིས་འོག་ལ་སྣེ་ཁྲིད་དང་རིམ་པ་བཞིན་དུ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བའི་བླང་བྱ་དེ་རིམ་པ་བཞིན་དུ་ལག་བསྟར་བྱས་ཏེ། མཇུག་མཐར་ཡན་ལག་རེ་རེ་དང་ཏང་ཡོན་རེ་རེའི་སྟེང་དུ་འབབ་དགོས། གོང་གི་“རྒྱུན་འཁྱོངས་ལྔ་”ནི། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོའི་རྒྱལ་ཁའི་ཉམས་མྱོང་ཡིན་ལ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་རྨང་གཞི་བརྟན་པོ་བཏིང་ཡོད་པས། ང་ཚོས་རྗེས་ཕྱོགས་ལས་ཀའི་ཁྲོད་དུ་བེད་སྤྱོད་ཡག་པོ་བྱེད་དགོས།

“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་སྤེལ་གཏོང་བར་ཐོག་མར་སློབ་སྦྱོང་ནན་ཏན་བྱེད་དགོས་པ་དང་། ཆེས་རྩ་བར་གྱུར་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱིས་རང་ཉིད་ཀྱི་ཀླད་པར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ། བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་བཅས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་གི་འབྲས་བུ་གསར་པ་ཡིན་པ་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་གསར་པ་ཡིན་ལ། ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་དང་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེའི་བཟོ་སྐྲུན་གསར་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་བཅས་ལ་སྐུལ་སྤེལ་གཏོང་བའི་བསམ་བློའི་དྲག་ཆས་གལ་ཆེན་ཞིག་ཡིན། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ཚང་མས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པའི་བྱ་སྤྱོད་ཕྱོགས་སྟོན་ཡང་ཡིན། མ་ཡིག་ཀློག་པ་དང་མ་ཡིག་སྦྱོང་བ་དང་རྩ་དོན་ཤེས་པ་དང་། དོན་དངོས་ལ་ཟུང་འབྲེལ་བྱས་ནས་སྦྱོང་བ་དང་། གནད་དོན་ལ་གཞིགས་ནས་སྦྱོང་བ་དང་མཚམས་མ་ཆད་པར་སྦྱོང་བ་རྒྱུན་འཁྱོངས་བྱས་ནས། གསུང་བཤད་ཁྲོད་ཀྱི་གཞུང་ལུགས་གལ་ཆེའི་དོན་སྙིང་དང་ལག་ལེན་གྱི་དོན་སྙིང་ཤེས་རྟོགས་ཟབ་མོ་བྱེད་དགོས་པ་དང་། གསུང་བཤད་ཀྱི་དུས་རབས་རྒྱབ་ལྗོངས་དང་བརྗོད་གཞི་གསལ་པོ་དང་ཚན་རིག་མ་ལག་བཅས་ལ་གོ་བ་ཟབ་མོ་ལེན་དགོས། གསུང་བཤད་ནང་འདུ་བའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་དང་འཐབ་ཇུས་གསར་པར་ངོས་འཛིན་ཡང་དག་བྱེད་དགོས། གསུང་བཤད་ནང་བརྒྱུས་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་ཤེས་རྟོགས་བྱེད་དགོས། སྦྱངས་ནས་ཡིད་ཆེས་པ་དང་སྦྱངས་ནས་བསམ་བློ་གཏོང་བ། སྦྱངས་ནས་བེད་སྤྱོད་པ་བཅས་རང་རྟོགས་ཀྱིས་བྱེད་ཐུབ་དགོས།  