དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་བཅུ་བ་སྟེ2017ལོར་རང་ཞིང་གི་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ནི་ཅི་ཡིན་པ།

2017ལོར་རང་ཞིང་གི་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ནི་ཅི་ཡིན་ཞེ་ན།ཧྲིན་ཀྲང་ཝང་ཅན་ཅུན་གྱི་བསྟན་དོན།གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་བྱ་བ་བཟང་བོར་བསྒྲུབ་ནས1+8+10རྣམ་པའི་ཁུ་ཚུར་སྡེབ་སྒྲིག་བྱས་ཏེ།དབུལ་སྐྱོར་ལམ་སྲོལ་གསར་སྐྲུན་བྱས་ནས།མུ་མཐུད་དུ་ཁྲག་གསོག་པ་དང་ཁྲག་བཟོ་བ།ཁྲག་ཤོར་བར་བཀག་འགོག་བྱེད་པ།དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།ས་གནས་གཞན་གྱི་དབུལ་སྐྱོར་གནས་སྤོའི་བྱ་བ་རྩ་འཛུགས་བྱེད་པ།ས་གནས་འཕེལ་རྒྱས་ཀྱི་ཡུལ་བབ་དང་བསྟུན་ནས་རྒྱུད་མཐུད་ཐོན་ལས་གོང་སྤེལ་དུ་བཏང་སྟེ།དབུལ་སྐྱོར་བྱེད་སའི་ལྟེ་བ་དང་རྩ་བ་དངོས་ལ་གཞིགས་ནས་དབུལ་ཕོངས་རྫོང་11དབུལ་ཐར་བྱེད་པ་དང་།དབུལ་ཕོངས་སྡེ་བ500དབུལ་ཕོངས་ལས་ཐར་བ།དབུལ་ཕོངས་མང་ཚོགས་ཁྲི14དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་དགོས་ཟེར།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་བཅུ་གཅིག་སྟེ་ཁག་ཐེག་གཉིས་ནི་གང་ཡིན་པ།

ཁག་ཐེག་གཉིས་ནི་གང་ཡིན་ཞེ་ན།ཁག་ཐེག་གཉིས་ནི་དུས་རབས་གསར་བའི་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ཡིན་ལ།དམིགས་འབེན་གཅིག་གྱུར་བྱས་ཏེ།2020ལོའི་བར།ཞིང་སྡེ་དབུལ་ཕོངས་མང་ཚོགས་ཡོངས་དབུལ་ཕོངས་ལས་ཐར་བར་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་པ་དང་།དབུལ་ཕོངས་རྫོང་ཡོངས་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་པ་གཉིས་རེད།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་བཅུ་གཉིས་སྟེ་སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གང་ཡིན་པ།

སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གང་ཡིན་ཞེ་ན།སེམས་ཁུར་བྱེད་མི་དགོས་གཉིས་ནི2020ལོའི་བར་།དབུལ་སྐྱོར་བྱེད་སའི་ཁ་གཏད་དབུལ་སྐྱོར་ས་གནས་དག་གིས་ཟས་དང་གྱོན་པ་གཉིས་ལ་སེམས་ཁུར་བྱེད་མི་དགོས་པར་བརྟན་འཇགས་ཡོང་བར་མངོན་འགྱུར་བྱེད་པ།འགན་སྲུང་གསུམ་ནི་ཁ་གཏད་དབུལ་སྐྱོར་ས་གནས་དག་གི་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས།སྡོད་ཁང་བཅས་ཀྱི་འགན་སྲུང་ཡིན་པ་རེད།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་བཅུ་གསུམ་སྟེ་གནད་འཁེག་དྲུག་ནི་གང་ཡིན་པ།

གནད་འཁེག་དྲུག་ནི་གང་ཡིན་ཞེ་ན།གནད་འཁེག་དྲུག་ནི་དབུལ་སྐྱོར་བྱེད་ས་གནད་ལ་འཁེལ་བ་དང་།རྣམ་གྲངས་བཀོད་སྒྲིག་བྱེད་པ་གནད་ལ་འཁེལ་བ།མ་དངུལ་བེད་སྤྱོད་གནད་ལ་འཁེལ་བ།སྲིད་ཇུས་ཁྱིམ་དུ་སྤྱོད་པ་གནད་ལ་འཁེལ་བ།སྡེ་བར་འགོ་ཁྲིད་མངག་པ་གནད་ལ་འཁེལ་བ།དབུལ་ཐར་གྲུབ་འབྲས་གནད་ལ་འཁེལ་བ་བཅས་ཡིན་པ་རེད།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་བཅུ་བཞི་སྟེ་ཅི་ཞིག་ལ་གནད་འཁེལ་དབུལ་སྐྱོར་ཟེར།

གདན་འཁེལ་དབུལ་སྐྱོར་ནི་དབུལ་སྐྱོར་བྱེད་ས་གནད་ལ་འཁེལ་བའི་སྒོ་ནས་དོ་དམ་བྱེད་པ་ལག་བསྟར་དང་།དབུལ་སྐྱོར་མ་དངུལ་གནད་ལ་འཁེལ་བའི་སྒོ་ནས་ལྷུ་སྒྲིག་བྱེད་པ་དང་།ཁ་གཏད་དབུལ་སྐྱོར་བྱེད་སར་གནད་ལ་འཁེལ་བའི་སྒོ་ནས་དབུལ་སྐྱོར་བྱེད་པ།དབུལ་སྐྱོར་ཐོན་ཁུངས་དེ་དབུལ་སྐྱོར་མཁོ་བའི་མི་གྲངས་ལ་བེད་སྤྱོད་བྱེད་པ་དང་།དབུལ་སྐྱོར་མཁོ་སར་བེད་སྤྱོད་བྱེད་པ་དེ་ཡིན་པ་རེད།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་བཅོ་ལྔ་སྟེ་ཅི་ཞིག་ལ་གནས་གསུམ་གཞི་གཅིག་གི་དབུལ་སྐྱོར་ཆེན་པོ་ཟེར།

གནས་གསུམ་གཞི་གཅིག་གི་དབུལ་སྐྱོར་ཆེན་པོ་ནི་གང་ཡིན་ཞེ་ན།གནས་གསུམ་གཞི་གཅིག་གི་དབུལ་སྐྱོར་ཆེན་པོ་ནི་ཆེད་སྤྱོད་དབུལ་སྐྱོར་དང་།ལས་རིགས་དབུལ་སྐྱོར།སྤྱི་ཚོགས་དབུལ་སྐྱོར་བཅས་གསུམ་ཡིན་པ་རེད།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་བཅོ་བརྒྱད་དེ་རང་ཞིང་གིས་ལོ་རེའི་དབུལ་ཐར་འགག་སྒྲོལ་གྱི་གཏན་འཁེལ་བྱས་པའི་དུས་ཡུན་སྐབས་ཀྱི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་དམིགས་འབེན་ནི་སྒོར་དུ་ཡིན་་པ།

རང་ཞིང་གིས་ལོ་རེའི་དབུལ་ཐར་འགག་སྒྲོལ་གྱི་གཏན་འཁེལ་བྱས་པའི་དུས་ཡུན་སྐབས་ཀྱི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་དམིགས་འབེན་ནི་སྒོར་དུ་ཡིན་ཞེ་ན།རང་ཞིང་གིས་ལོ་རེའི་དབུལ་ཐར་འགག་སྒྲོལ་གྱི་གཏན་འཁེལ་བྱས་པའི་དུས་ཡུན་སྐབས་ཀྱི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་དམིགས་འབེན་སྟེ། 2016ལོར།རོང་འབྲོག་མང་ཚོགས་ཀྱི་མི་རེའི་བཀོད་སྤྱོད་བྱས་ཆོག་པའི་ཆ་སྙོམས་ཡོང་འབབ་སྒོར་3316ལ་བསླེབས་པ་དང་།2017ལོར།རོང་འབྲོག་མང་ཚོགས་ཀྱི་མི་རེའི་བཀོད་སྤྱོད་བྱས་ཆོག་པའི་ཆ་སྙོམས་ཡོང་འབབ་སྒོར་3532བསླེབས།2018ལོར།རོང་འབྲོག་མང་ཚོགས་ཀྱི་མི་རེའི་བཀོད་སྤྱོད་བྱས་ཆོག་པའི་ཆ་སྙོམས་ཡོང་འབབ་སྒོར3762ལ་བསླེབས་པར་བྱེད་པ་དང་།2019ལོར།རོང་འབྲོག་མང་ཚོགས་ཀྱི་མི་རེའི་བཀོད་སྤྱོད་བྱས་ཆོག་པའི་ཆ་སྙོམས་ཡོང་འབབ་སྒོར4000ལ་བསླེབས་པར་བྱེད་རྒྱུ་ཡིན་པ་རེད།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་ཉེར་དྲུག་སྟེ་ཅི་ཞིག་ལ་ཡིག་ཚགས་བྱང་བུ་བཟོ་བ་དང་ལྟ་བ་ལྔ་ཟེར།