འདི་ལྟར་བྱས་ན། ད་གཟོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་དང་འཐབ་ཇུས་གསར་པའི་བདེན་དོན་གྱི་ངོས་འཛིན་གཅིག་མཐུན་དང་ལག་ལེན་གྱི་ངོས་འཛིན་གཅིག་མཐུན་ཇེ་ཆེར་གཏོང་ཐུབ་པ་དང་། ད་གཟོད་ཆབ་སྲིད་ཀྱི་འདུ་ཤེས་དང་། བཀོད་པ་ཆེན་པོའི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་མུ་མཐུད་ནས་ཇེ་ཆེར་གཏོང་ཐུབ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་དང་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོབ་བྱེད་པའི་རྩ་བ་བརྟན་པོ་ཚུགས་ཐུབ། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་སློབ་སྦྱོང་བྱེད་དགོས་ན། ཏང་གི་སྒྲིག་ཡིག་ནི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་སྤྱིའི་སྒྲིག་ལམ་དང་སྤྱིའི་བརྩི་སྲུང་བྱ་ཡུལ་ཡིན་པ་གསལ་པོ་ངེས་དགོས་པ་དང་།  ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག སྤྱོད་གཙང་རང་གཅུན་གྱི་ཚད་གཞི་ལ་སོགས་པ་ཏང་ནང་གི་ཁྲིམས་སྲོལ་བླང་བྱ་ལག་བསྟར་བྱེད་དགོས་ན། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་གྱིས་གཏམ་སྤྱོད་ཚད་ལྡན་དུ་གཏོང་དགོས། སྦྱོང་བ་”དང་“སྒྲུབ་པ་”གཉིས་ཟུང་སྦྲེལ་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཡོངས་ཁེངས་དང་རྒྱུན་རྣམ་ཅན་དང་གསར་སྐྲུན་ཅན་ལ་མཐོང་ཆེན་དང་ཕན་འབྲས་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། རང་གི་ས་གནས་དང་རང་གི་ལས་ཁུངས་དང་རང་གི་སྡེ་ཁག་བཅས་ཀྱི་དོན་དངོས་ལ་དམ་པོར་གཞིགས་ནས། གནད་དོན་གང་ཡོད་ན་དེ་ཐག་གཅོད་དང་། གནད་དོན་གང་འབུར་དུ་ཐོན་ན་དེ་ཐག་གཅོད་དགོས། ཏང་ཡོན་ཚང་མས་“དང་དོད་བཞི་དང་ཡོད་པ་བཞིའི་”ཚད་གཞི་ལ་གཞིགས་ཏེ། ཆབ་སྲིད་ཚད་ལྡན་དང་སྒྲིག་ཁྲིམས་ལག་བསྟར་ཚད་ལྡན། ཀུན་སྤྱོད་ཚད་ལྡན། ནུས་པ་འདོན་སྤེལ་ཚད་ལྡན་བཅས་བྱས་ནས། བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་མུ་མཐུད་ནས་ཇེ་མཐོར་གཏོང་དགོས།

“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་སྤེལ་གཏོང་དགོས་ན། “གནད་འགག་ཉུང་ཤས་”དམ་འཛིན་བྱེད་དགོས་པ་དང་། འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ནས་མིག་དཔེ་སྟོན་པ་རྒྱུན་འཁྱོངས་བྱེད་དགོས། རིམ་པ་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ནི་ཏང་གིས་རྒྱལ་སྲིད་སྐྱོང་བའི་རྐང་འཛིན་པ་ཡིན་པས། འགོ་ཁྲིད་ཀྱི་འགན་འཁྲི་ཡོད་ལ། དཔེ་སྟོན་གྱི་འགན་འཁྲི་ཡང་ཡོད། འགོ་ཁྲིད་ལས་བྱེད་པས་གཞན་ལ་མིག་དཔེ་སྟོན་དགོས་ན། ཀུན་གྱི་སྣེ་ཁྲིད་ནས་ཏང་ཡོན་ཚད་ལྡན་དང་འགོ་ཁྲིད་ལས་བྱེད་པ་ཚད་ལྡན་བྱེད་དགོས་པ་དང་། གཞན་ལ་སྒྲུབ་དགོས་པའི་བླང་བྱ་མ་བཏོན་གོང་ཐོག་མར་རང་ཉིད་ཀྱིས་སྒྲུབ་དགོས་པ་དང་། གཞན་ལ་སྒྲུབ་མི་རུང་བའི་བླང་བྱ་བཏོན་པ་དེ་ཐོག་མར་རང་ཉིད་ཀྱིས་སྒྲུབ་མི་རུང་ལ། གཞུང་དྲང་སྤྱོད་གཙང་དང་འགན་འཁུར་ཕོད་པ་བྱེད་ཐུབ་དགོས། ཀུན་གྱི་སྣེ་ཁྲིད་ནས་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་དགོས་ཏེ། ཐོག་མཐའ་བར་གསུམ་དུ་“ཡིད་ཆེས་བཞི་”བརྟན་པོ་བྱེད་དགོས། ཀུན་གྱི་སྣེ་ཁྲིད་དེ་དར་ཆ་གསལ་པོའི་སྒོ་ནས་ཆབ་སྲིད་གླེང་དགོས་ན། “འདུ་ཤེས་བཞི་”བརྟན་པོ་འཛུགས་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། ཀུན་གྱི་སྣེ་ཁྲིད་ནས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་ན། རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་ཀྱིས་ཧེ་བག་འཚོལ་བ་དང་། ལེགས་བཅོས་མཐོར་འདེགས་གཏོང་དགོས། ཀུན་གྱི་སྣེ་ཁྲིད་ནས་རང་གཅུན་ནན་མོ་བྱེད་དགོས་ན། ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་ཡག་པོ་དར་སྤེལ་གཏོང་དགོས། ཀུན་གྱི་སྣེ་ཁྲིད་ནས་འགན་འཁྲི་ཕྲག་ཏུ་ལེན་དགོས་ན། བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་ཀ་མི་འདྲ་བ་ཁག་གི་གདོང་ལེན་པ་བྱེད་དགོས།  འགོ་ཁྲིད་ལས་བྱེད་པས་“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་སྤེལ་གཏོང་བའི་གོ་རིམ་ཁྲོད་དུ་སྣེ་ཁྲིད་དང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ན། རིམ་པ་གཅིག་གིས་རིམ་པ་གཞན་གཅིག་སྐུལ་འཁྲིད་ཐུབ་པ་དང་། རིམ་པ་བཞིན་དུ་གནོན་ཤུགས་བརྒྱུད་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བ་དེ་སྔར་བས་ལེགས་པའི་སྒོ་ནས་གཞི་རིམ་དང་གཞུང་ཕྱོགས་ལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ།

“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་སྤེལ་གཏོང་དགོས་ན། གཞི་རིམ་གྱི་ཀྲི་པུའུ་དམ་འཛིན་ཏན་ཏིག་དང་། གཞི་རིམ་གྱི་ཀྲི་པུའུ་དང་འབྲེལ་བའི་ལམ་ལུགས་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་དགོས། ཏང་ཀྲི་པུའུ་ནི་ཏང་གི་ཆེས་གཞི་རྩའི་རྩ་འཛུགས་དང་། ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པའི་གཞི་རྩའི་ལས་ཁུངས་ཡིན་ལ། ཏང་གི་ལས་ཀ་ཡོངས་དང་འཐབ་རྩོད་ནུས་ཤུགས་ཀྱི་རྨང་གཞི་ཡང་ཡིན། ཏང་ཀྲི་པུའུ་ཡི་འཛུགས་སྐྲུན་དེ་གཞི་རྩའི་འཛུགས་སྐྲུན་གལ་ཆེན་དུ་འཛིན་དགོས་པ་དང་། ཏང་ཀྲི་པུའུ་ཡིས་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པའི་འགན་འཁྲི་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་གི་ལས་ཀ་ཡོད་ཚད་ཀྲི་པུའུ་ལ་འབབ་དགོས་པའི་ཁྲིད་སྟོན་གསལ་པོ་བྱེད་དགོས་ཏེ། བསམ་བློ་དང་ཆབ་སྲིད་ལས་ཀ་ཀྲི་པུའུ་ཡི་སྟེང་དུ་འབབ་པར་མཐོང་ཆེན་དང་། ཏང་ཡོན་ལ་སློབ་གསོ་དང་དོ་དམ་ནན་མོ་བྱེད་རྒྱུ་ཀྲི་པུའུ་ཡི་སྟེང་དུ་འབབ་པ། མང་ཚོགས་ཀྱི་ལས་ཀ་ཀྲི་པུའུ་ཡི་སྟེང་དུ་