ཡིག་ཚགས་བྱང་བུ་བཟོ་བ་དང་ལྟ་བ་ལྔ་ནི།ཐོག་མར་ཁང་བར་ལྟ་བ་དང་།དེ་ནས་འབྲུ་རིགས་ལ་ལྟ་བ།མཐའ་མར་སློབ་ཞུགས་གནས་ཚུལ་ལ་ལྟ་བ།དེ་ལས་གཞན་ད་དུང་ལག་རྩལ་རྩལ་ནུས་ཀྱི་ཆུ་ཚད་ལ་ལྟ་བ་དང་།ཁྱིམ་ཚང་དུ་དབང་བོ་སྐྱོན་ཅན་ཡོད་མེད་ལ་ལྟ་བ་བཅས་ཡིན་པ་རེད།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་སོ་གསུམ་སྟེ་ཞིང་སྡེ་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ཀྱི་དབུལ་སྐྱོར་ཚད་གཞི་ནི་གང་ཡིན་པ།

ཞིང་སྡེ་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ཀྱི་དབུལ་སྐྱོར་ཚད་གཞི་ནི་གང་ཡིན་ཞེ་ན།ཞིང་སྡེ་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ཀྱི་དབུལ་སྐྱོར་ཚད་གཞི་ནི་རྣམ་གྲངས་རེ་རེར་ནོར་སྲིད་དབུལ་སྐྱོར་གྱིས་ནང་འདྲེན་བྱས་པའི་མ་དངུལ་སྒོར་ཁྲི300བཀོད་སྒྲིག་བྱས་ཡོད་པ་དང་།སྤྱི་ཚོགས་མ་རྩའི་དབུལ་སྐྱོར་འཕེལ་རྒྱས་གལ་ཆེན་ཞིང་སྡེའི་ཡུལ་སྐོར་ཐོན་ལས་ཐད་ལ་བཀོད་སྤྱོད་བྱེད་་པ་དེ་རེད།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་སོ་ལྔ་སྟེ་གནས་སྤོའི་འཛུགས་སྐྲུན་ནང་དོན་ཁྲོད་གང་དག་འདུ་བ།

གནས་སྤོའི་འཛུགས་སྐྲུན་ནང་དོན་ཁྲོད་གང་དག་འདུ་ཞེ་ན།གནས་སྤོའི་འཛུགས་སྐྲུན་ནང་དོན་ཁྲོད་ཁྱིམ་ཚང་གི་ཁང་བའི་འཛུགས་སྐྲུན་གྱི་ཆ་སྙོམས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་80དང་།ཁང་བའི་འཛུགས་སྐྲུན་རྣམ་གྲངས་ཁུལ་གྱི་ཆུ་དང་གློག་ལམ་དྲ་རྒྱ་སོགས་གཞིི་རྩའི་འཛུགས་སྐྲུན་དང་སློབ་གྲྭ འཕྲོད་བསྟེན་ཁང་སོགས་སྤྱི་བའི་ཞབས་ཞུ་བཅས་ཀྱི་འཛུགས་སྐྲུན་ལག་བསྟར་བཅས་འདུ་བ་རེད།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་ཞེ་དྲུག་སྟེ་དུས་ཡུན་ཐུང་བའི་ནང་རྩལ་ནུས་གསོ་སྦྱོང་གི་ཁ་གཏད་བྱེད་ས་དང་བྱེ་བྲག་གི་བྱེད་ཐབས་ནི་གང་ཡིན་པ།

དུས་ཡུན་ཐུང་བའི་ནང་རྩལ་ནུས་གསོ་སྦྱོང་གི་ཁ་གཏད་བྱེད་ས་དང་བྱེ་བྲག་གི་བྱེད་ཐབས་ནི་གང་ཡིན་ཞེ་ན།དུས་ཡུན་ཐུང་བའི་ནང་རྩལ་ནུས་གསོ་སྦྱོང་གི་ཁ་གཏད་བྱེད་ས་ནི་སློབ་འབྲིང་དང་མཐོ་འབྲིང་གི་ཕ་ཡུལ་དུ་ལོག་ཡོད་པའི་ན་གཞོན་དང་ཡང་བསྐྱར་དམག་ལ་ཞུགས་པའི་དམག་མི་དེ་ངེས་པར་དུ་རྨང་གཞིའི་རིག་གནས་ཡོད་པའི་ན་གཞོན་ངལ་རྩོལ་པ་ཡིན་པ་དང་།དུས་ཡུན་ཐུང་བའི་ནང་རྩལ་ནུས་གསོ་སྦྱོང་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ནི་རྫོང་རིམ་པའི་དབུལ་སྐྱོར་སྡེ་ཁག་གིས་ས་དེ་གའི་དབུལ་ཕོངས་ཁྱིམ་ཚང་གི་གསོ་སྦྱོང་བྱེད་འདོད་ཡོད་མཁན་དག་ལ་དུས་ཡུན་ཟླ3ནས་ཟླ6གི་དུས་ཡུན་ཐུང་བའི་རྩལ་ནུས་གསོ་སྦྱོང་སྟེ།མི་རེའི་ཆ་སྙོམས་རོགས་སྐྱོར་ཚད་གཞི་ནི་སྒོར་2000ཡིན་པ་དང་།ཆེད་ལས་ལ་མི་རིགས་ཀྱི་གླུ་གར་དང་།གྱོན་གོས་ལས་སྣོན།ཡུལ་སྐོར་སྣེ་ཤན་པ།འཕྲུལ་ཆས་དང་གློག་ཆས་ཞུག་གསོ།རླངས་འཁོར་སྐོར་བ་སོགས་སྣ60འདུས་པ་རེད།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་ལྔ་ལྔ་སྟེ་དབུལ་སྐྱོར་དངུལ་བུན་བསྐྱི་བའི་སྒོར་གྲངས་དང་དུས་ཡུན་ནི་ག་ཚོད་ཡིན་པ།

དབུལ་སྐྱོར་དངུལ་བུན་བསྐྱི་བའི་སྒོར་གྲངས་དང་དུས་ཡུན་ནི་ག་ཚོད་ཡིན་ཞེ་ན།

དབུལ་སྐྱོར་དངུལ་བུན་བསྐྱི་བའི་སྒོར་གྲངས་ནི་སྒོ་ཁྲི5ལས་མི་བརྒལ་བ་དང་།

དབུལ་སྐྱོར་དངུལ་བུན་བསྐྱི་བའི་དུས་ཡུན་ནི་ལོ་གསུམ་ལས་མི་བརྒལ་བ་ཡིན་པ་རེད།

དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་དྲི་བ་དང་དྲིས་ལན་ལས་རེ་བདུན་ཏེ་དབུལ་ཕོངས་མི་གྲངས་ཁྲོད་སྨན་ཁང་དུ་ཞག་སྡོད་བྱས་ན་གྲོན་དངུལ་ཇེ་དམའ་གཏོང་བའི་སྣ་དྲུག་ནི་གང་དག་ཡིན་པ།

དབུལ་ཕོངས་མི་གྲངས་ཁྲོད་སྨན་ཁང་དུ་ཞག་སྡོད་བྱས་ན་གྲོན་དངུལ་ཇེ་དམའ་གཏོང་བའི་སྣ་དྲུག་ནི་གང་དག་ཡིན་ཞེ་ན།དབུལ་ཕོངས་མི་གྲངས་ཁྲོད་སྨན་ཁང་དུ་ཞག་སྡོད་བྱས་ན་གྲོན་དངུལ་ཇེ་དམའ་གཏོང་བའི་སྣ་དྲུག་ནི་རྟག་དཔྱད་རིན་དང་རྩ་བརྟག་པའི་རིན།ལུས་པོར་རྟག་དཔྱད་བྱས་པའི་རིན།གཟི་སྨན་རིན།གཤགས་བཅོས་རིན།ཞག་སྡོད་རིན།སྨན་ཁང་གི་མལ་ཁྲིའི་རིན་གོང་བཅས་བརྒྱ་ཆའི་བཅུ་ཇེ་དམའ་རུ་གཏོང་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།