འབབ་པ་བཅས་བྱས་ནས། ཏང་གི་རྩ་འཛུགས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། “གྲོས་ཚོགས་གསུམ་དང་སློབ་ཚན་གཅིག་”ནི་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོ་དང་དུས་རྒྱུན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པའི་གཞི་རྩའི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”དེ་“གྲོས་ཚོགས་གསུམ་དང་སློབ་ཚན་གཅིག་”གི་གཞི་རྩའི་ནང་དོན་དུ་གཏན་འབེབས་དང་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲི་པུའུ་ལ་གཞི་རྩའི་ལས་ཀའི་ཁྲོད་གཙོ་འགན་འཁུར་དུ་བཅུག་ནས། མང་ཚོགས་ལ་མཐུན་སྒྲིལ་བྱེད་པའི་སྲོག་ཤིང་དང་། ཏང་ཡོན་ལ་སློབ་གསོ་གཏོང་བའི་སློབ་གྲྭ འགག་སྒྲོལ་དཀའ་སེལ་གྱི་འཛིང་རགས་བཅས་སུ་འགྱུར་དགོས། གནད་དོན་ཐག་གཅོད་བྱེད་ཐབས་བཤེར་འཚོལ་བྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་ཞན་ཆ་གཅིག་བསྡུས་བྱས་ནས། གནད་དོན་འབུར་ཐོན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་འགག་སྒྲོལ་དཀའ་སེལ་བྱེད་དགོས་ལ། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཏང་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་འཛིང་རགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་སྤེལ་གཏོང་བ་ནི། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བའི་འགན་འཁྲི་གལ་ཆེན་ཡིན་ལ། ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཡུན་རིང་གི་འགན་འཁྲི་ཡང་ཡིན། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་མཐོང་ཆེན་ཚད་མཐོ་དང་རྩ་འཛུགས་ནན་མོ་བྱས་ནས། འགན་འཁྲི་གཙོ་བོ་ལག་བསྟར་ནན་ཏན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེའི་དགོངས་པ་དང་ཏང་ཀྲུང་དབྱང་གི་སྒྲིག་བཀོད་ལག་བསྟར་ནན་ཏན་བྱེད་དགོས་ལ། སློབ་སྦྱོང་སློབ་གསོ་དེ་བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་ཀ་ཡག་པོ་སྒྲུབ་རྒྱུ་དང་ཟུང་སྦྲེལ་བྱས་ནས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གཏོང་རྒྱུ་དེ་ཏང་འཛུགས་སྐྱོང་གི་ལས་ཀར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་འཛིན་དགོས་པ་དང་། འགན་འཁྲིའི་ཐོ་ཡིག་ཞིབ་ཕྲ་དང་རིགས་དབྱེའི་མཛུབ་སྟོན་ལ་ཤུགས་སྣོན། དཔེ་མཚོན་གྱིས་སྣེ་སྟོན་ལ་མཐོང་ཆེན་བཅས་བྱས་ཏེ། གཞི་རིམ་ལས་ཁུངས་ཀྱི་རང་འགུལ་རང་བཞིན་དང་གསར་སྐྲུན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས་ཐོག ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གསར་པས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།


ཚེ་རིང་བྱམས་ཀྱིས་བསྒྱུར།